Tibetan Royal Year of 2151 | Year of the Wood Dragon

དབྱིན་ཡུལ་གྲོས་ཚོགས་སུ་ཁམས་སྡེ་དགེ་ནང་གི་ཛ་དྲག་གནས་སྟངས་སྐོར་གྲོས་འཆར་ཆེད་འདོན།

Tibetan News Headlines

  • Tibetan delegation embark on an official visit to Taiwan
  • Sikyong Penpa Tsering begins final leg of his Europe visit to France
  • Chinese undercover agent breaks silence on espionage operations, including information gathering on Tibetans
  • UK Religious Freedom Envoy hears testimonies about threat to freedom of religion and belief from Tibetans and other minorities
  • Tibetan student topper dedicates accomplishment to the Dalai Lama as he reaches 90
  • 29th Gyalyum Chenmo in begins in Hunsur with the host beating Odisha Phuntsokling 2-0

རེས་གཟའ་ཕུར་བུ། ༢༠༢༤།༠༥།༡༦

  • བོད་མིའི་སྐུ་ཚབ་ཁག་གཅིག་ཐེ་ཝན་ནང་གཞུང་འབྲེལ་ཕྱོགས་བསྐྱོད་གནང་བཞིན་པ།
  • སྲིད་སྐྱོང་མཆོག་ཧྥ་རན་སིར་ཉིན་གསུམ་རིང་ཕྱོགས་ཕེབས་གནང་བཞིན་པ།
  • རྒྱ་རིགས་སོ་མྱུལ་བ་ཞིག་གིས་རྒྱ་ནག་གཞུང་གིས་ཨོ་གླིང་གཙོས་རྒྱལ་སྤྱིའི་ཁྲོད་སྤེལ་བཞིན་པའི་བྱ་སྤྱོད་ཐེར་འདོན།
  • དབྱིན་ཡུལ་ནང་དུ་ཆོས་དད་རང་དབང་ཐོག་གྲོས་བསྡུར་ལས་རིམ་ཞིག་འཚོགས་གནང་འདུག
  • རྒྱལ་ཡོངས་ཡིག་རྒྱུགས་ནང་བརྒྱ་ཆ་ ༩༥.༢ སོན་པ་དེ་འདི་ལོར་༸གོང་ས་མཆོག་དགུང་གྲངས་ ༩༠ བདག་གིས་བཞེས་པར་ཕྱག་རྟགས་ཡིན།
  • རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་རྩེད་སྤོ་ལོའི་རྕེད་འགྲན་ཐེངས་ ༢༩  དབུ་འཛུགས།

ཁ་སང་དབྱིན་ཡུལ་ཁྱབ་ཁོངས་ Scotland རྒྱལ་ཡོངས་ཆབ་སྲིད་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Chris law ལགས་ཀྱིས་བོད་ཁམས་སྡེ་དགེ་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་ལ་སེམས་འཚབ་དང་འབྲེལ་ཁུལ་དེ་ནས་འཛིན་བཟུང་བྱས་པའི་བོད་མི་རྣམས་འཕྲལ་དུ་གློད་བཀྲོལ་དགོས་པའི་ཐུགས་སྣང་གཞེན་སྐུལ་གྱི་གྲོས་ཆོད་ཆེད་འདོན་གནང་འདུག

England Supports Dege

དེ་ཡང་སྐུ་ཞབས་ Chris law ལགས་ཀྱིས་ཁ་སང་ཚེས་ ༡༩ ཉིན་དབྱིན་ཡུལ་གྱི་གྲོས་ཚོགས་འོག་མའི་ནང་ Early Day Motion ཞེས་ཐུགས་སྣང་གཞེན་སྐུལ་གྱི་གྲོས་ཆོད་གྲོས་འཆར་ཆེད་འདོན་གནང་ཡོད་པ་དེའི་ནང་། དབྱིན་ཡུལ་གཞུང་ངོས་ནས་ཁམས་སྡེ་དགེ་ནང་ད་ལྟའི་ཛ་དྲག་གནས་སྟངས་ཐད་རྒྱབ་སྐྱོར་ཁ་གསལ་དགོས་པ་དང་ཁུལ་དེ་ནས་འཛིན་བཟུང་བྱས་པའི་བོད་མི་རྣམས་གློད་བཀྲོལ་གཏོང་དགོས་སྐོར་གསལ་ཡོད་པ་དང་། གྲོས་འཆར་དེར་ Scotland རྒྱལ་ཡོངས་ཆབ་སྲིད་ཚོགས་པའི་སྐུ་ཚབ་ Martin Docherty-Hughes ལགས་དང་སྐུ་ཞབས་ Stewart Malcolm ལགས། དེ་བཞིན་ཡུན་རིང་ནས་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་ཨིན་ཡུལ་གྲོས་ཚོགས་ཀྱི་ཆབ་སྲིད་ཚོགས་པ་ཁྱད་མེད་ཀྱི་རྒྱལ་སྤྱིའི་ཆོས་དད་རང་དབང་ཚོགས་ཆུང་གི་ཚོགས་གཙོ་གྲོས་ཚོགས་འཐུས་མི་ Jim Shannon ལགས་དང་། དབྱིན་ཇིའི་རང་དབང་ཆབ་སྲིད་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Jonathan Edwards ལགས་བཅས་ཀྱིས་རྒྱབ་སྐྱོར་མཚན་རྟགས་བསྐྱོན་འདུག

England Parliament Support Dege

གྲོས་ཆོད་གྲོས་འཆར་དེའི་ནང་ད་དུང་རྒྱ་གཞུང་གིས་བོད་ཁམས་སྡེ་དགེའི་བོད་མི་ཞི་རྒོལ་བའི་སྟེང་ཆེས་དྲག་གནོན་གྱིས་འཛིན་བཟུང་བཀག་ཉར་བྱས་པ་མ་ཟད་ཁོང་རྣམ་པའི་འགྲོ་བ་མིའི་ཐོབ་ཐང་དང་སྨྲ་བརྗོད་རང་དབང་སོགས་ལ་རྩིས་མེད་རྡོག་རོལ་ཤུགས་ཆེ་བཏང་བར་མཐའ་གཅིག་ཏུ་ངོ་རྒོལ་གནང་བ་དང་འབྲེལ། ཁུལ་དེར་ཆུ་མཛོད་གསར་རྒྱག་གིས་བོད་མི་ ༢༠༠༠ ལྷག་རང་གི་ཕ་མེས་ཀྱི་ས་ཆ་ནས་བཙན་ཤེད་ཀྱིས་གནས་སྤོ་དང་བོད་ཀྱི་ལོ་རྒྱུས་རང་བཞིན་ལྡན་པའི་ཆོས་རིག་དང་འབྲེལ་བའི་དགོན་སྡེ་ཁག་མང་པོ་གཏོར་བཤིག་གཏོང་བཞིན་པ་བཅས་ལ་འཕྲལ་དུ་བཀག་སྡོམ་གནང་དགོས་པའི་འབོད་སྐུལ་ཞུས་འདུག

མ་ཟད་གོ་སྐབས་དེའི་བརྒྱུད་ཁམས་སྡེ་དགེ་ནང་གི་ས་གནས་བོད་མི་ཚོས་རྒྱ་གཞུང་གིས་དམ་བསྒྲགས་ཤུགས་ཆེ་ཇི་ཡོད་དང་རང་ཉིད་འཛིན་བཟུང་བཙོན་འཇུག་གི་ཉེན་ཁ་འཕྲད་མིན་ལ་མ་ལྟོས་པར་ཕྱི་རྒྱལ་གནས་སྡོད་བོད་མི་རྣམས་དང་འབྲེལ་ལམ་གནང་སྟེ་ཡུལ་དངོས་ཀྱི་ཛ་དྲག་གནས་སྟངས་དང་ལྷག་པར་དུ་ངོ་རྒོལ་གནང་བཞིན་པའི་སྐབས་ཀྱི་བདེན་དཔང་ར་སྤྲོད་ཀྱི་བརྙན་པར་མི་ཉུང་བ་ཞིག་ཕྱིར་བསྒྲགས་བར་འབྲེལ་ཡོད་བོད་མི་དེ་དག་གི་སྙིང་སྟོབས་ལ་ཆེ་བསྟོད་གནང་གི་ཡོད་ཅེས་བཀོད་འདུག

ལར་ནས་གྲོས་ཆོད་དེའི་བརྒྱུད་དབྱིན་ཇིའི་གཞུང་ངོས་ནས་རྒྱ་གཞུང་ལ་ཁམས་སྡེ་དགེའི་གནད་དོན་དང་འབྲེལ་ནས་བཙོན་བཟུང་བྱས་པའི་བོད་མི་རྣམས་ཆ་རྐྱེན་གང་ཡང་མེད་པའི་ཐོག་འཕྲལ་མར་གློད་བཀྲོལ་གཏོང་དགོས་པ་དང་རྨས་སྐྱོན་ཕོག་པ་རྣམས་དྲག་སྐྱེད་མ་བྱུང་བར་སྨན་བཅོས་གནང་དགོས་པ། དམིགས་བསལ་ས་གནས་བོད་མིའི་མོས་མཐུན་མེད་པར་སྤེལ་བཞིན་པའི་ཆུ་མཛོད་གསར་རྒྱག་གི་ལས་གཞི་དེས་ཁུལ་དེའི་ནང་གི་སྤྱི་ཚོགས་དང་རིག་གཞུང་། སྐྱེས་ཁམས་ཁོར་ཡུག་བཅས་ལ་གནོད་སྐྱོན་ཚབས་ཆེ་ཐེབས་རྒྱུའི་མཇུག་འབྲས་ལ་ངེས་པར་བསམ་གཞིགས་བྱ་དགོས་པའི་རེ་སྐུལ་དང་སྦྲགས། སྡེ་དགེ་ནང་གི་བོད་མིར་བཙན་གནོན་བཏང་རྒྱུ་འཕྲལ་མར་མཚམས་འཇོག་དགོས་པ་ནན་བརྗོད་གནང་འདུག

England Parliament Support Dege

རྩ་བའི་ཁམས་སྡེ་དགེ་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་ཐད་ཨ་རི་གཙོས་ནི་དར་ལེནྜ་གཞུང་ཚབ་དང་ཕ་རན་སིའི་གྲོས་ཚོགས་གོང་མ་བཅས་ཀྱིས་ཐུགས་འཚབ་དང་འབྲེལ་ཁུལ་དེ་ནས་འཛིན་བཟུང་བྱས་པ་རྣམས་འཕྲལ་དུ་གློད་བཀྲོལ་དགོས་པའི་ཞུ་སྐུལ་དང་། ཨ་རིའི་གྲོས་ཚོགས་ནང་དེ་འབྲེལ་གྲོས་ཆོད་གཅིག་ཀྱང་ཆེད་འདོན་གནང་ཡོད་པ་མ་ཟད། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་ཁྱབ་ཁོངས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་ཆེད་ལས་པ་ཁག་གཅིག་གདན་ཞུས་ཀྱིས་ད་ལྟའི་བོད་སྡེ་དགེ་ནང་གི་ཛ་དྲག་གནས་སྟངས་ཐེར་འདོན་དང་འབྲེལ། ཁུལ་དེའི་ཆུ་མཛོད་ལས་གཞི་མཚམས་འཇོག་དགོས་པ་དང་བཙོན་བཅུག་བྱས་པའི་བོད་མི་རྣམས་འཕྲལ་དུ་གློད་བཀྲོལ་དགོས་པ་སོགས་ཀྱི་དགོས་འདུན་དོན་ཚན་བཅུ་ཡོངས་བསྒྲགས་སྤེལ་བ་དང་སྦྲགས་རྒྱལ་སྤྱིའི་ཆུ་བོ་སྲུང་སྐྱོབ་ཀྱི་ཉིན་མོ་སྲུང་བརྩི་ཞུས་སོང་།

མ་ཟད་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་བཀའ་ཤག དེ་བཞིན་འཛམ་གླིང་ཡུལ་གྲུ་གང་སར་གནས་སྡོད་བྱེད་བཞིན་པའི་བོད་མི་དང་། བོད་དོན་རྒྱབ་སྐྱོར་ཚོགས་པ་རྣམས་ནས་བོད་ཁམས་སྡེ་དགེའི་ཛ་དྲག་གནས་སྟངས་དང་འབྲེལ་འབོད་སྐུལ་དང་བསྒྲགས་གཏམ་སོགས་རབ་དང་རིམ་པར་སྤེལ་བཞིན་ཡོད་པ་རེད་འདུག དེའི་ཁོངས་ཉེ་ཆར་རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ JNU ཇོ་ཧར་ལཱལ་ནེ་རུའི་གཙུག་ལག་སློབ་གྲྭ་ཆེན་མོའི་བོད་དོན་གླེང་སྟེགས་ཚོགས་པས་གཙུག་ལག་སློབ་ཁང་དེ་ཉིད་ཀྱི་སློབ་ཟུར་དང་ཟུང་འབྲེལ་གྱིས་སྡེ་དགེའི་གཞིས་བཞུགས་སྤུན་ཟླ་རྣམས་ལ་གདུང་སེམས་མཉམ་བསྐྱེད་དང་ད་ལྟའི་ཛ་དྲག་གི་གནས་སྟངས་དེ་རྒྱལ་སྤྱིའི་ཚོགས་སྡེ་ཁག་ཏུ་བརྒྱུད་སྤེལ་གྱིས་རྒྱབ་སྐྱོར་ཐོབ་ཐབས། དེ་བཞིན་བཙན་བྱོལ་བོད་མི་རྣམས་ནས་གནས་ཚུལ་ཆ་ཚང་རགས་པའི་ཐོག་ནས་ལས་འགུལ་སྤེལ་ཕྱོགས་བཅས་ལ་དམིགས་ཏེ་དྲ་ཐོག་བགྲོ་གླེང་རིམ་པ་གསུམ་གོ་སྒྲིག་ཞུས་ཡོད་པ་དང་། བགྲོ་གླེང་དེ་དག་ཐོག་ཁམས་སྡེ་དགེ་ནས་ཡིན་པ་ད་ཆ་བཙན་བྱོལ་གནས་བཞུགས་སྡེ་དགེ་རྒྱལ་ཡོངས་ཚོགས་པའི་ཚོགས་ཟུར་དང་ཉམས་ཞིབ་པ། དེ་བཞིན་བོད་མི་ལས་འགུལ་བ་སོགས་གདན་ཞུས་ཀྱིས་གནད་དོན་དེ་དང་འབྲེལ་བའི་བརྗོད་གཞི་ཁག་ཐོག་གྲོས་བསྡུར་གནང་སྟེ་མཐར་གཞུང་ལ་མཐའ་གཅིག་ཏུ་ངོ་རྒོལ་དང་རྒྱལ་སའི་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་ནས་སྡེ་དགེའི་ས་གནས་མི་དམངས་ཀྱི་ཆེས་ཛ་དྲག་གནས་སྟངས་སེལ་ཆེད་ལས་འགུལ་སྔར་ལྷག་སྤེལ་དགོས་པའི་འབོད་སྐུལ་གྱི་གསར་འགོད་གསལ་བསྒྲགས་གནང་ཡོད།

འདི་གའི་གསར་འགོད་པས་བགྲོ་གླེང་དེ་གོ་སྒྲིག་གནང་མཁན་ཁོངས་སུ་ཡོད་པ་ JNU གཙུག་ལག་སློབ་གྲྭ་ཆེན་མོའི་སློབ་ཟུར་བསྟན་དབང་གྲགས་ལགས་སུ་ཉིན་གསུམ་གྱི་དྲ་ཐོག་བགྲོ་གླེང་རིམ་ཁག་གི་གྲུབ་དོན་ཇི་བྱུང་སྐོར་དང་འབྲེལ་བཅར་འདྲི་ཞུས་པར་ཁོང་གིས།

འབྲེལ་ཡོད་གསར་གནས།

གསར་གནས།