Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་བལ་ཡུལ་ནང་འབྱོར་སྐབས་བོད་མིར་དམ་དྲག

Tibetan News Headlines

  • Gongma Rinpoche at 80: An in-depth interview with Sakya Gongma Trichen Rinpoche uncovering his life journey and biography

རེས་གཟའ་སྤེན་པ། ༢༠༢༤།༠༤།༢༧

  • དམིགས་བསལ་ལས་རིམ། ས་སྐྱ་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་༧སྐུ་ཚེའི་མཛད་རྣམ་སྙིང་བསྡུས།

རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ Wei Fenghe བལ་ཡུལ་གྱི་རྒྱལ་ས་ Kathmandu ཁུལ་དུ་ཁ་སང་རེས་གཟའ་ཉི་མའི་ཉིན་འབྱོར་བ་དང་བསྟུན་བལ་ཡུལ་གཞུང་གིས་བོད་རིགས་གནས་སྡོད་གནང་ཡུལ་ཁག་གཙོས་མཆོད་རྟེན་གི་གཡས་གཡོན་ལ་དམག་མི་འགྲེམས་འཇོག་ཀྱིས་ཕྱིར་ཕེབས་མི་ཆོག་པའི་དམ་དྲག་བྱས་འདུགབརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བར་བལ་ཡུལ་རྒྱལ་ཁབ་ནང་དུ་རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ Wei Fenghe དང་གནད་ཡོད་མི་སྣ་ཉི་ཤུ་ཙམ་གཞུང་འབྲེལ་ཕྱོགས་སྐྱོད་བྱས་པ་ནི་སྔ་ལོར་སྲིད་འཛིན་ཞི་ཅིན་ཕིང་ཁུལ་དེར་འབྱོར་བ་ནས་བཟུང་རྒྱ་ནག་གཞུང་འབྲེལ་གྱི་མི་སྣ་ཆེ་མཐོ་གྲས་ཐེངས་གཉིས་པ་ཡོང་བ་དེ་ཆགས་ཀྱི་ཡོད་པ་དང་། ཕྱོགས་སྐྱོད་དེའི་ཁྲོད་བལ་ཡུལ་གྱི་སྲིད་འཛིན་གཙོས་རྒྱལ་སྲུང་བློན་ཆེན་དང་ནང་སྲིད་བློན་ཆེན། དེ་བཞིན་ཕྱི་འབྲེལ་དྲུང་ཆེ་དང་ཐུག་འཕྲད་ཀྱིས་རྒྱ་ནག་དང་བལ་ཡུལ་གཉིས་ཀྱི་འབྲེལ་ལམ་གཙོས་དམག་དཔུང་གི་སྲིད་བྱུས་དང་སྔ་ལོར་ཞི་ཅིན་ཕིང་ཁུལ་དེར་འབྱོར་སྐབས་སུ་གྲོས་མཐུན་བཞག་པའི་གནད་དོན་ཁག་ལ་བསྐྱར་ཞིབ་ཀྱི་གྲོས་མོས་བྱས་འདུགརླུང་འཕྲིན་ཁང་གིས་བལ་ཡུལ་སྐུ་ཚབ་དོན་གཅོད་ཚུལ་ཁྲིམས་རྒྱ་མཚོ་ལགས་སུ་ཐེངས་འདིའི་རྒྱ་ནག་གི་དཔོན་རིགས་ཚོའི་ཕྱོགས་སྐྱོད་དང་འབྲེལ་བའི་བཀའ་འདྲི་ཞུས་པར་བལ་ཡུལ་གྱི་ཁུལ་དུ་རྒྱ་ནག་གི་ཆེས་མཐོའི་མི་སྣ་སུ་འདྲ་ཞིག་འབྱོར་རུང་བོད་རིགས་གནས་སྡོད་གནང་ཡུལ་ས་ཁུལ་ཁག་ཏུ་དམ་དྲག་གནང་གི་ཡོད་པ་ལྟར་ཁ་སང་མཆོད་རྟེན་དང་བོད་རིགས་གནས་སྡོད་གནང་སའི་ས་གནས་ཁག་ཏུ་བལ་ཡུལ་གཞུང་གིས་དམག་མི་འགྲེམས་འཇོག་ཀྱིས་ཕྱིར་ཕེབས་མི་ཆོག་པའི་དམ་དྲག་བྱས་ཡོད་པར་འགྲེལ་བརྗོད་གནང་སོང་།

ཐེངས་འདིའི་ཕྱོགས་སྐྱོད་དེའི་ཁྲོད་ Wei Fenghe ཀྱིས་བལ་ཡུལ་དུ་ཡོང་དགོས་དོན་ནི་རྒྱལ་ཁབ་གཉིས་ཀྱི་དབར་འབྲེལ་ལམ་དམ་ཟབ་གཏོང་རྒྱུ་གཙོས་དམག་བྱུས་ཐད་ལ་རོགས་སྐྱོར་དང་ད་བར་བལ་ཡུལ་གཞུང་གིས་རྒྱ་ནག་གཅིག་གི་སྲིད་བྱུས་ལ་རྒྱབ་སྐྱོར་གྱིས་ཤར་སྐྱོད་བྱས་དང་བྱེད་བཞིན་པར་བསྔགས་བརྗོད་ཡོད་སྐོར་བཤད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།