Tibetan Royal Year of 2151 | Year of the Wood Dragon

དྲ་ཐོག་བརྒྱུད་བོད་པའི་གློག་བརྙན་ ༣༠ ལྷག་གཟིགས་འབུལ་ཞུ་འཆར།

Tibetan News Headlines

  • Conversation with TWA members on Association’s mission, outreach, and youth engagement strategies

རེས་གཟའ་སྤེན་པ། ༢༠༢༤།༠༤།༢༧

  • བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོ་བོ་དང་ལས་དོན། གཞོན་སྐྱེས་མཉམ་ཞུགས་སྐོར་གླེང་མོལ།

DIFF ཞེས་དྷརྨ་ས་ལའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་དང་སྒྲུང་ Films གཉིས་ཟུང་འབྲེལ་གྱིས་ tibetfilms.com ཞེས་པའི་དྲ་ཚིགས་བརྒྱུད་བོད་པའི་གློག་བརྙན་ ༣༠ ལྷག་གཟིགས་འབུལ་ཞུ་རྒྱུ་རེད་འདུགཁ་སང་ངོ་དེབ་སོགས་སྤྱི་ཚོགས་དྲ་ལམ་བརྒྱུད་ DIFF ཞེས་དྷརྨ་ས་ལའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་དང་སྒྲུང་ Films གཉིས་ཟུང་འབྲེལ་གྱིས་མང་ཚོགས་ལ་བོད་པའི་གློག་བརྙན་བཟོ་སྐྲུན་པ་རྣམས་ཀྱིས་ཕྱག་ལས་གནང་ཁག་ངོ་སྤྲོད་དང་དེ་བཞིན་གློག་བརྙན་བཟོ་སྐྲུན་པ་དང་གཟིགས་མོ་བ་དབར་འབྲེལ་བ་མཐུད་ཐབས་སུ་ tibetfilms.com ཞེས་པའི་དྲ་ཚིགས་བརྒྱུད་འདི་ལོའི་ཟླ་ ༡༢ ཚེས་ ༣ ནས་ ༡༣ བར་བོད་པའི་གློག་བརྙན་ ༣༠ ལྷག་གཟིགས་འབུལ་ཞུ་རྒྱུའི་གསལ་བསྒྲགས་གནང་འདུག རླུང་འཕྲིན་ཁང་གིས་དྷ་སའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཆེད་འཛུགས་གནང་མཁན་གློག་བརྙན་བཟོ་སྐྲུན་པ་བསྟན་འཛིན་བསོད་ནམས་ལགས་སུ་བཀའ་འདྲི་ཞུས་པར་ད་ལན་ནད་ཡམས་རྐྱེན་གྱིས་དྷ་སའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་དེ་དྲྭ་རྒྱའི་ཐོག་འཚོགས་གཏན་འཁེལ་ཡོད་པ་དང་། དྲ་ལམ་བརྒྱུད་མང་ཚོགས་མང་དག་ཅིག་ནས་གློག་བརྙན་ཁག་གཟིགས་ཐུབ་ངེས་ཡིན་སྐོར་གསུངས་པར་མ་ཟད། འདས་པའི་དུས་ཡུན་ཁྲོད་རང་རེའི་སྤྱི་ཚོགས་ནང་བོད་པའི་གློག་བརྙན་བཟོ་སྐྲུན་པ་མང་དག་ཅིག་བྱུང་ཡོད་སྟབས།  གློག་བརྙན་བཟོ་སྐྲུན་པ་དེ་དག་གིས་བཟོ་གནང་བའི་གློག་བརྙན་རྣམས་སྡིངས་ཆ་གཅིག་གི་ཐོག་ནས་མང་ཚོགས་ལ་གཟིགས་འབུལ་ཞུ་ཐུབ་ཚེ་ཕན་ཐོགས་ཆེན་པོ་ཡོང་བར་དགོངས་ནས་དྲ་ཐོག་གི་གློག་བརྙན་དེ་དབུ་འཛུགས་གནང་སྐོར་གསུངས་ཡོད།   བོད་པའི་སྤྱི་ཚོགས་ནང་སྒྱུ་རྩལ་རིགས་ལ་རིན་ཐང་དེ་ཙམ་གནང་གི་མེད་སྟབས། ད་ལན་དྲ་ཐོག་གི་གློག་བརྙན་དེ་དག་ལ་རིང་འབྲིང་ཐུང་བཅས་རིམ་པ་གསུམ་དུ་དབྱེ་ཡོད་པ་ལྟར་གཟིགས་འབུལ་ཞུ་རྒྱུ་ཡིན་པ་མ་ཟད། ལྷག་དོན་སྒྱུ་རྩལ་དེ་གལ་ཆེན་པོ་ཡིན་པ་རྟོགས་ཐབས་ལ་ཆེད་དམིགས་ཀྱིས་དེ་ལྟར་གནང་ཡིན་སྐོར་གསུངས་སོང་།ཁོང་གིས་ད་དུང་ད་ལྟའི་བོད་པའི་གློག་བརྙན་གྱི་གནས་བབ་དང་འབྲེལ་ནས་གསུངས་པར་ད་ལྟ་བཙན་བྱོལ་ནང་གི་བོད་པའི་གློག་བརྙན་གྱི་སྤུས་ཚད་དེ་དེ་སྔ་དང་མི་འདྲ་བར་ཡག་པོ་ཆགས་ཡོད་པ་དེ་ལྟར་ཡང་། གློག་བརྙན་བཟོ་སྐབས་ཆེད་ལས་དེའི་ཐད་སློབ་སྦྱོང་གནང་རྒྱུ་དང་ཉམས་མྱོང་དགོས་གལ་ཡིན་སྐོར་གསུངས་ཡོད། རྩ་བའི་དྷ་སའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ནི་བཞུགས་སྒར་དུ་ ༢༠༡༢ ལོར་དབུ་འཛུགས་གནང་བ་ཞིག་དང་། དུས་སྟོན་ཐོག་ལོ་ལྟར་རྒྱ་གར་དང་རྒྱལ་སྤྱིའི་གློག་བརྙན་བཟོ་སྐྲུན་པ་རྣམས་པས་དངོས་བྱུང་དང་རྟོགས་སྒྲུང་། བྱིས་པའི་གློག་བརྙན་སོགས་གཟིགས་འབུལ་ཞུ་གནང་གི་ཡོད་པ་རེད།སྒྲུང་ Films ཞེས་པ་ནི་བོད་པའི་གློག་བརྙན་བཟོ་སྐྲུན་པ་ཁག་ཅིག་གིས་ཆེད་འཛུགས་གནང་བ་ཞིག་ཡིན་པ་དང་། སྡིངས་ཆ་དེའི་བརྒྱུད་སྒྱུ་རྩལ་གྱི་ལམ་ནས་བོད་ཀྱི་གནད་དོན་གཙོས་པའི་བོད་མིའི་དངོས་ཀྱི་མྱོང་བ་སོགས་གློག་བརྙན་གྱི་ཐོག་ནས་ངོ་སྤྲོད་དང་གོ་རྟོགས་སྤེལ་གནང་གི་ཡོད་པ་རེད། ད་ལན་དྷ་སའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་དང་སྒྲུང་ Films ཟུང་འབྲེལ་གྱིས་དྲ་ཐོག་བརྒྱུད་དེ་བོད་པའི་གློག་བརྙན་བཟོ་སྐྲུན་པར་རྒྱབ་སྐྱོར་གནང་སླད་གློག་བརྙན་གཟིགས་འབུལ་ཞུ་བའི་ཡོང་འབབ་བརྒྱ་ཆ་ ༧༠ ཙམ་ཁོང་རྣམ་པར་གནང་རྒྱུ་ཡིན་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།