རྒྱ་གར་རྒྱལ་ཡོངས་འཛིན་རིམ་ ༡༢ ཡིག་རྒྱུགས་ཁྲོད་བོད་པའི་སློབ་གྲྭ་ཁྱོན་ཡོངས་ཀྱི་ཆ་སྙོམ་བརྒྱ་ཆ་དེ་ ༩༨་༥༨ ཆགས་ཀྱི་འདུག

Tibetan News Headlines

  • Snowland Forum 2026 Opens in Taipei to Examine China’s Ethnic-Unity Law
  • Tibetan Activist Begins Peace March from Amsterdam to UN in Geneva to Restore Independence
  • BTSM Launches 15th Tawang Tirth Yatra in Guwahati as Part of Tibet Awareness Campaign
  • Bicycle Rental and Tour Guide Initiative Launched in Kollegal Dhondenling to Boost Eco-Tourism
  • Tibetan Art Curriculum ‘Understanding Zo-Rigpa’ Launched in Dharamsala
  • Nepal PM Balendra Shah Arrives in New Delhi for First Bilateral Visit, Talks with Modi

ཪེས་གཟའ་ཟླ་བ། ༢༠༢༦།༡༡།༢༣

  • འདི་ལོའི་གངས་ལྗོངས་གླེང་སྟེགས་ཐོག་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་དེར་ཐུན་མོང་གིས་གདོང་ལེན་གནང་ཕྱོགས་དང་འབྲེལ་བགྲོ་གླེང་།
  • བོད་རང་བཙན་སླར་གསོའི་ཆེད་དུ་གོམ་བགྲོད་ལས་འགུལ་འགོ་འཛུགས་གནང་འདུག
  • ཆོས་རིག་བཀའ་བློན་དབུ་བཞུགས་ཐོག་རྟ་དབང་གནས་སྐོར་ཐེངས་བཅོ་ལྔ་པ་དབུ་འཛུགས།
  • ཀོ་ལེ་གྷལ་དོན་ལྡན་གླིང་ནང་རྐང་འཁོར་གླ་གཡར་དང་ཡུལ་སྐོར་སྣེ་ཁྲིད་ཀྱི་ལས་གཞི་དབུ་འབྱེད།
  • བཟོ་རིག་པར་གོ་རྟོགས། མཐོང་རྒྱ་དང་གསར་གཏོད་ཀྱི་གདན་ཞུ། ཞེས་པའི་བཟོ་རིག་སྒྱུ་རྩལ་གྱི་བསླབ་གཞི་དཔེ་དེབ་ཅིག་དབུ་འབྱེད།
  • བལ་ཡུལ་གྱི་སྲིད་བློན་བྷ་ལེནྡྲ་ཤཱ་ཡི་རྒྱ་གར་དུ་ཐེངས་དང་པོའི་གཞུང་འབྲེལ་འཚམས་གཟིགས་དབུ་འཛུགས།

༢༠༢༦ ལོའི་རྒྱ་གར་རྒྱལ་ཡོངས་འཛིན་རིམ་ ༡༠ དང་ ༡༢ གཉིས་ཀྱི་ཡིག་རྒྱུགས་གྲུབ་འབྲས་ཁྲོད་བོད་པའི་སློབ་གྲྭ་ཁག་གི་ཁྱོན་ཡོངས་ཀྱི་བརྒྱ་ཆ་དེ་ ༩༧་༧༡ དང་ ༩༨་༥༨ སོ་སོར་ཆགས་ཀྱི་ཡོད་སྟབས། དེ་ནི་གྲུབ་འབྲས་ཡག་པོ་ཞིག་ཡིན་པ་གསུངས་སོང་།

དེ་ཡང་ CBSE རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ཀྱིས་ཟླ་བ་འདིའི་ཚེས་ ༡༣ ཉིན་ ༢༠༢༦ ལོའི་འཛིན་རིམ་བཅུ་གཉིས་ཀྱི་རྒྱལ་ཡོངས་ཡིག་རྒྱུགས་ཆེན་མོའི་གྲུབ་འབྲས་གསལ་བསྒྲགས་བསྐྱངས་ཡོད་པ་དང་བསྟུན། དེ་རིང་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་སུ་དེའི་སྐོར་བཀའ་འདྲི་ཞུས་སྐབས་ཁོང་གིས། འདི་ལོའི་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཡིག་རྒྱུགས་ནང་བོད་པའི་སློབ་གྲྭ་ཁག་ ༡༣ ནས་སློབ་ཕྲུག་ ༩༡༨ མཉམ་ཞུགས་ཀྱིས་སློབ་ཕྲུག་ ༩༠༥ ཡིག་རྒྱུག་འཕྲོད་དེ་ཁྱོན་ཡོངས་ཀྱི་བརྒྱ་ཆ་ ༩༨་༥༨ ཡིན་པ་དང་། ཕྱི་ཟླ་་༤ ཚེས་ ༡༥ ཉིན་འཛིན་རིམ་ ༡༠ རྒྱལ་ཡོངས་ཡིག་རྒྱུགས་གསལ་བསྒྲགས་ཁྲོད། སློབ་གྲྭ་ ༢༢ ནས་སློབ་ཕྲུག་ ༡༠༠༥ མཉམ་ཞུགས་ཀྱིས་སློབ་ཕྲུག་ ༩༨༢ ཡིག་རྒྱུགས་འཕྲོད་དེ་ཁྱོན་ཡོངས་ཀྱི་བརྒྱ་ཆ་ ༩༧་༧༡ ཡིན་པ་གསུངས་སོང་།

འདི་ལོའི་བོད་པའི་སློབ་གྲྭའི་ཁོང་ནས་སློབ་ཕྲུག་བུ་དང་བུ་མོའི་གྲངས་ཚད་དང་རྒྱུགས་འཕྲོད་ཆ་སྙོམ་བརྒྱ་ཆ་དེ་ནི། འཛིན་རིམ་ ༡༢ ནང་བུ་ ༤༢༩ ནས་ ༤༢༣ རྒྱུགས་འཕྲོད་དེ་ཆ་སྙོམས་བརྒྱ་ཆ་དེ་ ༩༨་༦༠ དང་། བུ་མོ་ ༤༨༩ ནས་ ༤༨༢ རྒྱུག་འཕྲོད་དེ་ཆ་སྙོམ་བརྒྱ་ཆ་དེ་ ༩༨་༥༧ ཆགས་ཀྱི་འདུག དེ་བཞིན་འཛིན་རིམ་ ༡༠ པའི་ཁོངས་བུ་ ༤༨༦ ནས་ ༤༧༥ རྒྱུགས་འཕྲོད་དེ་ཆ་སྙོམ་བརྒྱ་ཆ་དེ་ ༩༧་༧༤ དང་། བུ་མོ་ ༥༡༩ ནས་ ༥༠༧ རྒྱུགས་འཕྲོད་དེ་ཆ་སྙོམ་བརྒྱ་ཆ་དེ་ ༩༧་༦༩ ཆགས་ཀྱི་འདུག

འཛིན་རིམ་ ༡༢ ནང་བོད་སློབ་གྲྭའི་ཁོངས་ནས་ Science ཚན་རིག་སྡེ་ཚན་ནང་ཨང་རིམ་དང་པོ་གསོན་པ་དེ་མ་སུ་རི་བོད་ཁྱིམ་ནས་ཡིན་པའི་བསྟན་འཛིན་ནོར་འཛོམས་ལགས་ལ་བརྒྱ་ཆ་ ༩༢་༦ དང་གཉིས་པ་སེ་ལ་ཀུའི་བོད་ཁྱིམ་གྱི་སློབ་མ་བསྟན་འཛིན་ལྷ་མོ་ལགས་སུ་བརྒྱ་ཆ་ ༩༡་༨ གསུམ་པ་ཧ་པ་པུར་སམ་བྷོ་ཊའི་སློབ་མ་རི་ཤི་ཏ་ལགས་སུ་བརྒྱ་ཆ་ ༩༠་༦ བཅས་སོན་འདུག

དེ་བཞིན་ Commerce ཚོང་འབྲེལ་སྡེ་ཚན་ནང་ཨང་རིམ་དང་པོ་མ་སུ་རི་བོད་ཁྱིམ་ནས་ཡིན་པའི་སློབ་མ་ནྀ་ཤ་བྷ་ལགས་སུ་བརྒྱ་ཆ་ ༩༡་༢ དང་། གཉིས་པ་སྦེལ་ཀོབ་བོད་ཁྱིམ་ནས་ཡིན་པའི་སློབ་མ་བསྟན་འཛིན་བཟོད་པ་ལགས་སུ་བརྒྱ་ཆ་ ༨༩་༢ དེ་བཞིན་གསུམ་པ་མ་སུ་རི་བོད་ཁྱིམ་ནས་ཡིན་པའི་སློབ་མ་བསྟན་འཛིན་གཡུ་མཚོ་ཚེ་རིང་ལགས་སུ་བརྒྱ་ཆ་ ༨༨་༨ བཅས་སོན་འདུག

མ་ཟད་ Arts སྒྱུ་རྩལ་སྡེ་ཚན་ནང་བརྒྱ་ཆ་རྩེ་ཕུད་སོན་པའི་སློབ་ཕྲུག་གསུམ་ཆ་ཚང་ཧ་པ་པུར་སམ་བྷོ་ཊ་གཏན་སློབ་ཀྱི་སློབ་ཕྲུག་ཡིན་པ་དང་། དང་པོ་ཨཱརྱན་ལགས་སུ་བརྒྱ་ཆ་ ༩༥་༤ དང་། གཉིས་པ་ཤི་ཝ་ནྀ་ལགས་སུ་བརྒྱ་ཆ་ ༩༤་༦ དེ་བཞིན་གསུམ་པ་ཤྲི་ཡཱ་སི་ཅོ་ཧན་ལགས་སུ་བརྒྱ་ཆ་ ༩༤ བཅས་སོན་འདུག

གཞི་རྩའི་བོད་མིའི་སྒྲིག་འཛུགས་ནས་ལོ་ལྟར་ཕུལ་བྱུང་སློབ་ཡོན་གནང་སྲོལ་ཡོད་པ་ལྟར། འཛིན་རིམ་བཅུ་གཉིས་ཀྱི་རྒྱལ་ཡོངས་ཡིག་རྒྱུགས་ཆེན་མོའི་ཁྲོད་སློབ་མ་སྒེར་གྱི་རྒྱལ་ཡོངས་ཡིག་རྒྱུགས་ནང་བོད་ཡིག་གི་བརྒྱ་ཆ་དང་། སློབ་མའི་ཀུན་སྤྱོད་དང་སློབ་གྲྭའི་ནང་འགོ་ཁྲིད་ཀྱི་ནུས་རྩལ། ཤེས་རིག་ལས་ཁུངས་ཀྱི་བུམ་སྐྱོན་གསུམ་བྲལ་སློབ་ཕྲུག་རྩེ་ཕུད་ཀྱི་བྱ་དགའ་དང་སྤྱི་བའི་འགན་བདག་གནང་མྱོང་མཁན་ཡིན་ཚེ་དེར་བརྒྱ་ཆ་ཁག་གཅིག དེ་བཞིན་རྒྱལ་ཡོངས་ཀྱི་བརྒྱ་ཆ་བཅས་ཕྱོགས་སྡོམ་བརྒྱ་ཆ་བརྒྱ་ནས་བརྒྱ་ཆ་ ༧༥ དང་དེའི་ཡན་ལོན་ཚེ་ཕུལ་བྱུང་སློབ་ཡོན་ཁོངས་སུ་བཞུགས་ཆོག་གི་ཡོད་ཀྱང་། སློབ་མ་ཁྱོན་ ༢༥ ལ་ཕུལ་བྱུང་གི་སློབ་ཡོན་ཐོབ་ཀྱི་ཡོད་པ་རེད། ད་ལྟའི་ཆར་ཤེས་རིག་ལས་ཁུངས་ཀྱི་སློབ་ཡོན་ཚན་པས་ངོས་ནས་དེའི་ཐོག་འཚོལ་ཞིབ་ཀྱི་བརྒྱུད་རིམ་ལས་དོན་འགྲོ་མུས་ཡིན་ཞིང་། རྒྱལ་ཡོངས་ཡིག་རྒྱུགས་ཁྲོད་སློབ་ཚན་ལྔ་ལ་བརྒྱ་ཆ་ ༩༥ ཡན་ལོན་མཁན་རྣམས་ལ་ཕུལ་བྱུང་བྱ་དགའ་གནང་སྲོལ་ཡོད་པ་ལྟར། འདི་ལོའི་དཔྱ་ཁྲལ་ལག་དེབ་ཡོད་མཁན་གྱི་བོད་པའི་སློབ་ཕྲུག་བྱུང་མི་འདུག

འབྲེལ་ཡོད་གསར་གནས།

གསར་གནས།