Tibetan Royal Year of 2151 | Year of the Wood Dragon

བོད་ཀྱི་ཁུ་ཚུར་འཐབ་རྒོལ་བ་བསོད་དར་རྒྱས་ལགས་སུ་རྒྱལ་ཁ་ཐོབ་པ།

Tibetan News Headlines

  • HHDL gives audience to devotees of Dipankara Buddhist Centre
  • Taiwan’s new president takes office, calls on China to cease hostile actions
  • Tibetan delegation attends Lai Ching-te’s swearing-in ceremony, meets newly re-established parliamentary group for Tibet
  • US urges China to immediately account for Panchen Rinpoche’s whereabouts and well-being
  • Is the Panchen Lama alive or dead? Tashi Lhunpo’s Deputy Abbot speaks at FCCC

རེས་གཟའ་ཟླ་བ། ༢༠༢༤།༠༥།༢༠

  • སྟོང་ཉིད་ཀྱི་ལྟ་བ་དང་བྱང་ཆུབ་ཀྱི་སེམས་ནི་སྟོན་པའི་བསླབ་བྱ་གཙོ་བོ་དེ་ཡིན་པ་བཀའ་བསྩལ་འདུག
  • ཐེ་ཝན་མི་མང་གི་རང་ཐག་རང་གཅོད་ཀྱི་སྙིང་སྟོབས་ལ་ཆེ་བསྟོད་དང་རྒྱ་གཞུང་ལ་དྲག་པོའི་འཇིགས་སྐུལ་མཚམས་འཇོག་དགོས་པའི་སྐུལ་འདེབས།
  • ཐེ་ཝན་སྲིད་འཛིན་གྱི་དམ་འབུལ་མཛད་སྒོར་བོད་མིའི་བཀའ་སྤྱི་གཉིས་ཀྱི་སྐུ་ཚབ་ལྷན་ཞུགས།
  • ཨ་རི་གཞུང་གིས་༸པཎ་ཆེན་རིན་པོ་ཆེ་མཆོག་གང་དུ་ཡོད་མེད་དང་སྐུ་ཁམས་བདེ་ཐང་ཡིན་མིན་གསལ་བཏོན་དགོས་པའི་ཞུ་སྐུལ།
  • ༸པཎ་ཆེན་རིན་པོ་ཆེ་གློད་བཀྲོལ་དགོས་པ་སོགས་དོན་ཚན་ལྔ་ཅན་གྱི་རེ་འབོད།

རྒྱལ་སྤྱིའི་ཁུ་ཚུར་འཐབ་རྒོལ་གྱི་འགྲན་བསྡུར་ཆེ་གྲས། UFC ཞེས་པའི་གར་སྟེགས་ཀྱི་སྟེང་། ཁེ་ཉིན་གཟའ་སྤེན་པའི་ཉིན། བོད་ཀྱི་ཁུ་ཚུར་འཐབ་རྒོལ་བ་གཞོན་ནུ་བསོད་ནམས་དར་རྒྱས་དང་ཁ་ན་ཊའི་འཐབ་རྒོལ་བ་ Malcolm Gordonལགས་གཉིས་ཀྱིས་ཨ་རིའི་གྲོང་ཁྱེར་ Las Vegas ནང་དུ་འགྲན་བསྡུར་བྱས་ཏེ་བོད་ཀྱི་འཐབ་རྒོལ་བ་བསོད་ནམས་དར་རྒྱས་ལགས་འགྲན་རྒྱལ་བྱུང་འདུག
གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། བསོད་དར་རྒྱས་ལགས་ཀྱིས་ཐེངས་འདིར་སྐར་ཆ་ ༤༤ ནང་དུ་འགྲན་ཡ་ས་ལ་འགྱེད་ཐུབ་པ་བྱུང་ཡོད་པ་ནི་རྒྱལ་སྤྱིའི་ཁུ་ཚུར་འགྲན་བསྡུར་ UFC ཞེས་པའི་ལོ་རྒྱུས་ཀྱི་ནང་དུ་འགྲན་ཡུན་ཆེས་ཐུང་ཤོས་གསུམ་པའི་ནང་འགྲན་རྒྱལ་བྱུང་བའི་ཟིན་ཐོ་གསར་བ་ཞིག་ཡིན་སྐོར་ཕྱིར་བསྒྲགས་གནང་འདུག
བསོད་ནམས་དར་རྒྱགས་ཀྱིས་ཐེངས་འདིའི་འགྲན་བསྡུར་གྱི་ཆེད་དུ་ཁྲིན་ཏོའུ་ཁུལ་དུ་ཡོད་པའི་ཁུ་ཚུར་འཐབ་རྒོལ་ཁང་ཞིག་ཏུ་སོང་ནས་སྦྱོང་བརྡར་རིམ་པ་སྤྲད་ཡོད་པ་དང་། དེ་བཞིན་ཁོང་གིས་མཐའ་མའི་སྦྱོང་བསྡུར་དེ་རྒྱ་ནག་གི་གྲོང་ཁྱེར་ཧྲང་ཧེ་ནང་དུ་གནང་ཡོད་པ་ལྟར། ཐེངས་འདིའི་འགྲན་བསྡུར་གྱི་སྐབས་སུ་གཙོ་བོ་ལག་རྩལ་ལ་བསྟེན་ནས་འགྲན་ཡ་དང་བར་ཐག་ཚོད་འཛིན་ལེགས་པོར་བྱས་པ་བརྒྱུད་ནས། གཟབ་ནན་གྱིས་འགྲན་ཡའི་གདོང་ལ་ཁུ་ཚུར་གཞིས་ཐང་གཅིག་གིས་ཕ་རོལ་བའི་ལུས་ཀྱི་སྟངས་འཛིན་བརླགས་ཏེ་འགྲན་རྒྱལ་བྱུང་ཡོད་པར་འཁོད་འདུགབསོད་ནམས་དར་རྒྱས་ལགས་འགྲན་རྒྱལ་བྱུང་བ་དང་། ཁོང་གིས་གསར་ཁང་ཁག་ལ་འགྲེལ་བརྗོད་གནང་བ་ལྟར་ན། ཐེངས་འདིར་ཁོང་གིས་རྨང་གཞིའི་སྦྱོང་བརྡར་ཡག་པོ་གནང་ཡོད་སྟབས་རང་ཉིད་འགྲན་རྒྱལ་བྱུང་རྒྱུར་གདེང་ཚོད་ཡོད་པ་མ་ཟད། འགྲན་སྟེགས་སུ་ཐོན་དུས་ཡིད་སེམས་ལྷོད་ལྷོད་ངང་གནས་ཡོད་སྐོར་གསུངས་བ་དང་འབྲེལ་ནས། འགྲན་རྒྱལ་བྱུང་མཚམས་སུ་ཁོང་གི་སྦྱོང་བརྡར་གྱི་དགེ་རྒན་དང་མདོ་འཛིན་པར་ཐུགས་རྗེ་ཆེ་ཞུས་པ་དང་ལྷན་དུ་ལྷོད་ལྷོད་ཀྱིས་ཁོང་གཉིས་དང་མཉམ་དུ་ཞལ་ལག་ཅིག་མཆོད་རྩིས་ཡོད་པར་གསུངས་འདུག
བསོད་ནམས་དར་རྒྱས་ལགས་མི་འགྱངས་བར་ཨ་རིའི་ནང་དུ་སྐད་གྲགས་ཡོད་པའི་ཁུ་ཚུར་སྦྱོང་བརྡར་ལྟེ་གནས་ཁང་ Alpha Male ཞེས་པར་འགྲོ་རྩིས་ཀྱིས་མུ་མཐུད་དུ་ཁོང་གི་ཁུ་ཚུར་འཐབ་རྒོལ་གྱི་ཆེད་ལས་སྟེང་སློབ་སྦྱོང་དང་སྦྱོང་བརྡར་གནང་རྒྱུར་ཕེབས་ཏེ་ལོ་རྗེས་མའི་ཟླ་བ་དང་པོའི་ནང་དུ་སླར་ཡང་རྒྱལ་སྤྱིའི་ཁུ་ཚུར་འཐབ་རྒོལ་གྱི་འགྲན་བསྡུར་དུ་ཞུགས་རྒྱུ་རེད་འདུག
གཞི་རྩའི་བསོད་ནམས་དར་རྒྱས་ལགས་ནི་ཕྱི་ལོ་ ༡༩༩༦ ལོར་བོད་མདོ་སྨད་རྔ་བ་ཁུལ་དུ་སྐྱེས་ཤིང་། ༢༠༡༦ ལོ་ནས་བཟུང་ཁོང་དངོས་སུ་བོད་ཁུལ་གྱི་མགོན་པོ་དྲག་རྩལ་ཁང་དུ་ཁུ་ཚུར་འཐབ་རྒོལ་ལ་སྦྱོང་བརྡར་བྱེད་འགོ་ཚུགས་ཡོད་པ་དང་། ད་བར་ཁོང་འགྲན་ཞུགས་ཐེངས་༡༦ ལ་ཞུགས་ཞིང་ཐེངས་ ༡༤ ལ་འགྲན་རྒྱལ་བྱུང་ཡོད་པ་རེད། སྤྱི་ལོ་ ༢༠༡༨ ལོ་ནས་བཟུང་ཁོང་རྒྱལ་སྤྱིའི་ཁུ་ཚུར་འཐབ་རྒོལ་ལ་ཞུགས་འགོ་ཚུགས་ནས་ད་བར་ཐེངས་ ༣ ལ་འགྲན་ཞུགས་བྱས་ཡོད་པ་ལས། ཐེངས་གཉིས་ལ་འགྲན་རྒྱལ་བྱུང་བ་དང་ཐེངས་གཅིག་ལ་འགྲན་ཕམ་བྱུང་ཡོད་འདུག ཁོང་ནི་འདི་ལོར་རང་ལོ་ ༢༤ ཡིན་ཞིང་། བོད་ཁམས་ནས་ཁོང་ལ་བོད་ཀྱི་གླག་རྒོད་ཅེས་པའི་མཚན་གནས་ཐོབ་ཡོད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།