Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག་དང་འབྲེལ་བ་སླར་གསོ་གནང་སྐབས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་བློས་བཏང་གནང་རྒྱུ་མེད།

Tibetan News Headlines

  • UK’s Ministry of Defence ‘hacked by China’
  • French lawmakers targeted by Chinese cyberattack demand sanctions, amid Xi visit
  • Bharat Tibbat Sahyog Manch celebrates concluding ceremony of its 25th anniversary
  • Tibet house Japan organizes Tibet festival at Tsukiji Hongwanji temple
  • Rights group protests world’s leading press freedom predators visit to France
  • Alalamo: ‘Gyaling Sey’, by Acho Namgyal

རེས་གཟའ་མིག་དམར། ༢༠༢༤།༠༥།༠༧

  • རྒྱ་གཞུང་གིས་ཨིན་ཡུལ་རྒྱལ་སྲུང་ལྷན་ཁང་ལ་སོ་ཉུལ་བྱས་པ་མངོན་གསལ།
  • ཕྷ་རན་སིའི་གྲོས་ཚོགས་འཐུས་མི་ཁག་གཅིག་གིས་རྒྱ་ནག་གི་དྲ་ལམ་གཏོར་རྒོལ་བ་རྣམས་ལ་སྲིད་དོན་ཉེས་ཆད་བཀལ་དགོས་པའི་འབོད་སྐུལ།
  • རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་དབུ་བརྙེས་ནས་ལོ་ ༢༥ འཁོར་བའི་དུས་དྲན་མཇུག་སྒྲིལ་གྱི་མཛད་སྒོ་འཚོགས་པ།
  • ཉི་འོང་ནང་བོད་ཀྱི་དུས་སྟོན་སྲུང་བརྩི།
  • གསར་འགོད་རང་དབང་ལ་དྲག་གནོན་བྱེད་མཁན་ཆེས་སྡུག་ཤོས་རྒྱལ་ཁབ་ཀྱི་འགོ་ཁྲིད་ France ནང་བསླེབས་པར་ངོ་རྒོལ་བྱས་འདུག
  • ཨ་ལ་ལ་མོ་དམིགས་བསལ་ལས་རིམ། སྟོད་གཞས་རྒྱ་གླིང་སྲས།

བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་ཨོསྟྲེ་ལི་ཡཱའི་ནང་གཞུང་འབྲེལ་འཚམས་གཟིགས་གནང་བཞིན་པའི་ཁྲོད་ཡུལ་དེའི་ངོས་ནས་རྒྱ་ནག་དང་འབྲེལ་བ་སླར་གསོ་གནང་སྐབས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དེ་བློས་བཏང་གནང་རྒྱུ་མེད་པ་དང་། ལོ་གཉིས་ཙམ་གྱི་གོང་ལ་ཨོསྟྲེ་ལི་ཡཱའི་གཞུང་གིས་གཏན་འབེབས་བྱས་པའི་ Magnitsky ལྟ་བུའི་ཉེས་ཆད་ཀྱི་ཁྲིམས་སྒྲིག་དེ་བོད་མིའི་ངོ་བོ་དང་བཅས་པ་རྩ་མེད་གཏོང་ཐབས་བྱེད་བཞིན་པའི་རྒྱ་ནག་གི་འགོ་ཁྲིད་ཚོར་ལག་བསྟར་གནང་དགོས་པར་གསུངས་འདུག

ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་ཕྱི་ཚེས་ ༡༤ ཉིན་ཨོསྟྲེ་ལི་ཡཱའི་ནང་གཞུང་འབྲེལ་འཚམས་གཟིགས་ཆེད་ཕེབས་འབྱོར་གྱིས་ཨོསྟྲེ་ལི་ཡཱའི་རྒྱལ་ས་ Canberra ནང་ཕེབས་ཏེ་ཕྱི་སྲིད་ལས་དོན་དང་འབྲེལ་བའི་ཕྱོགས་འགལ་ཚོགས་པའི་བློན་ཆེན་སྐུ་ཞབས་ Simon Brimingham ལགས་དང་གྲོས་ཚོགས་འཐུས་མི་སྐུ་ཞབས་ Peter Khalil ལགས་བཅས་སོ་སོར་མཇལ་འཕྲད་བརྒྱུད་བོད་དོན་སྐོར་བཀའ་བསྡུར་གནང་བར་མ་ཟད། ཨོསྟྲེ་ལི་ཡཱའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པས་གྲོས་ཚོགས་ཀྱི་ཚོགས་ཁང་ཞིག་ཏུ་གོ་སྒྲིག་གནང་བའི་བོད་དོན་ངོ་སྤྲོད་ཀྱི་གསུང་བཤད་ལས་རིམ་ཐོག་བོད་ནང་གི་ཛ་དྲག་གནས་སྟངས་དང་བོད་རྒྱ་འབྲེལ་མོལ་གྱི་གནས་བབ་སོགས་ཀྱི་སྐོར་ལ་གསུངས་བཤང་གནང་འདུག་པ་དང་། སྐབས་དེའི་ལས་རིམ་ཐོག་ཨོསྟྲེ་ལི་ཡཱའི་གྲོས་ཚོགས་འོག་མའི་ཚོགས་གཞོན་ལྕམ་སྐུ་ Sharon Claydon ལགས་དངཨོ་གླིང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཟུང་སྦྲེལ་ཚོགས་གཙོ་ལྕམ་སྐུ་ Susan Templeman ལགས། གྲོས་ཚོགས་འཐུས་མི་སྐུ་ཞབས་ Dean Smith ལགས། ལྕམ་སྐུ་ Janet Rice ལགས་སོགས་ཆབ་སྲིད་ཚོགས་པ་འདྲ་མིན་གྱི་གྲོས་ཚོགས་འཐུས་མི་དང་འབྲེལ་ཡོད་ལས་བྱེད་སོགས་ནས་མཉམ་ཞུགས་གནང་འདུག

བཀའ་བློན་མཆོག་གིས་ཐེངས་འདི་འཚམས་གཟིགས་དང་འབྲེལ་  The Guardian གསར་ཁང་གི་བཅར་འདྲིའི་ལས་རིམ་ཐོག་ད་རེས་ཨོ་གླིང་གི་གྲོས་ཚོགས་འཐུས་མི་དང་གཞུང་འབྲེལ་གནད་ཡོད་མི་སྣ་རྣམས་དང་མཇལ་འཕྲད་གནང་སྐབས་རྒྱ་གཞུང་གི་དམ་བསྒྲགས་ཆེ་བའི་སྲིད་བྱུས་འོག་བོད་ནང་ཆོས་དད་དང་སྨྲ་བརྗོད་རང་དབང་གཙོས་འགྲོ་བ་མིའི་ཐོབ་ཐང་མེད་པ་དང་། ལྷག་པར་བོད་ཕྲུག་སློབ་མ་རྣམས་རྒྱ་གཞུང་གིས་ཆེད་འཛུགས་བྱས་པའི་གཏན་འཇགས་སློབ་གྲྭ་ཁག་ཏུ་བཅུག་ནས་རང་ཉིད་ཀྱི་ཕ་མ་དང་། སྐད་ཡིག་གཙོས་མི་རིགས་ཀྱི་ངོ་བོ་དང་གཏན་ནས་འབྲེལ་མེད་བཟོ་རྒྱུའི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་སོགས་ད་ལྟའི་བོད་ནང་གི་དངོས་ཡོད་གནས་སྟངས་ཁག་འགྲེལ་བརྗོད་དང་སྦྲགས། ཨོསྟྲེ་ལི་ཡཱའི་གཞུང་དང་གྲོས་ཚོགས་ཀྱིས་རྒྱ་ནག་དང་ལྷན་འབྲེལ་བ་སླར་གནང་སྐབས་ལ་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དེ་དག་ནམ་ཡང་བློས་བཏང་གནང་རྒྱུ་མེད་ཅེས་སྙན་སེང་ཞུས་ཡོད། 

ལྷག་དོན་བཀའ་བློན་མཆོག་གིས་ཨོ་གླིང་དང་རྒྱ་ནག་གཉིས་ཀྱི་འབྲེལ་བ་དེ་ནི་ཕྱི་གསལ་ནང་གསལ་དང་འགན་འཁུར་ལྡན་པ་ཞིག་དགོས་གལ་ཡིན་པ་སོགས་གསུངས་པ་དང་ཆབས་ཅིག་ང་ཚོ་བོད་ཀྱི་འཐབ་རྩོད་ ནི་བདེན་པ་དང་དྲང་བདེན་གྱི་འཐབ་རྩོད་ཅིག་ཆགས་ཡོད་སྟབས་ཨོ་གླིང་གཞུང་ནས་བོད་དོན་འཐབ་རྩོད་ཐོག་རྒྱབ་སྐྱོར་དང་འགན་འཁུར་ཆེ་ཙམ་བཞེས་གནད་ཡིན་པར་མ་ཟད། ཨོསྟྲེ་ལི་ཡཱའི་གཞུང་གིས་དེ་སྔ་གཏན་འབེབས་བྱས་པའི་ཨ་རིའི་ Magnitsky Act ལྟ་བུའི་ཉེས་ཆད་ཀྱི་ཁྲིམས་གཞི་དེ་བོད་མིའི་ངོ་བོ་དང་བཅས་པ་རྩ་མེད་གཏོང་ཐབས་བྱེད་བཞིན་པའི་རྒྱ་ནག་གི་འགོ་ཁྲིད་ཚོར་ལག་བསྟར་གནང་དགོས་པའི་ཞུ་སྐུལ་ཡང་གནང་འདུག

རྩ་བའི་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་ཨོ་གླིང་རྒྱལ་ཁབ་ནང་ཕེབས་པ་འདི་ནི་བཀའ་བློན་གྱི་ཐུགས་འགན་བཞེས་རྗེས་ཡུལ་དེའི་ནང་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་པ་ཐོག་མ་དེ་ཆགས་ཡོད། 

ཨོ་གླིང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཟུང་སྦྲེལ་ཚོགས་གཙོ་ལྕམ་སྐུ་ Susan Templeman ལགས་ཀྱིས་ཨོ་གླིང་གྲོས་ཚོགས་ནང་བཀའ་བློན་མཆོག་ཨོ་གླིང་དུ་ཕེབས་པར་དགའ་བསུ་ཞུས་པ་དང་ལྷན་རྒྱ་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏོང་བཞིན་པའི་གནས་སྟངས་ཁག་སྙན་སེང་དང་སྦྲགས་ཏེ། ཨོ་གླིང་གཞུང་གིས་ཀྱང་བོད་དང་བོད་མིའི་གནད་དོན་ལ་དགོངས་པ་ཆེ་ཙམ་བཞེས་དགོས་ཞེས་གསུངས་འདུག  

གྲོས་ཚོགས་འཐུས་མི་སྐུ་ཞབས་ Dean Smith ལགས་ཀྱིས་ཀྱང་རྒྱ་གཞུང་གི་བྱེད་བབ་ཁག་ཐེར་འདོན་དང་སྦྲགས། ཨོ་གླིང་གཞུང་དང་འབྲེལ་ཡོད་རྣམས་ནས་བཀའ་བློན་མཆོག་གིས་ཞུ་སྐུལ་ཞུས་པ་ཁག་གསན་ཏེ་ཕྱི་ཟླ་དང་པོའི་ནང་་རྒྱལ་ཚོགས་ཀྱི་རྒྱ་ནག་ཐོག་གི་དུས་བཀག་བསྐྱར་ཞིབ་ཀྱི་ལས་རིམ་བསྐྱང་སྐབས་རྒྱ་ནག་ལ་བོད་ནང་གི་གནད་དོན་ཐོག་འདྲི་རྩད་ནན་པོ་གནང་དགོས་པར་གསུངས་འདུག 

རྩ་བའི་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་ཨོ་གླིང་གི་རྒྱལ་ས་ Canberra ནང་མ་ཕེབས་པའི་གོང་ལ་གྲོང་ཁྱེར་ Sydney ནང་རྟེན་གཞི་བྱས་པའི་ Lowy ལྟེ་གནས་ཁང་དུ་ད་ལྟའི་བོད་ནང་གི་དངོས་ཡོད་གནས་སྟངས་དང་། རྒྱ་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་པོའི་སྲིད་བྱུས། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་ནས་བོད་རྒྱའི་དཀའ་རྙོག་སེལ་རྒྱུར་འབད་བཞིན་ཡོད་པ་སོགས་གསུང་བཤད་གནང་འདུག་པ་དང་། ཨོ་གླིང་ནང་གི་མཛད་རིམ་ཁག་གྲུབ་མཚམས་བཀའ་བློན་མཆོག་ New Zealand རྒྱལ་ཁབ་ཏུ་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་ཀྱི་ཡོད་པ་རེད།  

འབྲེལ་ཡོད་གསར་གནས།

གསར་གནས།