རྒྱ་ནག་གི་ཊིག་ཊོག་མཉེན་ཆས་བཀག་སྡོམ་དང་འབྲེལ་བའི་ཁྲིམས་འཆར་ལ་གྲོས་ཚོགས་གོང་མའི་རྒྱབ་སྐྱོར་ཐོབ་འདུག

Tibetan News Headlines

  • Hokkaido Shimizu Town Delegation Visits Tibet House Japan, Presents First Harvest of the Region for His Holiness the Dalai Lama
  • Tibet Advocacy Group Calls on US to Restore Tibetan Broadcasting Services to Counter Chinese Propaganda and Censorship
  • China-Linked UK Businessman Tried to Hire Ex-Met Detective to Investigate MPs Critical of Beijing
  • Nvidia CEO Jensen Huang Admits Affair with Suspected Chinese Spy; Company Launches Investigation
  • Tibetan Representative Jigme Tsultrim Briefs India’s Minority Commission Chairperson on Tibetan Settlements in South India
  • China Expands Media Influence in Thailand Through Partnerships, Propaganda and Diplomatic Pressure, RSF Reports
  • History Feature: Tsarong Dasang Damdul

ཪེས་གཟའ་ཟླ་བ། ༢༠༢༦།༡༡།༠༩

  • ཉི་ཧོང་གྲོང་སྡེ་ཞིག་གི་སྐུ་ཚབ་ཚོ་ཁག་ནས་ས་གནས་དེའི་ལོ་ཏོག་ཐོན་སྐྱེད་ཐོག་མ་༸གོང་ས་མཆོག་ལ་འབུལ་བཞེས་གནང་འདུག
  • རྒྱ་ནག་གི་འཁྱོག་བཤད་དྲིལ་བསྒྲགས་ལ་གདོང་ལེན་སླད་ཨ་རི་གཞུང་གིས་བོད་སྐད་རླུང་འཕྲིན་ཁང་ལ་རྒྱབ་སྐྱོར་བྱེད་དགོས་གལ་ཡིན་པ་གསུངས་འདུག
  • དབྱིན་ཡུལ་ཚོང་པ་ཞིག་གིས་སོ་མྱུལ་བ་གླ་གཡར་བརྒྱུད་རྒྱ་ནག་གི་ཆེད་དུ་དབྱིན་ཡུལ་གྲོས་ཚོགས་འཐུས་མི་ཁག་གཅིག་ལ་གསང་ཉུལ་བྱས་པ་མངོན་གསལ།
  • Nvidia ཁེ་ལས་ཁང་གི་འགན་འཛིན་གྱིས་དོགས་གཞི་ཅན་གྱི་རྒྱ་རིགས་བུད་མེད་སོ་བ་ཞིག་དང་ནང་འབྲེལ་བྱུང་བའི་ཁས་ལེན་བྱས་རྗེས། ཁེ་ལས་ཁང་གིས་ཁོའི་བྱ་སྤྱོད་ལ་ཞིབ་བཤེར་འགོ་འཛུགས།
  • ལྷོ་སྤྱི་ཡིས་རྒྱ་གར་གཞུང་གི་གྲངས་ཉུང་མི་རིགས་ལྷན་ཚོགས་ཀྱི་ཚོགས་གཙོ་དང་མཇལ་འཕྲད་གནང་བ།
  • རྒྱ་གཞུང་གིས་ Thailand ནང་གི་གསར་འགོད་རང་དབང་ལ་དམ་དྲག་ཆེན་པོ་བྱེད་བཞིན་པ་གསལ་སྟོན།
  • བོད་ཀྱི་ལོ་རྒྱུས་ཁྲོད་མི་སྣ་གྲགས་ཅན་ངོ་སྤྲོད། དམག་སྤྱི་ཚ་རོང་ཟླ་བཟང་དགྲ་འདུལ་ལགས་ཀྱི་སྐོར།

ཨ་རིའི་གྲོས་ཚོགས་གོང་མས་རྒྱ་ནག་ནང་གི་ ByteDance ཚོང་ལས་ཁང་ནས་ཟླ་བ་དགུའི་ནང་ཚུན་ཊིག་ཊོག་མཉེན་ཆས་ཀྱི་བདག་དབང་ཚོང་བསྒྱུར་མ་བྱས་ཚེ། ཨ་རིའི་ནང་མཉེན་ཆས་དེ་ཡོངས་སུ་བཀག་སྡོམ་བྱ་རྒྱུ་ཡིན་པའི་ཁྲིམས་འཆར་ལ་ཨ་རིའི་གྲོས་ཚོགས་གོང་མས་མང་མོས་སྒོ་ནས་རྒྱབ་སྐྱོར་ཐོབ་པ་དང་འབྲེལ། རིང་མིན་ཨ་རིའི་སྲིད་འཛིན་གྱིས་མཚན་རྟགས་བཀོད་དེ་ཁྲིམས་སུ་གཅད་རྒྱུ་ཡིན་པ་རེད།

དེ་ཡང་དེ་རིང་སྔ་དྲོར་ BBC གསར་ཁང་གིས་དེ་འབྲེལ་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ལམ་ཨ་རིའི་གྲོས་ཚོགས་འོག་མའི་ནང་བྷའེ་ཌན་སྲིད་གཞུང་གིས་ཡུག་རེན་དང་། ཨི་སི་རེལ། ཐེ་ཝན། དེ་བཞིན་རྒྱ་གར་ཞི་བདེའི་རྒྱ་མཚོའི་ནང་གི་ཨ་རིའི་མཐུན་གྲོགས་ས་ཁུལ་ཁག་གཅིག་ལ་ཨ་སྒོར་ཐེར་འབུམ་ ༩༥ ཡི་རོགས་དངུལ་སྤྲོད་རྒྱུའི་ཁྲིམས་འཆར་གཏན་འབེབས་བྱུང་ཡོད་པའི་ཁྲོད། ཨ་རིའི་ཕྱི་སྲིད་ལས་དོན་དང་བདེ་འཇགས་སོགས་ལ་དམིགས་ནས་རྒྱ་ནག་གི་མཉེན་ཆས་ཊིག་ཊོག་བཟོ་ཚོང་ལས་ཁང་ཨ་མ་ ByteDance ཞེས་པ་དེས་ལོ་གཅིག་གི་ནང་ཚུན་དུ་བདག་དབང་བརྗེ་བསྒྱུར་བྱས་པའང་། ཡང་ན་བརྒྱུད་ལམ་དེ་ལས་ཐ་དད་བཟོ་མ་ཐུབ་ཚེ་མཉེན་ཆས་དེ་བཞིན་ཨ་རིའི་ཚོང་ར་ནང་བཀག་སྡོམ་བྱ་རྒྱུ་ཡིན་པའི་གྲོས་གཞི་དེར་མང་མོས་ཀྱིས་རྒྱབ་སྐྱོར་ཐོབ་ཡོད་པ་ལྟར། ད་ཆ་ཁྲིམས་འཆར་དེ་གྲོས་ཚོགས་གོང་མའི་ནང་དུའང་འཐུས་མི་ ༧༩ ཡིས་རྒྱབ་སྐྱོར་དང་། ༡༨ ཀྱིས་དགག་པ་བསྐྱོན་ཏེ་མང་མོས་སྒོ་ནས་གཏན་འབེབས་བྱུང་འདུག

དེ་འབྲེལ་ཁ་སང་ཕྱི་ཚེས་ ༢༣ ཉིན་ཨ་རིའི་སྲིད་འཛིན་མཆོག་གིས་གཞུང་འབྲེལ་བསྒྲགས་གཏམ་ཞིག་སྤེལ་འདུག་པའི་ནང་། ཁོང་གིས་ཁྲིམས་འཆར་དེར་དེ་རིང་རེས་གཟའ་ལྷག་པའི་ཉིན་དངོས་སུ་མཚན་རྟགས་བཀོད་ནས་ཁྲིམས་སུ་གཅད་རྒྱུ་ཡིན་སྐོར་གསུང་བ་དང་སྦྲགས། བདུན་ཕྲག་འདིའི་ནང་ཡུག་རེན་ལ་དམག་གི་མཚོན་ཆ་གཏོང་འགོ་བཙུགས་རྒྱུ་ཡིན་ཞེས་གསུངས་འདུག་པ་མ་ཟད། ཁྲིམས་འཆར་དེས་རྒྱལ་སྤྱིའི་ཁྲོད་ཨ་རིའི་འགོ་ཁྲིད་ཀྱི་ནུས་པ་མངོན་གསལ་དང་། སེམས་ཐག་གཙང་བཅད་ཀྱིས་མང་གཙོ་དང་རང་དབང་ལ་རྒྱབ་སྐྱོར། དེ་བཞིན་བཙན་དབང་གི་སྲིད་གཞུང་དང་བཙན་གནོན་ལ་ངོ་རྒོལ་ཡོད་པ་མངོན་གསལ་ཐུབ་པ་ཡིན་ཞེས་གསུངས་འདུག  ཁོང་གིས་ད་དུང་སྐུ་ཞབས་ Schummer དང་ McConnell གཙོས་པའི་གྲོས་ཚོགས་གོང་མའི་ནང་ཁྲིམས་འཆར་དེར་རྒྱབ་སྐྱོར་གནང་མཁན་ཡོངས་ལ་བཀའ་དྲིན་ཆེ་ཞུས་འདུག་པ་དང་། གནད་དགག་ཅན་གྱི་ཁྲིམས་འཆར་དེའི་བརྒྱུད་ང་ཚོས་དྲག་སྤྱོད་རིང་ལུགས་པ་ཧ་མས་དང་གདུག་རྩུབ་ཅན་པུ་ཊིན་ལྟ་བུར་འཐབ་རྒོལ་བྱེད་བཞིན་པའི་གྲོགས་པོ་རྣམས་ལ་རྒྱབ་སྐྱོར་བྱས་ཏེ། ཨ་རི་གཙོས་པའི་འཛམ་གླིང་ཁྱོན་ཡོངས་སུ་བདེ་འཇགས་བསྐྲུན་ངེས་ཡིན་ཞེས་གསུངས་འདུག

དེ་བཞིནཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Marco Rubio ལགས་ཀྱིས་ BBC གསར་ཁང་ལ་གསུངས་པ་ལྟར་ན། ང་ཚོས་ལོ་ངོ་མང་པོའི་རིང་ཨ་རིའི་ནང་སྐད་གྲགས་ཅན་གྱི་མཉེན་ཆས་ཤིག་ལ་རྒྱ་ནག་གཞུང་གི་སྟངས་འཛིན་བྱེད་བཅུག་ཡོད་པས། ད་ཆ་ཁྲིམས་འཆར་གསར་པ་དེའི་བརྒྱུད་རྒྱའི་ཚོང་ལས་ཁང་ནས་མཉེན་ཆས་དེ་བཙོང་དགོས་པ་ཆགས་རྒྱུ་ཡིན་པ་ནི་ཨ་རིའི་རྒྱལ་ཁབ་ཀྱི་ཐག་གཅོད་དང་གོམ་སྟབས་བཟང་པོ་ཞིག་ཡིན་པ་གསུངས་འདུག་ཀྱང་། Richmond མཐོ་སློབ་ཀྱི་ཁྲིམས་ཀྱི་སློབ་དཔོན་ Carl Tobias ལགས་ཀྱིས་ BBC གསར་ཁང་ལ་གསུངས་པར་གཞིགས་ཚེ། ཊིག་ཊོག་གི་བཟོ་ཚོང་ལས་ཁང་ཨ་མ་ ByteDance ཡིས་ཀྲིག་ཀྲོག་ཐོག་བདག་དབང་བརྗེ་བསྒྱུར་ཐད་ཟླ་བ་དགུའི་ནང་ཚུན་དུ་བཟོ་ཚོང་ལས་ཁང་དེ་ཉོ་མཁན་ཞིག་རགས་རྒྱུ་ཁག་པོ་ཡིན་པས། ཁྲིམས་དེ་དངོས་སུ་ལག་བསྟར་བྱ་རྒྱུར་ལོ་གཉིས་ཙམ་འགོར་སྲིད་ཅེས་གསུངས་འདུག

རྩ་བའི་ཨ་རིའི་གྲོས་ཚོགས་འཐུས་མི་རྣམས་ནས་རྒྱ་གཞུང་གིས་ཊིག་ཊོག་མཉེན་ཆས་བརྒྱུད་ཨ་རིའི་མི་སེར་ས་ཡ་མང་པོའི་གནས་ཚུལ་རྐུ་འཁྱེར་བྱེད་བཞིན་པར་སེམས་འཚབ་ཀྱིས། ཊིག་ཊོག་བཟོ་ཚོང་ལས་ཁང་ཨ་མ་ ByteDance ཡིས་བདག་དབང་བརྗེ་བསྒྱུར་དགོས་པའི་ཞུ་སྐུལ་རིམ་པ་གནང་བ་དང་། དེ་སྔ་ཕྱི་ལོ་ ༢༠༢༠ ལོའི་ནང་སྐབས་དེའི་ཨ་རིའི་སྲིད་འཛིན་གྱིས་མཉེན་ཆས་དེ་བཀག་སྡོམ་བྱ་རྒྱུའི་བཀོད་ཁྱབ་བཏང་ཡང་ཁྲིམས་ཁང་ནས་སྨྲ་བརྗོད་རང་དབང་རྡོག་རོལ་དང་འབྲེལ་བའི་གནད་དོན་འོག་བཀོད་ཁྱབ་དེ་བཀག་འགོག་བྱས་ཡོད་པ་རེད།

ད་རེས་ཨ་རིའི་གྲོས་ཚོགས་གོང་མའི་ནང་དེ་འབྲེལ་ཁྲིམས་འཆར་དངོས་སུ་གཏན་འབེབས་བྱུང་བ་དང་འབྲེལ། ByteDance ཡིས་ BBC གསར་ཁང་ལ། ཐག་གཅོད་དེའི་ཐད་ད་ལྟའི་འཆར་འཕྲལ་དུ་ཡ་ལན་གང་ཡང་མེད་ཅེས་བརྗོད་འདུག་ཀྱང་། དེ་སྔ་ཚོང་ལས་ཁང་དེས་ཊིག་ཊོག་བཙན་གྱིས་བཙོང་རྒྱུའི་ཐག་གཅོད་ཆ་ཚང་ལ་ངོས་ལེན་མེད་ཅེས་བརྗོད་ཡོད་ལ།  ByteDance ནི་རྒྱ་ནག་དང་རྒྱལ་ཁབ་གང་གི་ཀྱང་གསང་མྱུལ་བ་མིན་པ་དང་། ཁྲིམས་འཆར་དེས་ཨ་རིའི་ཊིག་ཊོག་བེད་སྤྱོད་གཏོང་མཁན་མི་གྲངས་དུང་ཕྱུར་གཅིག་དང་ཕྱེད་ཀ་ལྷག་ལ་གནང་བའི་སྨྲ་བརྗོད་རང་དབང་གི་ཐོབ་ཐང་དང་རྒྱབ་འགལ་ཆགས་ཀྱི་ཡོད་པའི་རྒྱུ་མཚན་ཆེད་འདོན་གྱིས་ཨ་རིའི་ཁྲིམས་ཁང་ལ་ཁྲིམས་དེ་ལག་བསྟར་མི་ཡོང་བའི་འབད་བརྩོན་བྱ་རྒྱུ་ཡིན་སྐོར་གསུངས་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།

Monday 09/11/2026