Tibetan Royal Year of 2151 | Year of the Wood Dragon

ཁམས་འབྲི་རུ་རྫོང་གི་ཛ་དྲག་གི་གནས་སྟངས་ལ་གདུང་སེམས་མཉམ་སྐྱེད།

Tibetan News Headlines

  • US lawmakers pledges support for Taiwan with bipartisan visit
  • Rising Waters Transform the Tibetan Plateau Into an Unpredictable Future
  • ‘TAR’ assures better efficiency of processing documents for foreign visitors entering the region
  • ALALAMO: Sad Song Of Whirled Tears by recently arrested Tibetan singer Gegjom Dorjee

རེས་གཟའ་མིག་དམར། ༢༠༢༤།༠༥།༢༨

  • ཨ་རིའི་གྲོས་ཚོགས་འཐུས་མི་ཁག་གཅིག་ཐེ་ལྦན་དུ་ཕེབས་འབྱོར་བྱུང་འདུག
  • བོད་མཐོ་སྒང་གི་ཆུ་ཚད་འཕར་བཞིན་པས་འབྱུང་འགྱུར་ཁོར་ཡུག་གི་གནས་སྟངས་ལ་སྔོན་དཔགས་མི་ཐུབ་པ་གསུངས་འདུག
  • རྒྱ་གཞུང་གིས་བོད་ནང་དུ་ཕྱིའི་རྒྱལ་ཁབ་ཀྱི་ཡུལ་སྐོར་བ་བསླེབ་རྒྱུའི་ལས་དོན་ལས་སླ་རུ་གཏང་འཆར་ཡོད་པ་བརྗོད་འདུག
  • ཨ་ལ་ལ་མོའི་ལེ་ཚན། གླུ་བ་བགེགས་འཇོམས་རྡོ་རྗེ་ལགས་ཀྱིས་བླངས་པའི་སྐྱོ་གླུ་མཆི་མ་དགུ་འཁྱིལ།

ཁ་སང་ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༣ དགོང་མའི་ཆུ་ཚོད་ ༥།༣༠ ཐོག་མེག་གྷན་ཁྲོམ་གཞུང་དུ་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔ་ཐུན་མོང་གིས་གོ་སྒྲིག་འོག་བོད་འབྲི་རུ་རྫོང་གི་ཛ་དྲག་གནས་སྟངས་ལ་གདུང་སེམས་མཉམ་བསྐྱེད་མཚོན་པའི་མར་མེའི་ཁྲོམ་སྐོར་གྱི་ལས་འགུལ་ཞིག་སྤེལ་སོང་།
སྐབས་དེའི་མར་མེ་ཁྲོམ་སྐོར་གྱི་སྐབས་སུ་བོད་མི་མང་སྤྱི་འཐུས་ཁག་ཅིག་གི་གཙོ་བྱས་པའི་འཞུང་འབྲེལ་མིན་པའི་ཚོགས་སྐྱིད་ཁག་གི་ཚོགས་མི་རྣམས་དང་བཞུགས་སྒར་ཁུལ་གྱི་བོད་མི་མང་དག་ཅིག་གིས་འཛུལ་ཞུགས་ཐོག རྒྱ་ནག་གི་བཙོན་ཁང་ནས་གཅར་རྡུང་མྱངས་ཏེ་ཚེ་སྲོག་ཤོར་བའི་འབྲི་རུ་རྫོང་གི་བྱིས་པ་གསུམ་གྱི་ཨ་མ་ལྷ་མོ་ལགས་དང་། དེ་བཞིན་རྒྱ་ནག་གི་བཙོན་ཁང་གི་ནང་དུ་བཞུགས་མུས་ཀྱི་ཁོང་གི་སྤུན་མཆེད་བསྟན་འཛིན་ཐར་བ་དང་ཞྭ་མོ་ནག་པོ་ལེན་མཁན་གྱི་གླུ་བ་ལྷུན་གྲུབ་ལགས་གསུམ་གྱི་སྐུ་པར་བསྣམས་པའི་ཐོག བསྔོ་སྨོན་གསུངས་འདོན་གྱི་དབྱངས་རྟ་གྱེར་ཏེ་མེག་གྷན་ཁྲོམ་གཞུང་དུ་མར་མེ་ཁྲོམ་སྐོར་གཞི་རྒྱ་ཆེ་བ་ཞིག་གནང་སོང་།
ཁྲོམ་གཞུང་དུ་སྐོར་བ་གསུམ་བསྐྱོན་རྗེས། དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་འགྲུབ་ལགས་ཀྱིས་ད་ལྟའི་ཁམས་འབྲི་རུ་རྫོང་གི་ནང་དུ་རྒྱ་ནག་གི་ལྐོག་གཡོ་ངན་ཇུས་ཀྱི་དྲག་གནོན་ཆེས་ཆེར་སྤེལ་བཞིན་པའི་ཛ་དྲག་གི་གནས་སྟངས་དང་འབྲེལ་ནས་གཏམ་བཤད་གནང་སྟེ། ད་ཆ་ཁམས་འབྲི་རུ་རྫོང་དེ་དམྱལ་བ་མི་ཡུལ་དུ་མྱོངས་བའི་གཉའ་གནོན་བཤུ་གཞོག་གི་གནས་སྟངས་ཤིག་གི་འོག་ཏུ་ལྷུང་ཡོད་སྟབས། བྱེས་གྱར་བོད་མི་རྣམས་ཀྱིས་ཁུལ་དེར་དྲག་གནོན་གྱི་འོག་ན་འཚོ་བཞིན་པའི་བོད་རིགས་སྤུན་ཟླ་སྤྱི་དང་། སྒོས་སུ་ཉེ་ཆར་རང་འཛིན་བཟུང་བཀག་སྐྱིལ་གྱིས་གཅར་རྡུང་འོག་ནས་ཚེ་སྲོག་ཤོར་བའི་ལྷ་མོ་ལགས་དང་། དེ་བཞིན་མ་ཉེས་ཁག་གཡོགས་ཀྱིས་བཙོན་འཇུག་བྱས་ཡོད་པའི་བསྟན་འཛིན་ཐར་བ་་དང་ལྷུན་འགྲུབ་གྲགས་པ་སོགས་ཀྱི་མཚོན་པའི་བོད་མི་རྣམས་ལ་གདུང་སེམས་མཉམ་སྐྱེད་ཀྱིས། རྒྱལ་སྤྱའི་ཚོགས་སྡེ་རྣམས་ཀྱིས་བོད་ནང་གི་དངོས་ཡོད་གནས་ཚུལ་ལ་རྒྱུས་ལོན་གནང་བ་བརྒྱུད་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་ཆ་རྐྱེན་གང་ཡང་མེད་པའི་ཐོག་འཕྲལ་དུ་གློད་གྲོལ་ཐོབ་རྒྱུར་སྐུལ་འདེད་གནང་སོང་།
དེ་བཞིན་སྐབས་དེར། རྒྱ་ནག་གི་བཙོན་ཁང་གི་ནང་དུ་གཅར་རྡུང་དྲག་པོའི་འོག་རྐྱེན་འདས་སུ་ཕྱིན་པའི་བོད་མི་ལྷ་མོ་ལགས་ཀྱི་སྤུན་མཆེད། བཀྲ་ཤིས་དོན་འགྲུབ་ལགས་ཀྱིས་ཁམས་འབྲི་རུ་རྫོང་ནི་སྤྱི་ཡོངས་ཀྱི་ཆ་ནས་བོད་ཁུལ་དུ་དམ་དྲག་ཆེས་ཆེ་བའི་ས་ཁུལ་ཞིག་ཆགས་ཡོད་པར་འགྲེལ་བརྗོད་ཀྱིས། ཁོང་ཉིད་རྒྱ་གར་ཏུ་སླེབས་ནས་མི་ལོ་ཧྲིལ་བོ་དགུ་ཙམ་ཕྱིན་པའི་རིང་ལ། ནང་མི་སྤུན་མཆེད་སུ་ཞིག་ལ་ཡང་སྐད་ཆ་ཚིག་གཅིག་ཀྱང་བཤད་རྒྱུ་མ་བྱུང་བའི་གནས་སྟངས་ངོ་སྤྲོད་གནང་བ་དང་སྦྲགས། ཉེ་ཆར་རྒྱ་ནག་གི་བཙོན་འོག་ནས་ཚེ་སྲོག་ཤོར་བའི་ཁོང་གི་སྤུན་མཆེད་ལྷ་མོ་ལགས་དང་། དེ་བཞིན་བཀག་སྐྱིལ་གྱི་འོག་ཏུ་ཡོད་པའི་གྲགས་པ་དང་ཐར་བ་སོགས་མ་ཉེས་ཁག་གཡོགས་ཀྱི་འོག་ནས་འཛིན་བཟུང་བྱས་ཡོད་པ་ཞིག་ཡིན་སྐོར་གྱི་བསྒྲགས་གཏམ་སྤེལ་སོང་།
གཏམ་བཤད་ཀྱི་ལས་རིམ་རྫོགས་མཚམས་སུ། བརྙན་སྟོན་འཕྲུལ་ཆས་བརྒྱུད་ནས། གླུ་བ་ལྷུན་འགྲུབ་གྲགས་པ་ལགས་ཀྱིས་བླངས་བའི་ལྷག་བསམ་དྲང་བདེན་ཆེ་བའི་མི་རིགས་ཤིག་ལ། གཡོ་སྒྱུའི་ཞྭ་མོ་ནག་པོ་བཙན་གྱིས་གཡོགས་སོང་། ཞེས་པའི་གླུ་གཞས་དེ་མི་མང་ལ་གཟིགས་འབུལ་གྱིས། གདུང་སེམས་མཉམ་སྐྱེད་ཀྱི་མར་མེ་ཁྲོམ་སྐོར་གྱི་ལས་རིམ་དེ་མཇུག་སྒྲིལ་སོང་།

འབྲེལ་ཡོད་གསར་གནས།

གསར་གནས།