Tibetan Royal Year of 2151 | Year of the Wood Dragon

བོད་དོན་ཆེད་ཚེ་སྲོག་ཤོར་བའི་ཉེས་མེད་བོད་མི་རྣམས་ལ་མྱ་ངན་གུས་འདུད་ཀྱིས་རྗེས་དྲན་ཞུས་པ།

Tibetan News Headlines

  • Dalai Lama received Kalu Rinpoche and more than 400 devotees in an audience
  • Tibetans hold peace rally calling for the release of Panchen Lama on the anniversary of his abduction
  • Tibet Museum celebrates International Museum Day with art exhibition by local Tibetan artists and writers
  • Central Tibetan Administration congratulates new Co-Chair for Australian Parliamentary Group for Tibet, Senator Barbara Pocock
  • Interview on CTA’s scholarship and excellence award

རེས་གཟའ་པ་སངས། ༢༠༢༤།༠༥།༡༧

  • ༸གོང་ས་མཆོག་གིས་དེ་རིང་ཀར་ལུ་རིན་པོ་ཆེ་དབུས་པའི་དད་ལྡན་ཆོས་ཞུ་བ་ ༤༠༠ ལྷག་ལ་མཇལ་ཁ་སྩལ་འདུག
  • དགོས་འདུན་དོན་ཚན་བཞིའི་ཐོག་ནས་༸པཎ་ཆེན་རིན་པོ་ཆེའི་གནས་སྟངས་གསལ་བཏོན་དགོས་པའི་ཞི་བའི་གོམ་བགྲོད།
  • རྒྱལ་སྤྱིའི་འགྲེམས་སྟོན་ཉིན་མོ་ཐེངས་ ༤༧ པ་སྲུང་བརྩི།
  • ལྕམ་སྐུ་ Barbara Pocock ཨོ་གླིང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཟུང་སྦྲེལ་ཚོགས་གཙོ་གསར་པར་བསྐོ་བཞག་བྱུང་བར་འཚམས་འདྲི།
  • བོད་མིའི་སྒྲིག་འཛུགངས་ཤེས་རིག་ལས་ཁུངས་ནས་འཛིན་རིམ་བཅིུས་ཀྱི་བསླབ་པ་ཐར་སོན་པ་རྣམས་ལ་སློབ་ཡོན་ཇི་ཡོད་སྐོར་བཅར་འདྲི།

ཟླ་བ་འདིའི་སྤྱི་ཚེས་ ༢༠ ཉིན་ཨིན་ཡུལ་གྱི་རྒྱལ་ས་ London གི་ Westminster Abbey ཞེས་པའི་ཡེ་ཤུའི་གྲགས་ཅན་ལྷ་ཁང་མདུན་དུ་ཨིན་ཡུལ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཟུང་སྦྲེལ་ཚོགས་གཙོ་སྐུ་ཞབས་ Tim Loughton ལགས་ཀྱིས་གཙོས་པའི་གྲོས་ཚོགས་འཐུས་མི་གསུམ་དབུ་བཞུགས་ཐོག Wreath Laying Ceremony འམ་མེ་ཏོག་གི་མཆོད་འབུལ་བརྒྱུད་བོད་དོན་ཆེད་ཚེ་སྲོག་ཤོར་བའི་ཉེས་མེད་བོད་མི་ཡོངས་ལ་མྱ་ངན་གུས་འདུད་ཀྱིས་རྗེས་དྲན་གནང་འདུག

All Party Parliament Group for Tibet,

བོད་ལ་རྒྱ་ནག་གཞུང་གིས་བཙན་འཛུལ་བྱས་ནས་མི་ལོ་ ༦༥ འཁོར་བའི་གསུམ་བཅུའི་དུས་དྲན་སྲུང་བརྩི་དང་འབྲེལ་ལས་རིམ་དེའི་ཐོག སྐུ་ཞབས་ Tim Loughton ལགས་དང་། Chris Law, Virender Sharma བཅས་གྲོས་ཚོགས་འཐུས་མི་གསུམ་དང་། ཨིན་ཡུལ་བོད་ཀྱི་སྐུ་ཚབ་དོན་ཁང་གི་དྲུང་ཆེ། དེ་བཞིན་ས་གནས་བོད་རིགས་ཚོགས་པ་དང་། ཧོང་ཀོང་།  ཡུ་གུར་བ་བཅས་ཀྱི་སྐུ་ཚབ་ཙམ་མ་ཟད། ཡེ་ཤུའི་གྲགས་ཅན་ལྷ་ཁང་དེའི་བླ་ཆེན་དང་ནང་པའི་འཇམ་དབྱངས་ཆོས་ཚོགས་ཀྱི་དགེ་འདུན་པ་སོགས་ལྷན་ཞུགས་གནང་འདུག

All Party Parliament Group for Tibet

སྐབས་དེར་སྐུ་ཞབས་ Tim Loughton ལགས་ཀྱིས། རྒྱ་ནག་གི་སྤྱི་ལོ་ ༡༩༥༠ ཡས་མས་ནང་བོད་ལ་བཙན་འཛུལ་གྱིས་འདས་པའི་མི་ལོ་ ༧༠ ལྷག་གི་རིང་ཞི་བདེ་འདོད་མཁན་གྱི་ཉེས་མེད་བོད་མི་ཧ་ཅང་མང་པོ་ཚེ་སྲོག་ཤོར་དགོས་བྱུང་ཡོད་པ་འགྲེལ་བརྗོད་དང་འབྲེལ། ང་ཚོས་ད་རེས་ཀྱི་ལས་རིམ་འདིའི་ཐོག་ནས་བོད་མི་དེ་དག་གི་བློས་བཏང་དང་སྙིང་སྟོབས་ལ་རྗེས་དྲན་ཙམ་མིན་པར། རང་ཉིད་ཀྱི་ཆོས་དད་རང་དབང་དང་རིག་གཞུང་ལ་ཆེ་མཐོང་སོགས་ཀྱི་གཞི་རྩའི་རིན་ཐང་བསྐྱར་གསོ་དང་འབྲེལ་བའི་རང་དབང་ཀྱི་འཐབ་རྩོད་ལ་གུས་བརྩི་ཞུ་བཞིན་ཡོད་པ་གསུངས་འདུག

འདི་ག་གསར་འགོད་པས་ཨིན་ཡུལ་བོད་རིགས་ཚོགས་པའི་ཚོགས་གཙོ་བསྟན་འཛིན་ཀུན་དགའ་ལགས་སུ་རྗེས་དྲན་གྱི་ལས་རིམ་དེ་ཚོགས་དགོས་དོན་དང་། ཚོགས་སའི་ས་ཚིགས་ཀྱི་གལ་གནད་སྐོར་ལ་བཀའ་འདྲི་ཞུས་པར་བོད་ཀྱི་རྒྱལ་གཅེས་དཔའ་བོ་ཕོ་མོ་རྣམས་ལ་མྱ་ངན་གུས་འདུད་ཀྱིས་ལས་རིམ་དེའི་བརྒྱུད་བོད་ནང་གི་བོད་མི་རྣམས་ལ་ང་ཚོས་དུས་ནམ་ཡང་བརྗེད་མེད་པའི་བརྡ་ལན་སྤྲོད་ཀྱི་ཡོད་སྐོར་སོགས་གསུངས་སོང་།

འབྲེལ་ཡོད་གསར་གནས།

གསར་གནས།