Tibetan Royal Year of 2151 | Year of the Wood Dragon

རྒྱ་གཞུང་གིས་ཨིན་ཡུལ་རྒྱལ་སྲུང་ལྷན་ཁང་ལ་སོ་ཉུལ་བྱས་པ་མངོན་གསལ།

Tibetan News Headlines

  • US lawmakers pledges support for Taiwan with bipartisan visit
  • Rising Waters Transform the Tibetan Plateau Into an Unpredictable Future
  • ‘TAR’ assures better efficiency of processing documents for foreign visitors entering the region
  • ALALAMO: Sad Song Of Whirled Tears by recently arrested Tibetan singer Gegjom Dorjee

རེས་གཟའ་མིག་དམར། ༢༠༢༤།༠༥།༢༨

  • ཨ་རིའི་གྲོས་ཚོགས་འཐུས་མི་ཁག་གཅིག་ཐེ་ལྦན་དུ་ཕེབས་འབྱོར་བྱུང་འདུག
  • བོད་མཐོ་སྒང་གི་ཆུ་ཚད་འཕར་བཞིན་པས་འབྱུང་འགྱུར་ཁོར་ཡུག་གི་གནས་སྟངས་ལ་སྔོན་དཔགས་མི་ཐུབ་པ་གསུངས་འདུག
  • རྒྱ་གཞུང་གིས་བོད་ནང་དུ་ཕྱིའི་རྒྱལ་ཁབ་ཀྱི་ཡུལ་སྐོར་བ་བསླེབ་རྒྱུའི་ལས་དོན་ལས་སླ་རུ་གཏང་འཆར་ཡོད་པ་བརྗོད་འདུག
  • ཨ་ལ་ལ་མོའི་ལེ་ཚན། གླུ་བ་བགེགས་འཇོམས་རྡོ་རྗེ་ལགས་ཀྱིས་བླངས་པའི་སྐྱོ་གླུ་མཆི་མ་དགུ་འཁྱིལ།

རྒྱ་ནག་གཞུང་གིས་ཨིན་ཡུལ་དམག་དོན་ལས་ཁུངས་ཀྱི་ལས་མི་ཚོའི་གསང་བའི་གནས་ཚུལ་རྐུ་ཁྱེར་བརྒྱུད་ཡུལ་དེའི་རྒྱལ་སྲུང་ལྷན་ཁང་གི་དྲྭ་རྒྱར་གཏོར་རྒོལ་གྱི་ལས་འགུལ་ཤུགས་ཆེ་སྤེལ་ཡོད་པ་མངོན་གསལ་གནང་འདུག

China Spy

དེ་ཡང་ Sky News གསར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་གཞུང་གིས་ཨིན་ཡུལ་རྒྱལ་སྲུང་ལྷན་ཁང་ལ་ཆེད་དམིགས་ཀྱིས་དྲ་ལམ་གཏོར་རྒོལ་གྱི་ལས་འགུལ་ཐེངས་གཉིས་གསུམ་སྤེལ་བར་ཡིད་ཆེས་གནང་གི་འདུག་ལ། དེ་ནི་ཨིན་ཡུལ་དམག་དཔུང་དང་དམག་མི་རྒན་གྲས་ཁྲི་མང་པོའི་མིང་དང་དངུལ་ཁང་གི་གནས་ཚུལ་གཙོས་པའི་རང་ཉིད་སྒེར་གྱི་ཞིབ་ཕྲའི་གནས་ཚུལ་བཅས་རྐུ་ཁྱེར་བྱས་ཡོད་པ་དང་། ཉེ་ཆར་གསང་བའི་གནས་ཚུལ་དེ་ཤེས་རྟོགས་བྱུང་བར་བརྟེན་འདས་པའི་ཉིན་གསུམ་རིང་འབྲེལ་ཡོད་ལྷན་ཁང་གིས་གསང་མྱུལ་དེའི་གཞི་རྒྱ་ཆེ་ཆུང་ཤེས་རྟོགས་ཡོང་ཐབས་སུ་ཕྱག་ལས་གནང་བཞིན་ཡོད་ཀྱང་ད་བར་དྲ་རྒྱའི་གཏོར་རྒོལ་ཁྲོད་གནས་ཚུལ་གང་ཡང་རྐུ་འཁྱེར་བྱས་མེད་པ་དང་ལས་བྱེད་ཚོར་རང་ཉིད་ཀྱི་བདེ་འཇགས་ལ་སེམས་འཚབ་གནང་མི་དགོས་པའི་ནན་སྐུལ་གནང་འདུག

མ་ཟད་ཨིན་ཡུལ་རྒྱལ་སྲུང་ལྷན་ཁང་ནས་དེ་རིང་རེས་གཟའ་མིག་དམར་ཉིན་ཨིན་ཡུལ་གྱི་གྲོས་ཚོགས་འཐུས་མི་རྣམ་པར་རྒྱ་ནག་གིས་དྲ་ལམ་གཏོར་རྒོལ་བྱས་པའི་ཐད་སྙན་སེང་བྱ་རྒྱུ་ཡིན་སྐོར་འགྲེལ་བརྗོད་དང་འབྲེལ་དེ་ནི་རྒྱ་ནག་གཞུང་དང་འབྲེལ་བ་ཡོད་པའི་མི་སྣར་ཕྱི་ལོ ༢༠༢༡ ནས ༢༠༢༢ བར་ཨིན་ཡུལ་དྲ་ལམ་ཁག་ལ་གསང་འཛུལ་གྱིས་གནོད་འཚེ་ཐེངས་གཉིས་བཏང་བའི་ཉེས་འཛུགས་བྱས་རྗེས་བྱུང་བ་ཞིག་ཡིན་པ་རེད་འདུག

China Spy
Screenshot: Sky News

ཡང་དེའི་བར་ན་ Australia གསང་བའི་ལས་ཁུངས་ཀྱིས་རྒྱ་གཞུང་ནས་ཡུལ་དེའི་གྲོས་ཚོགས་འཐུས་མི་དྲུག་གི་དྲྭ་ཚིགས་སུ་སིམ་འཛུལ་གྱིས་གསང་བའི་གནས་ཚུལ་རྐུ་ཁྱེར་བྱས་ཡོད་པ་ཤེས་རྟོགས་བྱུང་ཡོད་ཀྱང་། དེའི་སྐོར་གྲོས་ཚོགས་འཐུས་མི་རྣམ་པར་སྦས་སྐུང་བྱས་པ་ཕྱིར་གྱར་བྱུང་སྟེ་ཁ་སང་གྲོས་ཚོགས་འཐུས་མི་དེ་དག་ནས་ཐུན་མོང་གི་བསྒྲགས་གཏམ་ཞིག་སྤེལ་ཏེ་ Australia འི་གསང་བའི་ལས་ཁུངས་ནས་མ་འོངས་པར་གནོད་འཚེ་དེ་རིགས་ཡོང་མིན་སྐོར་གྲོས་ཚོགས་འཐུས་མི་རྣམ་པར་སྔོན་བརྡ་གཏོང་རྒྱུའི་འགན་ལེན་གནང་ཡོད་པ་གསུངས་འདུག

དེ་ཡང་དེ་སྔ་ཕྱི་ལོ་ ༢༠༢༠ ལོའི་ཟླ་དཀྱིལ་དུ་ Australia གསང་བའི་ལས་ཁུངས་ཀྱི་མི་སྣ་ལྔས་འབྲེལ་ཡོད་ལས་ཁུངས་ལ་རྒྱ་ནག་གིས་ལོ་དེའི་འགོ་སྟོད་དུ་ Australia གྲོས་ཚོགས་འཐུས་མི་དྲུག་གི་དྲ་རྒྱར་གཏོར་རྒོལ་གྱི་བྱ་སྤྱོད་སྤེལ་ཡོད་པའི་བརྡ་ལན་སྤྲད་ཡོད་པ་མ་ཟད། ཕྱི་ལོ་ ༢༠༢༢ ལོའི་ཟླ་ ༦ ནང་ FBI ཡིས་ Australia དབང་འཛིན་པ་རྣམས་ལ་རྒྱ་གཞུང་དང་འབྲེལ་བ་ཡོད་པའི་དྲ་རྒྱའི་གནས་ཚུལ་སོ་ལྟ་དང་རྐུ་འཁྱེར་བྱེད་མཁན་གྱི་ཚན་པ་ APT31 ཞེས་པ་ཞིག་གིས་ཡུལ་དེའི་གྲོས་ཚོགས་འཐུས་མི་དྲུག་ལ་གནོད་འཚེ་གཏང་རྩིས་བྱས་སྐོར་གྱི་གཞུང་འབྲེལ་སྙན་ཐོ་ཞིག་ཀྱང་སྤྲད་ཡོད་ཀྱང་གང་ལྟར་དབང་འཛིན་པ་དེ་དག་གིས་ Australia སྲིད་གཞུང་དང་གྲོས་ཚོགས་འཐུས་མི་ཚོར་གནས་ཚུལ་དེ་མི་བཤད་རྒྱུའི་ཐག་གཅོད་གནང་སྟེ་ད་ཆ་ལོ་གསུམ་འགྲོ་བཞིན་པའི་མཚམས་འདིར། འདི་ལོའི་ཕྱི་ཟླ་ ༤ ནང་ཨ་རིའི་ཁྲིམས་ཞིབ་ཁང་དང་དབུས་གསང་བའི་ལས་ཁུངས་གཉིས་ཀྱིས་རྒྱ་རིགས་གསང་ཉུལ་བ་བདུན་གྱི་འདྲ་པར་ཡོངས་གྲགས་གནང་བ་དང་སྦྲགས་ཁོ་ཚོས་གནོད་འཚེ་ཅན་གྱི་གློག་འཕྲིན་ཁག་ ༡༠༠༠༠ ལྷག་བཏང་སྟེ་ཨ་རི་དང་དབྱིན་ཡུལ་གཉིས་ཀྱི་གནད་ཡོད་མི་སྣ་དང་ཚོང་ལས་གཉེར་མཁན། དེ་བཞིན་རྒྱ་གཞུང་ལ་སྐྱོན་འཛུགས་བྱེད་མཁན་ཚོར་གསང་ཉུལ་བྱས་པ་ར་སྤྲོད་བྱུང་སྟེ་རྒྱ་ནག་གི་དྲ་རྒྱའི་བཙན་རྒོལ་བ་བདུན་ལ་སྲིད་དོན་ཉེས་ཆད་བཀལ་རྒྱུའི་ཐད་གཅོད་གསལ་བསྒྲགས་སྤེལ་བའི་རྗེས་སུ་ IPAC ཞེས་རྒྱ་ནག་ལ་གདོང་ལེན་གནང་མཁན་གྱི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་མནའ་འབྲེལ་ལྷན་ཚོགས་ཀྱི་ཁོངས་སུ་ཡོད་པ་ Australia གྲོས་ཚོགས་འཐུས་མི་རྣམས་ལའང་རྒྱ་ནག་གི་དྲ་རྒྱའི་གཏོར་རྒོལ་བྱས་ཡོད་པ་གཞི་ནས་ར་སྤྲོད་བྱུང་སྟེ་བསྒྲགས་གཏམ་དེ་ཉིད་སྤེལ་འདུག

China Spy

བསྒྲགས་གཏམ་དེའི་ནང་ཁོང་ཚོས་ཕྱི་ལོ་ ༢༠༢༡ ནས་བཟུང་ Australia གསང་བའི་ལས་ཁུངས་ཀྱིས་ཁོང་ཚོར་དམིགས་འབེན་དུ་བཟུང་བའི་སྐོར་དུས་ནམ་ཡང་ཤེས་རྟོགས་བྱུང་མེད་པ་དང་དེ་ནི་ཆབ་སྲིད་ཚོགས་པ་གཅིག་གམ་གྲོས་ཚོགས་ཀྱི་འཐུས་མི་གཅིག་བཅས་ལ་དམིགས་བཀར་གནང་བ་མིན་པར་ཆབ་སྲིད་ཚོགས་པ་ཐུན་མོང་ལས་གྲུབ་པའི་གྲོས་ཚོགས་འཐུས་མི་རྣམས་ནས་ཁྲིམས་མཐུན་གྱི་མང་གཙོའི་ཐོབ་ཐང་སྤྱད་དེ་རྒྱ་གཞུང་ལ་སྐྱོན་བརྗོད་གནང་མཁན་ Australia གྲོས་ཚོགས་འཐུས་མི་ཡོངས་ལ་རྒོལ་བ་བྱས་པ་ཞིག་ཡིན་པས་དེ་ལ་འོས་ཤིང་འཚམ་པའི་ལན་ཞིག་རྒྱག་དགོས་པའི་ནན་སྐུལ་གནང་འདུག

Australia འི་གྲོས་ཚོགས་འཐུས་མི་དྲུག་པོ་དེ་དག་ལ་ད་ལྟའི་ཆར་གསང་བའི་ལས་ཁུངས་ཁག་ནས་བརྡ་ཐོ་བཏང་ཡོད་པའི་ནང་དུ། གསང་བའི་ལས་ཁུངས་ཁག་ནས་མ་འོངས་པར་དམིགས་སུ་ཁོ་ཚོར་གནོད་འཚེ་གཏོང་ཐབས་དང་། ལྷག་པར་རྒྱལ་ཁབ་ཀྱིས་རོགས་སྐྱོར་བྱས་པའི་ཚོགས་པ་ཁག་གིས་ཁོ་ཚོར་གནོད་འཚེ་གཏོང་ཐབས་བྱེད་པ་སྐོར་ལ་གྲོས་ཚོགས་འཐུས་མི་ཚོར་ངེས་པར་སྙན་སེང་ཞུ་རྒྱུ་ཡིན་ཞེས་འགན་ལེན་གནང་ཡོད་པ་འཁོད་འདུག

China Spy

ད་རེས་རྒྱ་གཞུང་དང་འབྲེལ་བ་ཡོད་པའི་དྲ་རྒྱའི་གནས་ཚུལ་སོ་ལྟ་དང་རྐུ་ཁྱེར་བྱེད་མཁན་གྱི་ཚན་པ་ APT31 ཞེས་པ་དེའི་འོག་ཚུད་པའི་ Australia གྲོས་ཚོགས་འཐུས་མི་དྲུག་པོ་དེ་དག་ནི་ ལགས་དང་། Claire Chandler ལགས། གྲོས་ཚོགས་འཐུས་མི་ Alex Antic ལགས་དང་ David Smith ལགས། དེ་བཞིན་གྲོས་ཚོགས་འཐུས་མི་ Daniel Mulino ལགས་དང་ Tim Wilson བཅས་ཡིན་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།