Tibetan Royal Year of 2151 | Year of the Wood Dragon

ཀིརྟི་དགོན་པའི་དགེ་འདུན་པ་ཞིག་འཛིན་བཟུང་།

Tibetan News Headlines

  • HHDL gives audience to devotees of Dipankara Buddhist Centre
  • Taiwan’s new president takes office, calls on China to cease hostile actions
  • Tibetan delegation attends Lai Ching-te’s swearing-in ceremony, meets newly re-established parliamentary group for Tibet
  • US urges China to immediately account for Panchen Rinpoche’s whereabouts and well-being
  • Is the Panchen Lama alive or dead? Tashi Lhunpo’s Deputy Abbot speaks at FCCC

རེས་གཟའ་ཟླ་བ། ༢༠༢༤།༠༥།༢༠

  • སྟོང་ཉིད་ཀྱི་ལྟ་བ་དང་བྱང་ཆུབ་ཀྱི་སེམས་ནི་སྟོན་པའི་བསླབ་བྱ་གཙོ་བོ་དེ་ཡིན་པ་བཀའ་བསྩལ་འདུག
  • ཐེ་ཝན་མི་མང་གི་རང་ཐག་རང་གཅོད་ཀྱི་སྙིང་སྟོབས་ལ་ཆེ་བསྟོད་དང་རྒྱ་གཞུང་ལ་དྲག་པོའི་འཇིགས་སྐུལ་མཚམས་འཇོག་དགོས་པའི་སྐུལ་འདེབས།
  • ཐེ་ཝན་སྲིད་འཛིན་གྱི་དམ་འབུལ་མཛད་སྒོར་བོད་མིའི་བཀའ་སྤྱི་གཉིས་ཀྱི་སྐུ་ཚབ་ལྷན་ཞུགས།
  • ཨ་རི་གཞུང་གིས་༸པཎ་ཆེན་རིན་པོ་ཆེ་མཆོག་གང་དུ་ཡོད་མེད་དང་སྐུ་ཁམས་བདེ་ཐང་ཡིན་མིན་གསལ་བཏོན་དགོས་པའི་ཞུ་སྐུལ།
  • ༸པཎ་ཆེན་རིན་པོ་ཆེ་གློད་བཀྲོལ་དགོས་པ་སོགས་དོན་ཚན་ལྔ་ཅན་གྱི་རེ་འབོད།

རྔ་བ་ཀིརྟི་དགོན་གྱི་གྲྭ་པདྨ་ཞུ་བ་ཞིག་གིས་རྒྱ་གཞུང་གི་དྲག་པོའི་སྲིད་བྱུས་ལ་ཞི་རྒོལ་གནང་བར་རྒྱ་ནག་ཉེན་རྟོག་པས་འཛིན་བཟུང་བྱས་འདུག་པ་དང་ད་ལྟའི་ཆར་ཁོང་གི་གནས་སྟངས་ཇི་ཆགས་སོགས་ཀྱི་ཞིབ་ཕྲའི་གནས་ཚུལ་གང་ཡང་ཤེས་རྟོགས་མེད་པར་གྱུར་འདུག

དེ་ཡང་དེ་རིང་སྔ་དྲོར་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་དུས་བབ་གསར་ཁང་གིས་གྲྭ་པདྨ་ལགས་ཀྱི་འདྲ་པར་དང་སྦྲགས་ཏེ་དེ་འབྲེལ་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར་ཕྱི་ཟླ་ ༣ ཚེས་ ༢༦ ཉིན་བོད་རྔ་བ་སོ་རུ་མ་ཡུལ་ཚོ་ནས་ཡིན་པའི་རྔ་བ་ཀིརྟི་དགོན་གྱི་གྲྭ་པདྨ་ཞུ་བ་ཞིག་གིས་ཁུལ་དེའི་དཔའ་བོའི་སྲང་ལམ་དུ་ཕྱག་ཏུ་༸གོང་ས་མཆོག་གི་༸སྐུ་པར་མཐོང་གྲོལ་རིན་པོ་བསྣམས་ཏེ་རྒྱ་གཞུང་གི་དྲག་པོའི་སྲིད་ཇུས་ལ་ཞི་རྒོལ་གྱི་སྐད་འབོད་ཤུགས་ཆེ་བྱས་སྟབས། རྒྱ་གཞུང་ཉེན་རྟོག་མི་སྣས་དེ་མ་ཐག་ཁོང་འཛིན་བཟུང་བཙན་ཁྲིད་བྱས་འདུག་པ་དང་། ཁོང་གི་གྲྭ་ཤག་གི་གཙོས་པའི་ས་གནས་སུ་དམག་མི་མང་པོ་འགྲེམས་འཇོག་གིས་དམ་དྲག་ཤུགས་ཆེ་རུ་བཏང་ཡོད་པ་རེད་འདུག

ད་ཆ་རྒྱ་གཞུང་གིས་བོད་གཞིས་བྱེས་གཉིས་ཀྱི་འབྲེལ་ལམ་ལ་སྔར་ལྷག་དམ་དྲག་ཤུགས་ཆེར་བྱེད་བཞིན་ཡོད་སྟབས། ད་ལྟའི་ཆར་ཁོང་གིས་ཞི་བའི་རྔམ་སྟོན་གནང་བའི་འདྲ་པར་དང་རྙན་པར་གང་ཡང་ཕྱི་གྱར་བྱུང་མེད་པ་དང་། ཞི་རྒོལ་ཁྲོད་ཁོང་གིས་འབོད་ཚིག་གང་བསྒྲགས་ཡོད་པ་དང། ཁོང་གི་ནང་མི་ཉེ་འབྲེལ་རྣམས་ཀྱིས་གནས་སྟངས། དེ་བཞིན་ས་གནས་གང་དུ་བཙོན་འཇུག་བཀག་བསྐྱིལ་བྱས་ཡོད་མེད་སོགས་ཞིབ་ཕྲའི་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད་འདུག

སྤྱིར་དཔའ་བོའི་སྲང་ལམ་ཞེས་པ་དེ་བཞིན་རྔ་བ་ཀིརྟི་དགོན་པའི་ཉེ་འདབས་སུ་ཆགས་ཡོད་པ་དང་། དེ་ནི་ས་གནས་བོད་མི་རྣམས་ཀྱི་ཚོང་ལས་གཉེར་སའི་ས་ཚིགས་གལ་ཆེ་ཞིག་ཆགས་ཀྱི་ཡོད་པ་དེ་ལྟར་ཡང་། ཕྱི་ལོ་ ༢༠༠༩ ལོར་གྲྭ་བཀྲ་བྷེ་ལགས་ནས་དབུ་འཛུགས་ཀྱིས་ད་བར་ཁུལ་དེའི་བོད་མི་སེར་སྐྱ་དུ་མས་སྲང་ལམ་དེ་ཉིད་ཐོག་ ༧གོང་ས་མཆོག་གི་སྐུ་པར་བསྣམས་ཏེ་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་དང་། ལྷག་པར་བོད་མི་མང་པོས་ས་གནས་དེར་རང་ལུས་མེར་བསྲེག་བཏང་བར་བརྟེན་བོད་མི་ཚོས་གཞུང་ལམ་དེར་དཔའ་བོའི་སྲང་ལམ་ཞེས་མིང་བཏགས་ཡོད་པ་དང་ཆབས་ཅིག ལོ་ཤས་ནས་ས་གནས་དེར་རྒྱ་གཞུང་གིས་བོད་མི་ཚོར་ཚོང་ལས་གཉེར་བཅུག་གི་མེད་པའི་ཁར་དམག་མི་ཕོན་ཆེ་འགྲེམ་འཇོག་གིས་ས་གནས་བོད་མི་ཚོའི་འགྲོ་འདུག་སྤྱོད་གསུམ་ལ་ལྟ་སྲུང་ནན་པོ་བྱེད་བཞིན་ཡོད་པ་རེད།

རྩ་བའི་གྲྭ་པདྨ་ལགས་ནི་རྔ་བ་སོ་རུ་མ་ཡུལ་ཚོ་ནས་ཡིན་ཞིང་། ད་ལྟ་རྔ་བ་ཀིརྟི་དགོན་གྱི་བཀའ་རམས་བཅུ་པའི་འཛིན་གྲྭའི་ནང་སློབ་གཉེར་གནང་བཞིན་ཡོད་པ་མ་ཟད། ཀིརྟི་དགོན་པའི་ནང་བསྟན་སྔོན་འགྲོའི་སློབ་གཉེར་ཁང་གི་དགེ་རྒན་གྱི་ཕྱག་ལས་ཀྱང་གནང་བཞིན་ཡོད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།