Tibetan Royal Year of 2151 | Year of the Wood Dragon

དབྱིན་ཇིའི་རྒྱལ་སྲས་ Charles མཆོག་གིས་རྒྱལ་པོའི་ཐུགས་འགན་བཞེས་པར་འཚམས་འདྲི་མཛད་པ།

Tibetan News Headlines

  • French president urged to put human rights, Tibet at heart of Xi Jinping talks
  • Tibetan media marks World Press Freedom Day with call for access to Tibet
  • Dalai Lama grants audience to devotees from Nepal’s Tsum and Nubri 
  • A Tibetan monks mission to help the blind see lights in a remote Himalayan village: Feature
  • Tibet to provide financial aid to Nepal’s northern border districts for five years

རེས་གཟའ་པ་སངས། ༢༠༢༤།༠༥།༠༣

  • ཧྥ་རན་སི་དང་རྒྱ་ནག་གི་སྲིད་འཛིན་གྲོས་མོལ་སྐབས་བོད་ཀྱི་གནད་དོན་གཙོ་གྲས་སུ་གླེང་དགོས་པའི་ནན་སྐུལ།
  • འཛམ་གླིང་གསར་འགོད་རང་དབང་གི་ཉིན་མོ་སྲུང་བརྩི།
  • ༸གོང་ས་མཆོག་གིས་བཙུམ་དང་ནུབ་རིའི་དད་ལྡན་པ་ཁག་གཅིག་ལ་མཇལ་ཁ་བསྩལ་བ།
  • བོད་རང་སྐྱོང་ལྗོངས་ཟེར་བས་ལོ་ལྔའི་རིང་བྱང་བལ་ཡུལ་ས་མཚམས་ཁུལ་དུ་དཔལ་འབྱོར་རོགས་རམ་སྤྲོད་འཆར།

ཁ་ཉིན་ཕྱི་ཚེས་ ༨ ཀྱི་ཕྱི་དྲོར་དབྱིན་ཡུལ་གྱི་རྒྱལ་མོ་ Elizabeth གཉིས་པ་མཆོག་དགུང་གྲངས་ ༩༦ ཐོག་དགོངས་པ་རྫོགས་ཡོད་སྟབས། དེ་རིང་དབྱིན་ཡུལ་གྱི་རྒྱལ་རྒྱུད་ཕེབས་ལུགས་སྟར་རྒྱལ་མོ་དམ་པ་ཁོང་གི་སྲས་ Charles མཆོག་དབྱིན་ཇིའི་རྒྱལ་པོར་བསྐོ་གཞག་དང་སྦྲགས་ཕྱག་ལས་ཁག་དངོས་སུ་དབུ་འཛུགས་གནང་ཡོད།རྒྱལ་སྲས་ Charles མཆོག་གིས་རྒྱལ་པོའི་ཐུག་འགན་བཞེས་མ་ཐག་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཚམས་འདྲིའི་གསུང་འཕྲིན་ཞིག་སྩལ་བ་དང་སྦྲགས། རྒྱལ་པོ་ Charles III མཆོག་གིས་རྒྱལ་པོའི་ཐུགས་འགན་བཞེས་རིང་ལ་གཞན་དོན་གྱི་ཐུགས་འགན་ཁག་བྱམས་བརྩེ་ལྡན་པའི་ཐོག་ནས་གནང་ངེས་ཡིན་པར་ངོས་རང་ཡིད་ཆེས་གཙང་མ་ཡོད་ཅེས་བཀའ་སྩལ་འདུག

མགོན་པོ་༸གང་ཉིད་མཆོག་གིས་རྒྱལ་པོ་ Charles III མཆོག་དང་ཐུགས་ཉེ་པོ་ཡོད་སྐོར་བཀའ་སྩལ་བ་དང་སྦྲགས། ད་རེས་རྒྱལ་པོའི་ཁྲིར་ཕེབས་པར་མགོན་པོ་མཆོག་ཐུགས་དགྱེས་ཚོར་ཆེན་པོ་བྱུང་ཞེས་དང་། མ་འོངས་ཕྱག་ལས་རྣམས་འགེགས་མེད་ཐོག་དབྱིན་ཡུལ་མི་མང་གི་མངོན་འདོད་ལྟར་གནང་ཐུབ་རྒྱུ་དང་། འཛམ་གླིང་ཞི་བདེའི་ཐོག་ལེགས་སྐྱེས་ཕུལ་ཐུབ་པའི་ཐུགས་སྨོན་མཚམས་སྦྱོར་མཛད་འདུགརྩ་བའི་དབྱིན་ཡུལ་གྱི་རྒྱལ་པོ་ Charles III མཆོག་ཕྱི་ལོ་ ༡༩༤༨ ལོར་འཁྲུངས་ཤིང་། ད་ཆ་དགུང་ལོ་ ༧༣ ལ་ཕེབས་ཡོད་པ་དང་། རྒྱལ་པོ་ཁོང་གིས་དེ་རིང་དབྱིན་ཇིའི་རྒྱལ་པོའི་ཐུགས་འགན་དངོས་སུ་བཞེས་སྐབས་རྒྱལ་པོའི་ཐུགས་འགན་བཞེས་ཡུན་རིང་ལ་དབྱིན་ཇིའི་རྒྱལ་རྒྱུད་ཀྱི་ཁྱབ་ཁྱོངས་ས་གནས་ཁག་ཏུ་ཡོད་པའི་རྒྱལ་རྒྱུད་ཀྱི་ལས་དོན་ཁག་འཐུས་ཤོར་མེད་པར་གནང་རྒྱུའི་ཆོད་སེམས་གཏན་པོ་ཡོད་པ་སོགས་གསུངས་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།