Tibetan Royal Year of 2151 | Year of the Wood Dragon

ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་ལ་མང་གཙོའི་གཟེངས་རྟགས་ཐོབ་པ།

Tibetan News Headlines

  • India elections and Tibet : Discussion

རེས་གཟའ་ཉི་མ། ༢༠༢༤།༠༥།༡༩

  • རྒྱ་གར་གྱི་འོས་བསྡུ་ཆེན་མོའི་ཁ་ཕྱོགས་དང་བོད་ཀྱི་གནས་བབ་སྐོར་གླེང་མོལ།

ཟླ་བ་འདི་ཕྱི་ཚེས་ ༡༤ ཉིན་ ཨ་རིའི་རྒྱལ་ས་ Washington DC ནང་རྟེན་གཞི་བྱས་པའི་ National Endowment for Democracy ཞེས་རྒྱལ་ཡོངས་མང་གཙོ་གོང་འཕེལ་བསྟི་གནས་ཁང་གི་ ༢༠༢༣ ལོའི་མང་གཙོའི་གཟེངས་རྟགས་གང་ཟག་གཅིག་གི་སྙིང་སྟོབས་ཞེས་པ་དེ་བོད་ཀྱི་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་ལ་གནང་འདུག

རྩ་བའི་རྒྱལ་ཡོངས་མང་གཙོ་གོང་འཕེལ་བསྟི་གནས་ཁང་གི་གཟེངས་རྟགས་དེ་ཉིད་མང་གཙོའི་ལས་དོན་གྱི་ཆེད་དུ་ཕྱག་ལས་གནང་མཁན་གང་ཞིག་འཛིན་བཟུང་བཙོན་འཇུག་དང་། ཡང་ན། རང་སྲོག་བློས་བཏང་གནང་མཁན་གྱི་མང་གཙོ་དོན་གཉེར་བར་མངོན་བསྟོད་ཚུལ་དུ་གཟེངས་རྟགས་དེ་གནང་སྲོལ་ཡོད་པ་རེད།

National Endowment for Democracy ཞེས་རྒྱལ་ཡོངས་མང་གཙོ་གོང་འཕེལ་བསྟི་གནས་ཁང་གི་ ༢༠༢༣ ལོའི་མང་གཙོའི་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོའི་སྐབས་བོད་ཀྱི་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་ཀྱིས་ཕྱི་ལོ་ ༢༠༠༨ ལོར་རྒྱལ་སྤྱིའི་ Olympic རྩེད་འགྲན་སྐབས་བོད་ཀྱི་ས་ཁུལ་ཁག་ཏུ་སྐོར་བསྐྱོད་གནང་ནས་ས་གནས་བོད་མིའི་མངོན་འདོད་མཚོན་པར་བྱེད་པའི་དངོས་འབྱུང་གློག་བརྙན་འཇིགས་བྲལ་ཞེས་པ་དེ་བཟོ་སྐྲུན་གནང་བར་བརྟེན་ནས་རྒྱ་གཞུང་གི་འཛིན་བཟུང་བཙོན་འཇུག་དང་མི་སྤྱོད་ལས་འདས་པའི་གཅར་རྡུང་དྲག་པོ་བཏང་རྗེས་བཙོན་གྲོལ་བཏང་ཡང་། སླར་འཛིན་བཟུང་ཐེངས་གཉིས་བྱས་སོང་ཞེས་གསུངས་པ་དང་འབྲེལ། བོད་ནང་གི་བོད་མི་གཙོས་འཛམ་གླིང་ནང་གི་མང་གཙོ་དང་རང་དབང་ཆེད་ཕྱག་ལས་གནང་མཁན་དུ་མ་ཞིག་དམར་གསོད་བཏང་དང་གཏོང་མུས་ཡིན་པར་མ་ཟད་བཙོན་འཇུག་བྱེད་བཞིན་ཡོད་ཅེས་མངོན་གསལ་གནང་འདུག

དེ་བཞིན་ཁོང་གིས་སྲིད་དབང་སྒེར་གཅོད་པ་རྒྱ་གཞུང་གིས་རྣམ་ཀུན་ནས་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་བཏང་དང་གཏོང་བཞིན་པ་དེ་ལྟར་ནའང་། སྲིད་དབང་སྒེར་གཅོད་པ་ནམ་ཞིག་ཕམ་ཉེས་སུ་འགྲོ་ངེས་ཡིན་པ་དང་མང་གཙོ་དང་རང་དབང་ནི་རྣམ་པར་རྒྱལ་བའི་ཡིད་ཆེས་ཡོད་ཅེས་གསུངས་པ་དང་ཆབས་ཅིག ཁོང་ལ་རྒྱལ་སྤྱིའི་མང་གཙོའི་དོན་གཉེར་བའི་ཚབ་མཚོན་གྱི་མངོན་བསྟོད་གཟེངས་རྟགས་གསོལ་སྩལ་གནང་བར་ཐུགས་རྗེ་ཆེ་ཞེས་དང་། ལྷག་དོན་མང་གཙོ་དང་རང་དབང་ཆེད་དུ་སྐུ་སྲོག་ཤོར་བའི་མང་ཚོགས་རྣམས་ཀྱི་ཆེད་དུ་ཚང་མས་ཐུགས་སྨོན་རྒྱ་གང་ཆེ་གནང་རོགས་ཞེས་གཞེན་སྐུལ་གནང་འདུག་པ་དང་ཆབས་ཅིག ཁོང་གིས་ད་དུང་རྒྱལ་ཡོངས་མང་གཙོ་གོང་འཕེལ་བསྟི་གནས་ཁང་གི་ ༢༠༢༣ ལོའི་མང་གཙོའི་གཟེངས་རྟགས་འབུལ་བཞེས་ཀྱི་གོ་སྐབས་དམ་འཛིན་ཐོག་ནས་མང་གཙོ་ཐོག་ཕྱག་ལས་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞེས་གསུངས་ཡོད།

གཞི་རྩའི་ཨ་རིའི་རྒྱལ་ཡོངས་མང་གཙོ་གོང་འཕེལ་བསྟི་གནས་ཁང་གིས་དྲ་རྒྱར་དེ་འབྲེལ་གནས་ཚུལ་གསལ་ལ། ཕྱི་ལོ་ ༢༠༢༣ ལོ་གཅིག་ནང་ལ་རྒྱལ་ཡོངས་མང་གཙོ་གོང་འཕེལ་བསྟི་གནས་ཁང་གི་ཟུང་སྦྲེལ་པ་དང་གནད་ཡོད་ལས་བྱེད་ ༡༠༠ ལྷག་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་ཆེད་སྲིད་དབང་སྒེར་གཅོད་པས་འཛིན་བཟུང་དང་དམར་གསོད་བཏང་ཡོད་པ་དང་། ཁོང་རྣམས་ནི་འཛམ་གླིང་ཧྲིལ་པོའི་མང་གཙོ་དོན་གཉེར་བའི་ཆ་ཤས་ཤིག་ཡིན་ཅིང་། ཁོང་རྣམས་ཀྱིས་མང་གཙོའི་དོན་དུ་སྙིང་སྟོབས་ཞུམ་པ་མེད་པའི་ཐོག་ནས་ཕྱག་ལས་ཇི་སྙེད་ཅིག་ནང་བ་མངོན་གསལ་གནང་ཡོད།

སུད་སིར་གནས་བཞུགས་བོད་ཀྱི་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་ལ་ཕྱི་ལོ་ ༢༠༡༨ ལོའི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པའི་སྙིང་སྟོབས་གཟེངས་རྟགས་ཕུལ་མྱོང་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

Sunday 19/05/2024

Saturday 18/05/2024

Friday 17/05/2024

གསར་གནས།