Tibetan Royal Year of 2151 | Year of the Wood Dragon

བྷཡི་ཌན་གྱིས་བོད་དོན་གླེང་བར་དགའ་བསུ་དང་ད་དུང་གནང་རྒྱུ་མང་པོ་ལྷག་ཡོད་པའི་དྲན་སྐུལ།

Tibetan News Headlines

  • US religious freedom watchdog warns of sinicization and assimilation of Tibetan religious and cultural identities
  • US sanctions 31 China-based companies over Russia
  • Xi Jinping to meet French President Macron and EU Chief in Paris next week
  • CTA begins house allocation programmes for Tibetans not facilitated in the refugee settlements
  • Dharamshala hosts conference on promotion and preservation of Tibetan language

རེས་གཟའ་ཕུར་བུ། ༢༠༢༤།༠༥།༠༢

  • རྒྱ་གཞུང་གིས་བོད་བརྒྱུད་ནང་བསྟན་ལ་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་མངོན་གསལ་གནང་འདུག
  • ཨ་རིའི་གཞུང་གིས་རྒྱ་ནག་གི་བཟོ་ཚོང་ལས་ཁང་ ༣༡ ལ་སྲིད་དོན་ཉེས་ཆད་བཀལ་བ།
  • ཞི་ཅིང་ཕིང་གིས་ཕ་རན་སིའི་སྲིད་འཛིན་དང་ཡོ་རོབ་མཐུན་ཚོགས་ཀྱི་གཙོ་འཛིན་ཐུག་འཕྲད་བྱ་འཆར།
  • བོད་མི་སྡོད་ཁང་མེད་པ་རྣམས་ལ་རུབ་སྡོད་གཞིས་སྒར་ནང་སྡོད་ཁང་བགོས་འགྲེམས་ཀྱི་ལས་གཞི་དངོས་སུ་དབུ་འཛུགས།
  • བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་དར་འཕེལ་སྐོར་བགྲོ་གླེང་དབུ་འཛུགས།

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཨ་རི་སྲིད་འཛིན་བྷཡི་ཌན་མཆོག་ནས་ཞི་ཅིན་ཕིང་དང་ཐུག་འཕྲད་སྐབས་བོད་དོན་གླེང་སློང་གནང་བར་དགའ་བསུ་དང་སྦྲགས། ད་དུང་རྒྱ་ནག་གཞུང་ལ་བོད་རྒྱ་གྲོས་མོལ་སྐོར་གནོན་ཤུགས་སྤྲད་དགོས་པ་གལ་ཡིན་པ་གསུངས་འདུག

དེ་ཡང་ཁ་སང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས། འདི་ཚེས་ ༡༥ ཉིན་ཨ་རིའི་ཕོ་བྲང་དཀར་པོ་ནས་བྷཡི་ཌན་དང་ཞི་ཅིན་ཕིང་གཉིས་ཐུག་འཕྲད་དང་འབྲེལ་བསྒྲགས་གཏམ་ཞིག་སྤེལ་བ་དེའི་ནང་། ཨ་རིའི་སྲིད་འཛིན་མཆོག་གིས་རྒྱལ་སྤྱིའི་ཡོངས་ཁྱབ་ཀྱི་འགྲོ་བ་མིའི་ཐོབ་ཐང་གླེང་སློང་དང་ཆབས་ཅིག རྒྱལ་ཁབ་ཚང་མའི་ངོས་ནས་སོ་སོས་ཁས་ལེན་བྱས་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཐོག་འགན་འཁུར་དགོས་ཞེས་གསུངས་པ་དང་འབྲེལ། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་དང་ཤར་ཏུར་ཀིས་ཏན། དེ་བཞིན་ཧོང་ཀོང་བཅས་ཀྱི་ནང་དུ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་གནད་དོན་ཐོག་བློ་འཚབ་མངོན་གསལ་གནང་བར་དགའ་བསུ་ཞུས་འདུག་མ་ཟད། དེ་ནི་ཨ་རིའི་སྲིད་འཛིན་མཆོག་གིས་གོམ་སྟབས་ཡག་པོ་ཞིག་ཡིན་མོས་ད་དུང་དེ་ལས་གནང་རྒྱུ་མང་བ་ལྷག་ཡོད་པ་གསུངས་འདུག

དེ་བཞིན་ཐུག་འཕྲད་དེ་ནི་ཛ་དྲག་གི་དུས་སྐབས་ཤིག་ཡིན་པ་དང་། རྒྱ་གཞུང་གིས་བོད་ནང་དམ་བསྒྲགས་དང་བོད་རྒྱ་སྒྱུར་གྱི་སྲིད་བྱུས་མཚོན་པའི་ཡ་ང་སྙིང་རྗེ་མེད་པའི་ཐོག་ནས་བོད་འདི་བཙན་བཟུང་བྱེད་བཞིན་ཡོད་པར་ཨ་རིའི་སྲིད་འཛིན་མཆོག་གིས་ཞི་ཅིན་ཕིང་དང་ལྷན་དུ་དེ་འབྲེལ་གནད་དོན་ཐད་ཀར་གླེང་སློང་གནང་རྒྱུ་ནི་ཆེས་གལ་འགངས་ཆེན་པོ་ཞིག་ཆགས་ཀྱི་ཡོད་ཅིང་། བོད་དང་ཡུ་གུར་གཙོས་པའི་རྒྱ་ནག་རང་ཉིད་ཀྱི་མི་རིགས་རྣམས་ཀྱང་རྒྱ་གཞུང་གི་གནོན་ཤུགས་འོག་ལེགས་བཅོས་དང་དཀའ་སྡུག་གླེང་སློང་བྱ་རྒྱུའི་རང་དབང་མེད་པ་ཐེར་འདོན་དང་འབྲེལ། ཞི་ཅིན་ཕིང་གཙོ་བོར་གྱུར་བའི་རྒྱ་ནག་གི་དཔོན་རིགས་རྣམས་ནས་དཀའ་ངལ་གྱི་འབོད་སྒྲ་དེ་དག་ངེས་པར་དུ་ཉན་དགོས་པའི་བརྡ་ལན་དང་། དེ་ཉན་དུ་བཅུག་པར་ཨ་རིའི་སྲིད་གཞུང་གིས་གནོན་ཤུགས་སྤྲད་དགོས་པའི་འབོད་སྐུལ་ཞུས་འདུག

མ་ཟད་སྲིད་འཛིན་བྷཡི་ཌན་མཆོག་གིས་དེ་སྔོན་ཕྱི་ལོ་ ༢༠༢༠ ལོར་ཐོག་མ་འོས་བསྡུར་བཞེངས་སྐབས་བོད་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་གནས་བབ་ཐོབ་ཆེད་བོད་རྒྱ་གྲོས་མོལ་གྱི་གནད་དོན་ཐོག་རྒྱ་ནག་ལ་གནོན་ཤུགས་སྤྲད་རྒྱུ་ཡིན་ཞེས་ཁས་ལེན་གནང་ཡོད་པ་བཞིན། དེ་འབྲེལ་གནང་དགོས་པའི་བསྐྱར་ནན་དང་། དེའང་ཕྱི་ལོ་ ༢༠༠༢ ལོར་ཨ་རིའི་གྲོས་ཚོགས་ནས་གཏན་འབེབས་གནང་བའི་ Tibet Policy Act 2002 ཞེས་ཨ་རིའི་བོད་དོན་ཁྲིམས་འཆར་དང་། ཕྱི་ལོ་༢༠༢༠ ལོར་ Tibetan Policy and Support Act ཞེས་ཨ་རིའི་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་གསར་པ་བཅས་ཀྱི་དགོངས་དོན་བཞིན་བོད་ཀྱི་གནད་དོན་དང་བོད་རྒྱ་གྲོས་མོལ་གླེང་སློང་བྱ་རྒྱུ་དེ་ནི་ཨ་རིའི་ཁྲིམས་ཐོག་ནས་ཁྲིམས་མཐུན་ཞིག་ཆགས་ཀྱི་ཡོད་པ་ནན་བརྗོད་གནང་འདུག

ལྷག་པར་དུ་ཁ་སྔོན་ཞི་ཅིན་ཕིང་ཨ་རིར་འབྱོར་སྐབས་བོད་མིའི་ཞི་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་མཁན་རྣམས་ལ་རྒྱ་ནག་རྒྱབ་སྐྱོར་བས་རྒོལ་འཛིང་བྱས་པའི་གནས་ཚུལ་བྱུང་ཡོད་སྟབས། རྒྱལ་སྤྱིའི་བོད་དོན་ལས་འགལ་ཁང་གིས་བོད་ནང་གི་གཞིས་ལུས་སྤུན་ཟླ་རྣམས་ལ་ངོ་རྒོལ་བྱ་རྒྱུ་རང་དབང་མེད་ཀྱང་། ཨ་རིར་གནས་བཞུགས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ཞེད་སྣང་མེད་པའི་ཐོག་ནས་ཁོང་ཚོས་མགྲིན་ཚབ་བྱ་དགོས་གལ་ཡིན་པ་གསུངས་འདུག

Photograph: Tibetan Review

རྩ་བའི་ཞི་ཅིན་ཕིང་ཨ་རི་ San Francisco གྲོང་ཁྱེར་དུ་འཚོགས་བཞིན་པའི་ Asia-Pacific Economic Cooperation ཞེས་ཨེ་ཤི་ཡ་ཞི་བདེའི་རྒྱ་མཚོ་ཁུལ་གྱི་དཔལ་འབྱོར་མཉམ་མཐུན་གྱི་ཚོགས་ཆེན་ཐོག་སླེབས་པ་ཞིག་ཆགས་ཀྱི་འདུག་པ་དང་། ཁ་སང་ཚོགས་ཆེན་དེའི་དགོང་ཚིགས་སྐབས་ཞི་ཅིན་ཕིང་གིས་རྒྱ་ནག་གི་ངོས་ནས་འཁྲུག་རྩོད་དང་དམག་འཁྲུག་ལ་སྐུལ་སློང་བྱེད་ཀྱི་མེད་ལུགས་ཙམ་མ་ཟད། རྒྱལ་ཁབ་གཞན་གྱི་ས་ཆ་སོར་གཅིག་ཙམ་ཡང་བཙན་བཟུང་བྱས་མེད་ལུགས་བཅས་ཀྱི་འཁྱོག་བཤད་བྱས་ཡོད་པ་དེ་ལྟར་ཡང་། རྒྱ་ནག་གིས་བོད་དང་ཤར་ཏུར་ཀིས་ཏན། ལྷོ་སོག མན་ཇུ་བཅས་བཙན་བཟུང་བྱས་ཡོད་པ་མངོན་གསལ་ཡིན་པ་ཙམ་དུ་མ་ཟད། རྒྱ་གར་གྱི་ས་མཚམས་དང་ཐེ་ཝན་སོགས་ལ་བཙན་འཐབ་བྱེད་བཞིན་པ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཤེས་གསལ་ཡིན་པ་དང་། རྒྱལ་ཁབ་ཁག་གཅིག་གིས་རྒྱ་ནག་འདི་བཞིན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་བདེ་འཇགས་ལ་ཉེན་འཚབ་ཆེན་པོ་ཞིག་ཆགས་ཀྱི་ཡོད་པ་མངོན་གསལ་གནང་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།