Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག་གི་གཞུང་ཚབ་པས་ཧ་ཝར་ཌི་ཀེ་ནེ་ཌི་སློབ་གྲྭར་གཏམ་བཤད་བྱེད་སྐབས་ས་གནས་བོད་མིས་ངོ་རྒོལ།

Tibetan News Headlines

  • Dalai Lama received Kalu Rinpoche and more than 400 devotees in an audience
  • Tibetans hold peace rally calling for the release of Panchen Lama on the anniversary of his abduction
  • Tibet Museum celebrates International Museum Day with art exhibition by local Tibetan artists and writers
  • Central Tibetan Administration congratulates new Co-Chair for Australian Parliamentary Group for Tibet, Senator Barbara Pocock
  • Interview on CTA’s scholarship and excellence award

རེས་གཟའ་པ་སངས། ༢༠༢༤།༠༥།༡༧

  • ༸གོང་ས་མཆོག་གིས་དེ་རིང་ཀར་ལུ་རིན་པོ་ཆེ་དབུས་པའི་དད་ལྡན་ཆོས་ཞུ་བ་ ༤༠༠ ལྷག་ལ་མཇལ་ཁ་སྩལ་འདུག
  • དགོས་འདུན་དོན་ཚན་བཞིའི་ཐོག་ནས་༸པཎ་ཆེན་རིན་པོ་ཆེའི་གནས་སྟངས་གསལ་བཏོན་དགོས་པའི་ཞི་བའི་གོམ་བགྲོད།
  • རྒྱལ་སྤྱིའི་འགྲེམས་སྟོན་ཉིན་མོ་ཐེངས་ ༤༧ པ་སྲུང་བརྩི།
  • ལྕམ་སྐུ་ Barbara Pocock ཨོ་གླིང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཟུང་སྦྲེལ་ཚོགས་གཙོ་གསར་པར་བསྐོ་བཞག་བྱུང་བར་འཚམས་འདྲི།
  • བོད་མིའི་སྒྲིག་འཛུགངས་ཤེས་རིག་ལས་ཁུངས་ནས་འཛིན་རིམ་བཅིུས་ཀྱི་བསླབ་པ་ཐར་སོན་པ་རྣམས་ལ་སློབ་ཡོན་ཇི་ཡོད་སྐོར་བཅར་འདྲི།

ཁ་ཉིན་ཨ་རི་ནང་གི་རྒྱ་ནག་གཞུང་ཚབ་པ་ Xie Feng ཡིས་ཧ་ཝར་ཌི་ཀེ་ནེ་ཌི་སློབ་གྲྭའི་ནང་དུ་གཏམ་བཤད་བྱེད་སྐབས་མཐོ་སློབ་དེའི་སློབ་ཕྲུག་ལས་ཟུར་དྲུག་ཆེད་དུ་བཅར་ནས་རྒྱ་གཞུང་གིས་བོད་དང་ཧོང་ཀོང་། ཤར་ཏུར་ཁི་སི་ཐན། ཐེ་ཝན་བཅས་ཀྱི་ཐོག་འཛིན་པའི་དྲག་པོའི་སྲིད་བྱུས་ལ་ངོ་རྒོལ་ཤུགས་ཆེ་གནང་འདུག

དེ་ཡང་ཨ་རིའི་ Massachusetts མངའ་སྡེར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་ཁྲོད་སྙན་གྲགས་ཆེ་བའི་ Harvard གཙུག་ལག་སློབ་གཉེར་ཁང་གི་དྲ་གནས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཁ་ཉིན་རེས་གཟའ་སྤེན་པ་ཉིན་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོང་ཁྱེར་ཆེན་པོའི་སྤྱི་ཚོགས་ཀྱིས་གོ་སྒྲིག་འོག་ Harvard  Kennedy སློབ་གྲྭའི་ནང་ལོ་རེའི་སློབ་མའི་ཚོགས་འདུ་ཞིག་འཚོགས་ཡོད་པ་དང་དེའི་ཐོག་ཨ་རི་ནང་གི་རྒྱ་ནག་གཞུང་ཚབ་པ་ Xie Feng ཡིས་ Kennedy སློབ་གྲྭའི་རྒྱ་ནག་གི་ཚོགས་འདུའི་དབུ་འབྱེད་གཏམ་བཤད་སྐབས་ཁུལ་དེར་ཡོད་པའི་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་རྒྱ་ནག་ལ་ངོ་རྒོལ་གནང་མཁན་སློབ་ཕྲུག་མཐུན་ཚོགས་ཟུང་སྦྲེལ་གྱིས་གཅིག་རྗེས་གཉིས་མཐུད་ཀྱིས་ཡར་ལངས་ཏེ་བོད་པའི་དར་ཆ་དང་འཕྲེད་དར་བཅས་བཟུང་ནས་རྒྱ་ནག་གིས་རྫུན་བཤད་པར་བརྟེན་མི་རྣམས་འདས་གྲོངས་སུ་གྱུར་གྱི་ཡོད་པའི་སྐད་འབོད་རྒྱག་པ་མ་ཟད། ཚོགས་འདུ་ཚོགས་ཡུལ་གྱི་ཕྱི་ཕྱོགས་སུ་ Harvard སློབ་ཕྲུག་དང་ Boston གྱི་ས་གནས་ཡུལ་མི་བཅས་ངོ་རྒོལ་བ་མི་གྲངས་སུམ་ཅུ་སོ་ལྔ་ཙམ་མཉམ་ཞུགས་ཀྱིས་ཕྱག་ཏུ་བོད་ཀྱི་རྒྱལ་དར་དང་བོད་ནང་མི་སེར་སྤེལ་ཡུལ་གྱི་བཅའ་སྡོད་སློབ་ཁག་ལ་ངོ་རྒོལ་ཡོད་ཅེས་འཁོད་པའི་ཤོག་བྱང་སོགས་བསྣམས་ཏེ་ངོ་རྒོལ་ལས་འགུལ་ཤུགས་ཆེ་སྤེལ་འདུག

རྒྱ་ནག་ལ་ངོ་རྒོལ་གནང་མཁན་གྱི་སློབ་ཕྲུག་མཐུན་ཚོགས་འཛུགས་མཁན་དང་སྒོས་རྒྱ་ནག་གཞུང་ཚབ་པ་ Xie Feng ཡི་གཏམ་བཤད་ལ་ངོ་རྒོལ་དང་པོ་གནང་མཁན་སྐུ་ཞབས་ Cosette T.Wangdue ལགས་ཀྱིས་ Xie Feng ཡིས་འདས་པའི་བྱ་སྤྱོད་ནི་ང་ཚོའི་རིན་ཐང་དང་ Harvard སློབ་ཆེན་གྱི་རིན་ཐང་དང་ཐད་ཀར་འགལ་ཟླར་གྱུར་ཡོད་པ་འགྲེལ་བརྗོད་དང་སྦྲགས། ལྟ་ཚུལ་འདིའི་རིགས་་ཝར་ཌི་སྤྱི་ཚོགས་སུ་གནས་ས་མེད་པ་མ་ཟད། ང་ཚོས་མི་རིགས་རྩ་མེད་གཏོང་བའི་སྲིད་གཞུང་ཞིག་ལ་རྒྱབ་སྐྱོར་བྱེད་མཁན་དང་། འགྲོ་བ་མིའི་ཐོབ་ཐང་ལ་གཏོར་བཤིག་འཚབ་ཆེ་གཏོང་མཁན་ཞིག་ལ་ཆོག་མཆན་སྤྲོད་རྒྱུ་མིན་ཞེས་ནན་བརྗོད་གནང་འདུག

ད་ལྟའི་ཆར་ཨ་རིའི་ Washington ནང་གི་རྒྱ་ནག་གཞུང་ཚབ་ཁང་གི་མགྲིན་ཚབ་པར་ངོ་རྒོལ་དེའི་སྐོར་འགྲེལ་བཤད་བྱེད་དགོས་པའི་རེ་སྐུལ་ཞུར་པར་ལན་གང་ཡང་བྱས་མེད་པའི་ཁྲོད་ཧ་ཝར་ཌི་སློབ་ཆེན་གྱི་ཉེན་རྟོག་ལས་ཁུངས་ཀྱི་མགྲིན་ཚབ་པ་ Steven G. Catalano ལགས་ཀྱིས་དེ་འབྲེལ་བསྒྲགས་གཏམ་ཞིག་སྤེལ་བའི་ནང་དུ་ངོ་རྒོལ་བ་ལྔ་པོས་རྒྱ་ནག་གཞུང་ཚབ་པའི་གཏམ་བཤད་ལ་བར་ཆད་བྱ་མཚམས་བྱ་རྒྱུའི་ཁས་ལན་མ་བྱས་སྟབས་ཉེན་རྟོག་པས་ཁོང་རྣམས་གཏམ་བཤད་ཀྱི་ལས་རིམ་དེ་ནས་ཕྱིར་འབུད་བཏང་ཡོད་པ་འཁོད་འདུག

This image has an empty alt attribute; its file name is harvard-protest.jpg

དེ་བཞིན་ Boston ས་གནས་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་ཚེ་རིང་དབྱངས་ཅན་ལགས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་གི་ནང། རྒྱ་དམར་གྱིས་བོད་ལ་བཙན་འཛུལ་དང་མི་སེར་སྤེལ་སྐབས་བོད་མི་སྟོང་ཕྲག་མང་པོ་བསད་དེ་བོད་ནས་བྲོས་བྱོལ་དུ་ཡོང་དགོས་བྱུང་བ་དང་ཤཱའེ་ཕེང་ནི་བོད་མི་རིགས་རྩ་མེད་གཏོང་བར་རྒྱབ་སྐྱོར་བྱེད་མཁན་ཞིག་སྟབས། ཁོང་བོད་པའི་ཧ་ཝར་ཌི་སློབ་ཕྲུག་ཅིག་ཡིན་པའི་ཆ་ནས་འཛམ་གླིང་ལ་བདེན་པ་སྟོན་རྒྱུ་ནི་ཁོ་མོའི་ལས་འགན་ཡིན་པ་གསུངས་འདུག

ཁ་ཉིན་ཧ་ཝར་ཌི་ཀེ་ནེ་ཌི་སློབ་གྲྭའི་གསུང་བཤད་མཛད་སྒོར་བར་ཆད་བྱུང་བ་དངོས་སུ་མཐོང་མཁན་ Angela Hu ལགས་ཀྱིས་ཁོང་རང་ཉིད་ནི་སུ་ཞིག་གི་ཕྱོགས་སུ་ཡང་མ་ལྷུང་བར་གནས་ཡོད་ཀྱང་། བར་ཆད་དེ་ཤེས་ཡོན་ཅན་གྱི་སྤྱོད་ཚུལ་མིན་པར་ཡིད་ཆེས་གནང་གི་ཡོད་ཅེས་གསུངས་འདུག་པ་དེ་ལྟར་ཡང་ཚེ་རིང་དབྱངས་ཅན་ལགས་ཀྱིས་ང་ཚོས་རྒྱ་ནག་དམར་པོའི་སྲིད་དབང་ནི་མི་རིགས་རྩ་མེད་གཏོང་མཁན་གྱི་སྲིད་གཞུང་ཞིག་ཡིན་པ་གསལ་པོ་བཟོ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་ཞེས་དང་ངས་བལྟས་ན་ང་ཚོས་ལམ་ལྷོངས་ཆེན་པོའི་ངང་ནས་རང་ཉིད་སྐད་གྲགས་ཡོད་ཚད་ཕྱི་ལ་བསྒྲགས་ཐུབ་པ་བྱུང་ཡོད་ཅེས་གསུངས་འདུག

འབྲེལ་ཡོད་གསར་གནས།

གསར་གནས།