Tibetan Royal Year of 2151 | Year of the Wood Dragon

རྒྱ་གཞུང་གིས་ལྷོ་ཤར་ཨེ་ཤ་ཡ་ནང་༸སྐུའི་ཡང་སྲིད་གནད་དོན་ལ་རྒྱབ་སྐྱོར་འཚོལ་སྒྲུབ་བྱེད་བཞིན་པ།

Tibetan News Headlines

  • India elections and Tibet : Discussion

རེས་གཟའ་ཉི་མ། ༢༠༢༤།༠༥།༡༩

  • རྒྱ་གར་གྱི་འོས་བསྡུ་ཆེན་མོའི་ཁ་ཕྱོགས་དང་བོད་ཀྱི་གནས་བབ་སྐོར་གླེང་མོལ།

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་འགོ་ཁྲིད་དང་དམར་ཤོག་ཚོགས་པའི་དྲུང་ཆེ་གཉིས་ཟླ་བ་སྔོན་མར་ལྷོ་དང་ལྷོ་ཤར་ཨེ་ཤ་ཡ་ནང་ཐེངས་མང་ལྟ་སྐོར་ལ་ཕྱིན་པ་དེ་ནི་གཙོ་བོ་༸སྐུའི་ཡང་སྲིད་གནད་དོན་ལ་རྒྱབ་སྐྱོར་འཚོལ་སྒྲུབ་སླད་ཡིན་པར་ཚོད་དཔག་གནང་བཞིན་འདུག

བོད་ཀྱི་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་འགོ་ཁྲིད་ Yan Jinhai གིས་སྣེ་ཁྲིད་དེ་སྐུ་ཚབ་ཚོགས་ཆུང་ཞིག་ཕྱི་ཟླ་ ༡༡ ཚེས་ ༡༩ ནས་ ༢༨ བར་མལ་ཌི་ཝེ་དང་ཐེ་ལན་ཌི། བྷར་མའི་རྒྱལ་ཁབ་བཅས་སུ་ལྟ་སྐོར་གྱིས་གཙོ་བོ་རྒྱ་ནག་དམར་ཤོག་ཚོགས་པས་བོད་ལ་དབང་བསྒྱུར་བྱས་པའི་ཉམས་མྱོང་དང་ལག་བསྟར་རྣམས་ཕྱོགས་ཡོངས་ནས་གོང་འཕེལ་གཏང་རྒྱུ་དང་རྒྱ་ནག་གི་བརྒྱུད་གཅིག་ལམ་གཅིག་གི་ལས་གཞིའི་འོག་ཕན་ཚུན་ཤེས་རྟོགས་བརྗེ་རེས་དང་མཉམ་ལས་བཅས་ཀྱི་ལས་འགུལ་ལག་བསྟར་བྱེད་བཞིན་ཁག་དྲིལ་བསྒྲགས་བྱས་པར་མ་ཟད། བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་ཚོགས་པའི་དྲུང་ཆེ་ Wang Junzheng བལ་ཡུལ་དང་། Sri Lanka སིངྒ་པུར་བཅས་སུ་ཉིན་བཅུའི་རིང་སྐོར་སྐྱོད་ཀྱིས་མི་ཚན་ཕུན་དབར་གྱི་འབྲེལ་ལམ་གཙོས་དཔལ་འབྱོར་དང་ཚོང་ལས། དེ་བཞིན་ལས་རིགས་འདྲ་མིན་གྱི་ནང་དུ་ཁ་ཡོད་ལག་ཡོད་ཀྱི་མཉམ་འབྲེལ་ཇེ་ཟབ་ཕྱིན་ཡོད་སྐོར་བཀོད་འདུག

ལོན་ཌོན་གཙུག་ལག་སློབ་གྲྭ་ཆེན་མོའི་བོད་རིག་པའི་མཁས་དབང་སྐུ་ཞབས་  Robert Barnett ལགས་ཀྱིས་ཉེ་ཆར་རྒྱ་ནག་གི་མཐོ་རིམ་དཔོན་རིགས་ཁག་གི་ལྷོ་ཤར་ཨེ་ཤ་ཡ་ནང་གི་འགྲུལ་བཞུད་དེ་རྣམས་པེ་ཅིང་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་གནད་དོན་ཐོག་ས་གནས་ནང་པའི་ཁྲོད་ནས་རྒྱབ་སྐྱོར་འཚོལ་སྒྲུབ་ཀྱི་ཆ་ཤས་ཤིག་ཡིན་སྲིད་པ་དང་འདི་ནི་རྒྱ་གཞུང་ལ་ཆབ་སྲིད་ཀྱི་གནད་དོན་གལ་ཆེན་ཞིག་ཆགས་ཀྱི་ཡོད་སྟབས། བོད་ནས་རྒྱ་མིའི་སྐུ་ཚབ་ཚོས་ཆེད་མངགས་ནང་པའི་རྒྱལ་ཁབ་བམ་ནང་པའི་མི་འབོར་མང་བའི་རྒྱལ་ཁབ་གཙོ་ཁག་ཏུ་འགྲུལ་བཞུད་བྱས་པ་ཞིག་ཡིན་སྲིད་པར་གསུངས་ཡོད།

ལྷག་དོན་ཁོང་གིས་ཐེངས་འདིར་བོད་ནས་ཕྱི་རྒྱལ་ལ་རྒྱ་ནག་གི་སྐུ་ཚབ་མི་སྣ་ཆེད་གཏོང་བརྒྱུད་ཕྱི་རྒྱལ་གཞུང་ཁག་ལ་༸སྐུའི་ཡང་སྲིད་ངོས་འཛིན་གནང་ཕྱོགས་ཀྱི་འགན་དབང་ཆ་ཚང་རྒྱ་གཞུང་ལ་ཡོད་ལུགས་ཁས་ལེན་གནང་བར་གནོད་ཤུགས་སྤྲོད་ཆེད་ཡིན་པར་གསུངས་འདུག

Shanghai Fudan གཙུག་ལག་སློབ་གྲྭ་ཆེན་མོའི་སློབ་དཔོན་ Lin Minwang ལགས་ཀྱིས་རྒྱ་ནག་སྐུ་ཚབ་ཀྱི་ཐེངས་འདིའི་འགྲུལ་བཞུད་ནི་རྒྱ་གཞུང་གིས་མངའ་སྡེ་ཁག་གི་དཔོན་རིགས་ཚོར་ཁྱིམ་མཚེས་རྒྱལ་ཁབ་རྣམས་རྒྱ་ནག་གི་ཐབས་བྱུས་འོག་ནས་འགུག་ཐབས་སུ་འགན་མང་ཙམ་འཁྱེར་རྒྱུའི་ཐབས་ཤེས་ཤིག་ཡིན་པར་ངོས་འཛིན་གནང་བ་དང་སྒོས་སྐུ་ཚབ་དེ་དག་གིས་འགྲུལ་བཞུད་བྱེད་སའི་རྒྱལ་ཁབ་དེ་དག་ལ་མཚོན་ན་བོད་དང་འབྲེལ་ལམ་སྣ་ཚོགས་ཡོད་པ་ལྟར་དེའི་ཁོངས་ནས་གཙོ་བོ་གཅིག་དེ་ནང་ཆོས་ཐོག་ནས་ཕན་ཚུན་དབར་ལ་བློ་ཐག་ཉེ་པོ་ཡོད་ཅེས་གསུངས་འདུག

དེ་འབྲེལ་ཉམས་ཞིབ་པ་ཚོས་ཀྱང་ཉེ་ཆར་བོད་ནས་ཕྱི་རྒྱལ་དུ་ཡོང་བའི་རྒྱ་གཞུང་གི་མཐོ་གྲས་དཔོན་རིགས་ཁག་གི་འགྲུལ་བཞུད་ནི་༸སྐུའི་ཡང་སྲིད་གནད་དོན་ལ་རྒྱབ་སྐྱོར་འཚོལ་ཞིབ་བྱ་རྒྱུ་ནི་ཆེས་དཀོན་པོ་ཡིན་ལུགས་གསུངས་ཡོད།

འབྲེལ་ཡོད་གསར་གནས།

Sunday 19/05/2024

Saturday 18/05/2024

Friday 17/05/2024

གསར་གནས།