དཔལ་༸རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་ཞུས་པ།

Tibetan News Headlines

  • Hokkaido Shimizu Town Delegation Visits Tibet House Japan, Presents First Harvest of the Region for His Holiness the Dalai Lama
  • Tibet Advocacy Group Calls on US to Restore Tibetan Broadcasting Services to Counter Chinese Propaganda and Censorship
  • China-Linked UK Businessman Tried to Hire Ex-Met Detective to Investigate MPs Critical of Beijing
  • Nvidia CEO Jensen Huang Admits Affair with Suspected Chinese Spy; Company Launches Investigation
  • Tibetan Representative Jigme Tsultrim Briefs India’s Minority Commission Chairperson on Tibetan Settlements in South India
  • China Expands Media Influence in Thailand Through Partnerships, Propaganda and Diplomatic Pressure, RSF Reports
  • History Feature: Tsarong Dasang Damdul

ཪེས་གཟའ་ཟླ་བ། ༢༠༢༦།༡༡།༠༩

  • ཉི་ཧོང་གྲོང་སྡེ་ཞིག་གི་སྐུ་ཚབ་ཚོ་ཁག་ནས་ས་གནས་དེའི་ལོ་ཏོག་ཐོན་སྐྱེད་ཐོག་མ་༸གོང་ས་མཆོག་ལ་འབུལ་བཞེས་གནང་འདུག
  • རྒྱ་ནག་གི་འཁྱོག་བཤད་དྲིལ་བསྒྲགས་ལ་གདོང་ལེན་སླད་ཨ་རི་གཞུང་གིས་བོད་སྐད་རླུང་འཕྲིན་ཁང་ལ་རྒྱབ་སྐྱོར་བྱེད་དགོས་གལ་ཡིན་པ་གསུངས་འདུག
  • དབྱིན་ཡུལ་ཚོང་པ་ཞིག་གིས་སོ་མྱུལ་བ་གླ་གཡར་བརྒྱུད་རྒྱ་ནག་གི་ཆེད་དུ་དབྱིན་ཡུལ་གྲོས་ཚོགས་འཐུས་མི་ཁག་གཅིག་ལ་གསང་ཉུལ་བྱས་པ་མངོན་གསལ།
  • Nvidia ཁེ་ལས་ཁང་གི་འགན་འཛིན་གྱིས་དོགས་གཞི་ཅན་གྱི་རྒྱ་རིགས་བུད་མེད་སོ་བ་ཞིག་དང་ནང་འབྲེལ་བྱུང་བའི་ཁས་ལེན་བྱས་རྗེས། ཁེ་ལས་ཁང་གིས་ཁོའི་བྱ་སྤྱོད་ལ་ཞིབ་བཤེར་འགོ་འཛུགས།
  • ལྷོ་སྤྱི་ཡིས་རྒྱ་གར་གཞུང་གི་གྲངས་ཉུང་མི་རིགས་ལྷན་ཚོགས་ཀྱི་ཚོགས་གཙོ་དང་མཇལ་འཕྲད་གནང་བ།
  • རྒྱ་གཞུང་གིས་ Thailand ནང་གི་གསར་འགོད་རང་དབང་ལ་དམ་དྲག་ཆེན་པོ་བྱེད་བཞིན་པ་གསལ་སྟོན།
  • བོད་ཀྱི་ལོ་རྒྱུས་ཁྲོད་མི་སྣ་གྲགས་ཅན་ངོ་སྤྲོད། དམག་སྤྱི་ཚ་རོང་ཟླ་བཟང་དགྲ་འདུལ་ལགས་ཀྱི་སྐོར།

༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཨ་རི་ནས་རྒྱ་གར་བར་གྱི་ཆིབས་བསྒྱུར་ཁྲོད་ཉིན་ཤས་རིང་སུད་སིར་སྐུ་ངལ་གསོ་བཞུགས་མཛད་པའི་དུས་སྐབས་འདི་དང་བསྟུན། ཁ་སང་ཕྱི་ཟླ་ ༨ ཚེས་ ༢༥ ཉིན་སུད་སི་ཁུལ་དུ་སྒྲུབ་བརྒྱུད་བསྟན་པའི་གསལ་བྱེད་དཔལ་༸རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་ཞུས་འདུག རིན་པོ་ཆེ་མཆོག་གིས་༸གོང་ས་མཆོག་དང་མཇལ་མོལ་ཞུས་པ་དེ་ནི་ཕྱི་ལོ་ ༢༠༡༧ ལོར་ཀརྨ་པ་རིན་པོ་ཆེ་མཆོག་ཨ་རིར་ཆིབས་བསྒྱུར་གནང་བའི་རྗེས་ཀྱི་ཆེས་ཐོག་མ་དེ་ཡིན་པ་རེད།

HHDL Karmapa

གཞི་རྩའི་༸དཔལ་༸རྒྱལ་དབང་ཀརྨ་པ་མཆོག་ཕྱི་ལོ་ ༢༠༡༧ ལོར་བྱང་ཨ་རིའི་ནང་དུ་ཆིབས་བསྒྱུར་གནང་བའི་རྗེས་ནས་བཟུང་ད་བར་རྒྱ་གར་ལ་ཕྱིར་ཆིབས་བསྒྱུར་མཛད་ཐུབ་མེད་པ་རེད། ཁ་སང་རིན་པོ་ཆེ་མཆོག་གིས་༸གོང་ས་མཆོག་ལ་མཇལ་ཁ་ཞུས་པའི་སྐུ་པར་སྤྱི་ཚོགས་དྲ་ལམ་ནང་ཐོན་ཁྲལ། བོད་མི་མང་པོས་ཚོར་བ་ཆེན་པོའི་ཐོག་དགའ་བསུ་ཞུས་པ་དང་། རིན་པོ་ཆེ་མཆོག་གང་མགྱོགས་རྒྱ་གར་ལ་ཆིབས་བསྒྱུར་མཛད་ཐུབ་པའི་སྨོན་འདུན་ཞུ་མཁན་མངོན་རྒྱུ་འདུག

སྤྱིར་རིན་པོ་ཆེ་མཆོག་གིས་ཕྱི་ལོ་ ༢༠༡༨ ལོར་རྒྱ་གར་དུ་ཕྱིར་ཕེབས་ཐུབ་རྒྱུའི་སླད་དུ་རྒྱ་གར་གཞུང་དང་འབྲེལ་བ་མུ་མཐུད་གནང་ཡོད་ཀྱང་སྐུ་ཉིད་ནས་ Dominica རྒྱལ་ཁབ་ཀྱི་མི་སེར་བཞེས་ཡོད་པར་བརྟེན་རྒྱ་གར་གཞུང་གིས་གནང་བའི་ IC ལག་དེབ་སེར་པོ་དེ་རང་བཞིན་གྱིས་ནུས་མེད་ཆགས་པ་དང་འབྲེལ། ཨ་རིའི་ས་གནས་ New York ནང་རྟེན་གཞི་བྱས་པའི་རྒྱ་གར་གཞུང་ཚབ་ཁང་གིས་དེ་འབྲེལ་ལྡི་ལིར་རྟེན་གཞི་བྱས་པའི་དབུས་ལས་ཁུངས་ལ་འབྲེལ་བ་གནང་དགོས་སྐོར་ལམ་སྟོན་ཕུལ་བ་ལས་ངེས་གཏན་ཁེལ་བའི་ཐག་གཅོད་མ་གནང་བའི་རྐྱེན་གྱིས་ད་བར་རྒྱ་གར་དུ་ཕྱིར་ཕེབས་གནང་མ་ཐུབ་མེད་པའི་གནས་སྟངས་སུ་ལྷག་ཡོད་པ་གསུང་བ་དང་འབྲེལ། ལས་སྨོན་རྟེན་འབྲེལ་འཛོམས་པའི་སྐབས་རྒྱ་གར་དུ་ཞལ་འཛོམས་བྱུང་རྒྱུའི་ཐུགས་རེ་ཡོད་པ་དང་། ལྷག་པར་དུ་རྒྱ་གར་གཞུང་དང་གྲོས་མོལ་སྒོ་ནས་དགོངས་བཞེས་མཛད་ཀྱི་ཡོད་སྐོར་གསུངས་ཡོད།

HHDL Karmapa

ཀརྨ་པ་རིན་པོ་ཆེ་མཆོག་ཕྱིར་རྒྱ་གར་དུ་ཕེབས་ཕྱིར་འབྲས་ལྗོངས་ཀྱི་སྤྱི་ཁྱབ་བློན་ཆེན་གཙོས་པའི་གཞུང་འབྲེལ་མི་སྣ་དང་ས་གནས་མི་མང་བཅས་ནས་རྒྱ་གར་དབུས་གཞུང་ལ་ཞུ་སྐུལ་རིམ་པར་གནང་བའི་ཁྲོད་ཕྱི་ལོ་ ༢༠༢༡ ལོར་འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ Prem Singh Tamnag མཆོག་གིས་སྲིད་བློན་མོ་དྷི་མཆོག་ལ་མཇལ་འཕྲད་ཀྱིས་རེ་སྐུལ་ཞུས་པ་ལྟར་༸རྒྱལ་དབང་ཀརྨ་པ་མཆོག་གང་མགྱོགས་འབྲས་ལྗོངས་སུ་ཕེབས་པར་བཟང་ཕྱོགས་ཀྱི་བཀའ་ལན་གནང་ཡོད་སྐོར་དང་དེའི་ཆེད་འབྲས་ལྗོངས་མངའ་སྡེའི་ཆོས་རིག་བློན་ཆེན་གྱི་སྣེ་ཁྲིད་པའི་སྐུ་ཚབ་ཚོགས་ཆུང་ཞིག་ཕྱི་རྒྱལ་དུ་༸རྒྱལ་དབང་ཀརྨ་པ་མཆོག་དང་ལྷན་དུ་བཀའ་མོལ་ཞུ་བར་ཆེད་གཏོང་བྱ་རྒྱུའི་ཐག་གཅོད་གནང་ཡོད་ཅེས་སྐབས་དེར་བསྒྲགས་ཡོད་པ་མ་ཟད། འདི་ལོའི་རྒྱ་གར་གྱི་རྒྱལ་ཡོངས་འོས་བསྡུ་ཆེན་མོ་ནང་ Bharatiya Janata Party (BJP) གཞུང་འཛིན་ཚོགས་པས་༸རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་འབྲས་ལྗོངས་མངའ་སྡེ་ནང་གདན་འདྲེན་ཞུ་རྒྱུའི་ཐོག་དབུས་གཞུང་དང་ལྷན་དུ་གོ་བསྡུར་གྱིས་འབད་བརྩོན་གནང་རྒྱུ་ཡིན་པའང་བཀོད་ཡོད།

HHDL Karmapa

དཔལ་༸རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་ནས་ཁ་སང་ཕྱི་ཚེས་ ༢༥ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་ཞུས་པ་དེ་ནི་ཕྱི་ལོ་ ༢༠༡༧ རྗེས་ཀྱི་ཆེས་ཐོག་མ་དེ་ཆགས་ཀྱི་ཡོད་པ་དང་། དེའང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཨ་རིར་ཞབས་པུས་སྨན་བཅོས་ལེགས་གྲུབ་ཀྱིས་རྒྱ་གར་ལ་ཆིབས་ཐོན་མཛད་པའི་ཁྲོད། ལམ་བར་སུད་སི་ནང་སྐུ་ངལ་གསོ་བཞུགས་མཛད་པའི་དུས་སྐབས་དང་བསྟུན་མཇལ་ཁ་ཞུས་ཐུབ་པ་ཞིག་ཆགས་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ༸གོང་ས་སྐྱབས་མགོན་ཆེན་པོ་དེ་རིང་ཞོགས་པ་སུད་སི་ཛུ་རིག་ནས་མཁའ་ལམ་བརྒྱུད་རྒྱ་གར་གྱི་ཕྱོགས་སུ་ཆིབས་ཐོན་མཛད་འདུག་པ་དང་དེ་རིང་དགོང་མོ་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་༸ཞབས་སོར་འཁོད་དེ་ཕྱི་ཚེས་ ༢༨ ཉིན་བཞུགས་སྒར་དུ་༸ཞབས་སོར་འཁོད་གནང་མཛད་རྒྱུ་ཡིན་པ་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།