Tibetan Royal Year of 2151 | Year of the Wood Dragon

འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བ་རྣམས་ཡུ་རོབ་ནང་བསྐྱོད་རྒྱུར་བཀག་སྡོམ་བྱེད་རྒྱུ།

Tibetan News Headlines

  • Dalai Lama congratulates Taiwan’s new President Lai Ching-te
  • Taiwan independence is ‘dead end’: China warns Taiwan’s new President
  • See us not only as victims but also as partners: Sikyong in Paris
  • Citizen journalist who reported on covid outbreak missing after scheduled release from prison
  • Taiwan President’s swearing-in Ceremony and CTA delegation: Interview with Representative Kelsang Gyaltsen

རེས་གཟའ་མིག་དམར། ༢༠༢༤།༠༥།༢༡

  • ༸གོང་ས་མཆོག་གིས་ཐའེ་ཝན་གྱི་སྲིད་འཛིན་གསར་པར་འཚམས་འདྲི་མཛད་པ།
  • རྒྱ་གཞུང་གིས་ཐེ་ཝན་རང་བཙན་ཟེར་བ་ནི་གྲུབ་ཐབས་མེད་པ་ཞིག་ཡིན་པའི་ཉེན་བརྡ་བཏང་འདུག
  • ང་ཚོ་ནི་གནོད་འཚེ་ཕོག་ཡུལ་ཞིག་ཏུ་མི་བལྟ་བར་རྒྱ་ནག་ནང་བཟང་ཕྱོགས་ཀྱི་འགྱུར་བ་གཏོང་མཁན་གྱི་མཉམ་ལས་པ་ཞིག་ལ་བརྩི་དགོས།
  • ཏོག་དབྱིབས་གཉན་རིམས་ཀྱི་གནས་ཚུལ་མཁོ་སྤྲོད་བྱེད་མཁན་གྱི་རྒྱ་རིགས་གསར་འགོད་པ་ཞིག་གར་སོང་ཆ་མེད་དུ་གྱུར་འདུག
  • ཐེ་ཝན་གཞུང་འཛིན་གསར་པ་དང་བོད་མིའི་བཀའ་སྤྱི་གཉིས་ཀྱི་སྐུ་ཚབ་ཀྱི་འཚམས་གཟིགས།

ཡུ་རོབ་སྤྱི་མཐུན་ལྷན་ཚོགས་ནས་ཕྱི་ལོག་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཁན་གྱི་དཔོན་རིགས་ཁག་ཡུ་རོབ་ནང་དུ་ཡོང་རྒྱུར་བཀག་སྡོམ་བྱེད་རྒྱུ་ཡིན་པར་མངོན་གསལ་གནང་འདུགདེའང་ཡུ་རོབ་ནང་གི་ Radio Liberty ཞེས་པའི་རླུང་འཕྲིན་ཁང་གི་ཆེད་གཉེར་གྱི་གསར་འགོད་པ Jozwiak ལགས་ཀྱིས་ཡོངས་གྲགས་གནང་བའི་གནས་ཚུལ་ནང་། ཡུ་རོབ་སྤྱི་མཐུན་ལྷན་ཚོགས་ཀྱི་ཕྱི་སྲིད་བློན་ཆེན་ལས་ཁུངས་ཀྱིས་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་མཁན་གྱི་དཔོན་རིགས་ཁག་ཡུ་རོབ་ཀྱི་ནང་དུ་ཡོང་རྒྱུར་བཀག་སྡོམ་བྱེད་རྒྱུར་ཁས་ལེན་བྱས་པ་མ་ཟད། ཟླ་འདིའི་ཚེས་ ༡༠ ཉིན་ནས་བཟུང་ཁྲིམས་གཞི་དེ་དངོས་སུ་ལག་བསྟར་གནང་འགོ་འཛུགས་རྒྱུ་ཡིན་པར་འཁོད་འདུག

ཐེངས་འདིའི་ཡུ་རོབ་ཀྱི་ཁྲིམས་གཞི་འདིའི་ནང་དུ། གཙོ་བོ་དཔོན་རིགས་ཁག་དང་ཚོགས་པ་ཁག་གི་བཀོད་འདོམ་གྱི་འོག་ཏུ། མི་མང་དམར་གསོད་བཏང་བ། མིའི་རིགས་ལ་ནག་ཉེས་ཀྱི་བྱ་སྤྱོད་སྤེལ་མཁན། དེ་བཞིན་མི་མང་ལ་མི་སྤྱོད་ལས་འདས་བའི་མནར་གཅོད་གཏོང་མཁན་དང་བྲན་གཡོག་ལས་ལ་འཇུག་མཁན། དེ་བཞིན་མི་མང་གསོད་རྡུང་དང་འཛིན་བཟུང་བཀག་སྐྱིལ་གྱི་འོག་ནས་གར་སོང་ཆ་མེད་དུ་བསྒྱུར་མཁན། དྲང་བདེན་མིན་པའི་ཁྲིམས་ཆད་གཅོད་མཁན་སོགས་དང་འབྲེལ་བའི་མི་སྣ་རྣམས་ཡུ་རོབ་ཀྱི་ནང་དུ་ཡོང་རྒྱུར་བཀག་སྡོམ་བྱེད་རྒྱུ་དང་། དེར་འབྲེལ་གྱི་དཔོན་རིགས་ཀྱི་དངུལ་དངོས་ཀྱི་ཚོང་ཟོག་ཁག་ཀྱང་ནུས་མེད་བཟོ་རྒྱུ་རེད་འདུགཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཡུ་རོབ་སྤྱི་མཐུན་ལྷན་ཚོགས་ཀྱིས་ཁྲིམས་གཞི་དེ་གཏན་འབེབས་གནང་བར་དགའ་བསུའི་འཚམས་འདྲི་མཛད་པ་དང་སྦྲགས།  ཡུ་རོབ་མཐུན་ཚོགས་ཀྱིས་ཁྲིམས་གཞི་འདིའི་འོག་ནས་རྒྱ་ནག་གིས་བོད་ནང་དུ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཁན་གི་རྒྱ་ནག་གི་དཔོན་རིགས་ཁག་ཡུ་རོབ་ཀྱི་ནང་དུ་ཡོང་རྒྱུར་བཀག་སྡོམ་གནང་དགོས་བའི་ཞུ་སྐུལ་གནང་སྟེ། ཁྲིམས་གཞི་འདི་ཡུ་རོབ་མཐུན་ཚོགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་ལ་གུས་བརྩི་མཚོན་བྱེད་ཀྱི་ཕྱི་འབྲེལ་གྱི་ལག་ཆ་གལ་ཆེན་ཞིག་ཡིན་པར་བརྟེན། མཐུན་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་སོ་སོས་ཁྲིམས་གཞི་དེ་ལག་བསྟར་གྱིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཁན་རྣམས་བཀག་སྡོམ་གྱི་མིང་གཞུང་གནང་དུ་འཇུག་ཐབས་གནང་དགོས་བའི་ཞུ་སྐུལ་གནང་འདུག

ད་དུང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཡུ་རོབ་ལས་ཁུངས་ཀྱི་སྲིད་བྱུས་ཀྱི་འགན་འཛིན། སྐུ་ཞབས་ Vincent Metten ལགས་ཀྱིས་ཐེངས་འདིའི་ཡུ་རོབ་ཀྱི་ཁྲིམས་གཞི་དེར་དགའ་བསུ་མཛད་པ་དང་ལྷན་དུ། བོད་ཁུལ་གྱི་ཞིང་ཆེན་དང་ལྗོངས་རིམ་པའི་ས་ཁུལ་མང་པོ་ཞིག་ཏུ་རྒྱ་ནག་གི་དཔོན་རིགས་ཀྱིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་དཔང་བོ་གསལ་བོར་ཡོད་པ་དང་། དམིགས་བསལ་དུ་བོད་མིར་མནར་གཅོད་དང་འཛིན་བཟུང་བཀག་སྐྱིལ་འོག་གར་སོང་ཆ་མེད་དུ་བཏང་བ། གཞན་ཡང་གང་བྱུང་འཛིན་བཟུང་སོགས་བོད་ནང་དུ་རྒྱ་ཁྱབ་ཏུ་བཏང་ཡོད་པ་སོགས་ནི་ཐེངས་འདིའི་ཁྲིམས་གཞིའི་ཁྱབ་ཁོངས་སུ་ཚུད་ཡོད་པ་ཞིག་ཡིན་སྐོར་འགྲེལ་བརྗོད་ཀྱིས། ཡུ་རོབ་མཐུན་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་སོ་སོས་རྒྱ་ནག་གི་དཔོན་རིགས་དེ་དག་ངོས་འཛིན་གསལ་བོ་གནང་དགོས་བའི་འབོད་སྐུལ་ཞུས་འདུག

གཞི་རྩའི་ཐེངས་འདིའི་ཡུ་རོབ་ཀྱི་ཁྲིམས་གཞི་གསར་བ་འདི་ནི་ཨ་རིའི་ནང་སྤྱི་ལོ་ ༢༠༡༢ ལོར་གཏན་འབེབས་བྱས་པའི་ Magnitsky Act ཞེས་པའི་ཁྲིམས་གཞི་དང་གཅིག་མཚུངས་ཡིན་པ་ལྟར། ཨ་རིའི་ངོས་ནས་ཁྲིམས་གཞི་འདི་བརྒྱུད་དེ་རྒྱ་ནག་གི་དཔོན་རིགས་ཁག་གིས་བོད་དང་ཤིན་ཅང་གི་གཙོ་བྱས་པའི་འགྲོ་བ་མིའི་ཐོབ་རྡོག་རོལ་གཏོང་མཁན་རྣམས་ཨ་རིའི་ཁུལ་དུ་ཡོང་རྒྱུར་བཀག་སྡོམ་བྱས་ཡོད་པ་ལྟར། ད་ཆ་ཡུ་རོབ་ཀྱི་ངོས་ནས་ཀྱང་ཁྲིམས་གཞི་འདི་ལག་བསྟར་བྱེད་འགོ་ཚུགས་པ་ཞིག་ཆགས་ཡོད་པ་རེད།

 

འབྲེལ་ཡོད་གསར་གནས།

གསར་གནས།