རྡེ་ར་རྡུན་དང་བླངས་བོད་དོན་ཞུ་གཏུག་ཚོགས་པས་གངས་ལྗོངས་དུས་སྟོན་ཐེངས་དང་པོ་གོ་སྒྲིག་གནང་འདུག

Tibetan News Headlines

  • Snowland Forum 2026 Opens in Taipei to Examine China’s Ethnic-Unity Law
  • Tibetan Activist Begins Peace March from Amsterdam to UN in Geneva to Restore Independence
  • BTSM Launches 15th Tawang Tirth Yatra in Guwahati as Part of Tibet Awareness Campaign
  • Bicycle Rental and Tour Guide Initiative Launched in Kollegal Dhondenling to Boost Eco-Tourism
  • Tibetan Art Curriculum ‘Understanding Zo-Rigpa’ Launched in Dharamsala
  • Nepal PM Balendra Shah Arrives in New Delhi for First Bilateral Visit, Talks with Modi

ཪེས་གཟའ་ཟླ་བ། ༢༠༢༦།༡༡།༢༣

  • འདི་ལོའི་གངས་ལྗོངས་གླེང་སྟེགས་ཐོག་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་དེར་ཐུན་མོང་གིས་གདོང་ལེན་གནང་ཕྱོགས་དང་འབྲེལ་བགྲོ་གླེང་།
  • བོད་རང་བཙན་སླར་གསོའི་ཆེད་དུ་གོམ་བགྲོད་ལས་འགུལ་འགོ་འཛུགས་གནང་འདུག
  • ཆོས་རིག་བཀའ་བློན་དབུ་བཞུགས་ཐོག་རྟ་དབང་གནས་སྐོར་ཐེངས་བཅོ་ལྔ་པ་དབུ་འཛུགས།
  • ཀོ་ལེ་གྷལ་དོན་ལྡན་གླིང་ནང་རྐང་འཁོར་གླ་གཡར་དང་ཡུལ་སྐོར་སྣེ་ཁྲིད་ཀྱི་ལས་གཞི་དབུ་འབྱེད།
  • བཟོ་རིག་པར་གོ་རྟོགས། མཐོང་རྒྱ་དང་གསར་གཏོད་ཀྱི་གདན་ཞུ། ཞེས་པའི་བཟོ་རིག་སྒྱུ་རྩལ་གྱི་བསླབ་གཞི་དཔེ་དེབ་ཅིག་དབུ་འབྱེད།
  • བལ་ཡུལ་གྱི་སྲིད་བློན་བྷ་ལེནྡྲ་ཤཱ་ཡི་རྒྱ་གར་དུ་ཐེངས་དང་པོའི་གཞུང་འབྲེལ་འཚམས་གཟིགས་དབུ་འཛུགས།

ཁ་སང་ V-TAG Dehradun འམ་རྡེ་ར་རྡུན་དང་བླངས་བོད་དོན་ཞུ་གཏུག་ཚོགས་པས་རྡེ་ར་རྡུན་ནང་རྟེན་གཞི་བྱས་པའི་ Pacific Mall ཞེས་ཁྲོམ་གཟིགས་ཁང་ཆེན་དུ་གངས་ལྗོངས་དུས་སྟོན་ཐེངས་དང་པོ་གོ་སྒྲིག་གནང་འདུག

VTAG and TIPA Showcase Tibetan Culture and Heritage in Dehradun and London

དེ་ཡང་གངས་ལྗོངས་དུས་སྟོན་དེ་ཉིད་འདི་ཚེས་ ༦ དང་ ༧ བཅས་ཉིན་གྲངས་གཉིས་ཀྱི་རིང་ Pacific Mall ཞེས་ཁྲོམ་གཟིགས་ཁང་ཆེན་དང་། Trinetram Brand Solutions། བོད་ཀྱི་འགྲེམས་སྟོན་ཁང་བཅས་མཉམ་འབྲེལ་ཐོག་གོ་སྒྲིག་གནང་འདུག་ཅིང་། སྐབས་དེར་དུས་སྟོན་གྱི་སྐུ་མགྲོན་གཙོ་བོ་རྒྱ་གར་གྱི་དམག་དཔོན་ཟུར་པ་ Col. Ajay Kothiyal མཆོག་དང་། རྡེ་ར་རྡུན་གྱི་ས་གནས་འགོ་འཛིན། དུས་སྟོན་གྱི་སྦྱིན་བདག་སྐལ་བཟང་ལགས་སོགས་ལྷན་བཅར་གནང་འདུག

ལས་རིམ་གྱི་ཉིན་དང་པོར་བོད་ཀྱི་སྲོལ་རྒྱུན་གྱི་གཞས་སྣ་འཁྲབ་སྟོན་དང་། སྒྱུ་རྩལ་འགྲེམས་སྟོན། གོས་ཆས་འགྲེམས་སྟོན། སྤྱི་ཚོགས་མཉམ་ཞུགས་ཀྱི་བྱེད་སྒོ་ཁག བོད་ཀྱི་རིག་གཞུང་ལ་གོ་རྟོགས་སྤེལ་བའི་ཤེས་ཡོན་གྱི་འགྲེམས་སྟོན་བཅས་དང་། ཉིན་གཉིས་པར་བྱིས་པ་ཚོས་སྒྱུ་རྩལ་གྱི་ལམ་ནས་བོད་ཀྱི་རིག་གཞུང་དང་སེམས་ཀྱི་འབྲེལ་བ་མཚོན་པར་བྱེད་པའི་རི་མོའི་འགྲན་བསྡུར་ཞིག་འཚོགས་འདུག

རྩ་བའི་དང་བླངས་བོད་དོན་ཞུ་གཏུག་ཚོགས་པས་གོ་སྒྲིག་བྱས་པའི་གངས་ལྗོངས་དུས་སྟོན་དེའི་བརྒྱུད་ནས། བོད་མི་གཞོན་སྐྱེས་ཚོར་ནུས་པ་འཕར་མ་སྦྱིན་པ་དང་། རང་རིག་གཞུང་ཉར་ཚགས་ལ་ཤུགས་སྣོན་རྒྱག་པ། གཞན་ཡང་རྒྱ་ཆེའི་སྤྱི་ཚོགས་དང་ལྷན་དུ་གོ་རྟོགས་ཀྱི་འབྲེལ་ལམ་འཛུགས་རྒྱུའི་དམ་བཅའ་ཞིག་ཀྱང་ཡིན་པ་གསུངས་འདུག་ཅིང་། མཉམ་ཞུགས་པ་དང་། སྦྱིན་བདག་ཁག གཟིགས་མོ་བ་བཅས་ཀྱི་ངོས་ནས་རྒྱབ་སྐྱོར་ཆེན་པོ་ཐོབ་པ་དེས་མང་ཚོགས་ཀྱི་ཁྲོད་དུ་བོད་ཀྱི་རིག་གཞུང་ལ་གུས་བརྩི་ཆེ་རུ་འགྲོ་བཞིན་པ་དང་། མ་འོངས་པའི་མི་རབས་ཚོའི་ཆེད་དུ་རིག་གཞུང་འདི་ཉིད་ཉར་ཚགས་བྱེད་རྒྱུ་ནི་ཛ་དྲག་གི་གནད་དོན་ཞིག་མཚོན་གྱི་ཡོད་པ་གསུངས་གིན་འདུག

འདི་གའི་གསར་འགོད་པས་རྡེ་ར་རྡུན་དང་བླངས་བོད་དོན་ཞུ་གཏུག་ཚོགས་པའི་ས་གནས་འབྲེལ་མཐུད་པ་བསྟན་འཛིན་ཆོས་སྐྱིད་ལགས་སུ་བཀའ་འདྲི་ཞུས་སྐབས་ཁོང་གིས། འདི་ལོ་༸སྐུའི་གོ་སྟོན་དང་བསྟུན་བྱམས་བརྩེ་ལོའི་སྲུང་བརྩིའི་ཆ་ཤས་ཤིག་ཡིན་པ་གསལ་སྟོན་གནང་ཐོག ད་ལྟའི་བོད་ནང་གི་གནས་སྟངས་ཧ་ཅང་ཛ་དྲག་ཏུ་འགྱུར་བཞིན་ཡོད་པར་བརྟེན་ཁུལ་དེའི་ནང་གི་གཞོན་སྐྱེས་ཕན་ཚུན་བགློ་གླེང་གནང་ནས་གངས་ལྗོངས་དུས་སྟོན་དེ་ཉིད་གོ་སྒྲིག་ཞུས་པ་ཞིག་ཡིན་ཞིང་། གཙོ་བོ་ང་ཚོ་བོད་མི་རྣམས་རྒྱ་གར་ནང་རྒྱ་གར་བ་མཉམ་དུ་བསྡད་ནས་མི་ལོ་དུ་མ་ཕྱིན་ཡོད་ཀྱང་། རྒྱ་གར་བ་རྣམས་ཀྱིས་ད་དུང་ཡང་བོད་དང་བོད་མིའི་སྐོར་གོ་རྟོགས་དེ་ཙམ་མེད་སྟབས་བོད་དོན་དྲིལ་བསྒྲགས་ཆེད་དུ་དུས་སྟོན་དེ་ཉིད་གོ་སྒྲིག་གནང་བ་ཡིན་སྐོར་སོགས་འགྲེལ་བརྗོད་གནང་སོང་།

བོད་ཀྱི་རིག་གཞུང་ངོ་སྤྲོད་ཀྱི་ལས་རིམ་དང་འབྲེལ་ནས་༸སྐུའི་གོ་སྟོན་སྲུང་བརྩི་ཞུ་བཞིན་པའི་ཁྲོད་འདིར། བོད་ཀྱི་ཟློས་གར་ཚོགས་པས་ཟླ་བ་སྔོན་མའི་ཚེས་ ༡ ནས་འགོ་འཛུགས་ཀྱིས་ཡུ་རོབ་ནང་དུ་རིག་གཞུང་སྐོར་སྐྱོད་གནང་ཡོད་པ་དང་། དེའི་རྗེས་ཟླ་འདིའི་ཚེས་ ༥ ཉིན་ཨིན་ཡུལ་གྱི་རྒྱལ་ས་ལོན་ཌོན་ནང་རྟེན་གཞི་བྱས་པའི་ Woolwich Works ཞེས་རིག་གཞུང་འཁྲབ་སྟོན་ཁང་དུ། བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་འཁྲབ་སྟོན་གཟིགས་འབུལ་གནང་ཡོད་པ་དང་། སྐབས་དེར་གཟིགས་མོ་བའི་ཁྲོད་དུ་བོད་རིགས་དང་། བོད་དོན་རྒྱབ་སྐྱོར་བ། ས་གནས་ཀྱི་ཡུལ་མི་སོགས་ཁྱོན་མི་གྲངས་ ༥༠༠ ཙམ་ནས་མཉམ་ཞུགས་གནང་འདུག

དེ་འབྲེལ་ཨིན་ཡུལ་བོད་ཀྱི་སྐུ་ཚབ་དོན་གཅོད་ཚེ་རིང་དབྱངས་སྐྱིད་ལགས་ཀྱིས། བོད་ཀྱི་རིག་གཞུང་དེ་ཉིད་རྒྱ་ཆེ་བའི་འཛམ་གླིང་ཡོངས་ལ་མཉམ་སྤྱོད་བྱེད་པའི་བརྒྱུད། ང་ཚོས་རིག་གཞུང་གི་མཛེས་སྡུག་ཁོ་ན་མ་ཡིན་པར་རང་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ངོ་བོ་དང་ཤུལ་བཞག་སྲུང་སྐྱོབ་བྱེད་པར་ཆོད་སེམས་བརྟན་པོ་ཡོད་པའི་མི་རིགས་ཤིག་གི་སྙིང་སྟོབས་ཡང་རྗེས་དྲན་བྱེད་བཞིན་ཡོད་ཅིང་། ཐེངས་འདིའི་རིག་གཞུང་འཁྲབ་སྟོན་དེས་བོད་ཀྱི་རིག་གཞུང་ལ་འཕྲད་བཞིན་པའི་དཀའ་ཚེགས་དག་ལ་ལྟོས་མེད་ད་དུང་ཡང་བོད་ཀྱི་རིག་གཞུང་དེ་གསོན་ཉམས་ལྡན་ཞིང་ཡར་རྒྱས་འགྲོ་བཞིན་ཡོད་པའི་དྲན་སྐུལ་ཞིག་ཡིན་པ་གསུངས་ཏེ། གཟིགས་མོ་བ་རྣམས་ལ་བོད་ཀྱི་རིག་གཞུང་གི་ཤུལ་བཞག་སྲུང་སྐྱོབ་ལ་རྒྱབ་སྐྱོར་གནང་བར་ཕེབས་པར་ཐུགས་རྗེ་ཆེ་ཞེས་གསུངས་འདུག

གཞན་ཡང་འཁྲབ་སྟོན་དེའི་ཐོག་སྐུ་མགྲོན་དུ་གཙོ་བོ་ Royal Borough of Greenwich ཡི་གྲོང་འཁྱེར་སྤྱི་ཁྱབ་པ་ Cllr. David Gardner མཆོག་ཆེད་ཕེབས་གནང་ཡོད་པ་དང་། ཁོང་གིས་ཐེངས་འདིའི་རིག་གཞུང་འཁྲབ་སྟོན་དང་འབྲེལ་བོད་ཀྱི་ཟློས་གར་ཚོགས་པ་ Woolwich རུ་ཕེབས་པར་དགའ་བསུ་ཞུས་པ་དང་། Woolwich Town Hall ཞེས་ལྦུལ་ལྦེ་ཆི་གྲོང་རྡལ་སྤྱི་ཁྱབ་ལས་ཁུངས་ངོས་ནས། བོད་དང་བོད་མིར་གདུང་སེམས་མཉམ་སྐྱེད་མཚོན་བྱེད་དུ་ལོ་ལྟར་ཕྱི་ཟླ་ ༣ པའི་ནང་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་ཀྱིས་ཆེ་བསྟོད་ཞུ་བཞིན་ཡོད་པ་ནན་བཤད་གནང་འདུག་ཅིང་། Royal Borough of Greenwich ཁུལ་འདི་ཉིད་བཙན་གནོན་དང་དྲག་གནོན་ལས་བྲོས་བྱོལ་དུ་འབྱོར་བའི་སྐྱབས་བཅོལ་གྱི་གནས་ཡུལ་ཞིག་ཏུ་གྱུར་བར་སྤོབས་པ་སྐྱེ་བཞིན་ཡོད་པ་མ་ཟད། མངའ་ཁུལ་འདི་ནི་དབྱིན་ཇི་རྒྱལ་ཁབ་ཡོངས་ཀྱི་ས་གནས་ས་ཐོག་གཅིག་གི་ནང་བོད་མིའི་འདུ་སྡོད་ཆེ་ཤོས་ཀྱི་གཞིས་ཆགས་ས་ཤིག་ཀྱང་ཡིན་པ་གསུངས་འདུག

དེ་བཞིན་བོད་ཀྱི་ཟློས་གར་ཚོགས་པའི་འགན་འཛིན་དོན་གྲུབ་ཚེ་རིང་ལགས་ཀྱིས། གྲོང་ཁྱེར་སྤྱི་ཁྱབ་པས་བོད་དང་བོད་མི་རིགས་ལ་རྒྱུན་མཐུད་ཀྱི་རྒྱབ་སྐྱོར་ལ་ངོས་འཛིན་ཞུ་ཆེད་མཇའ་དར་འབུལ་བ་དང་། ཁུལ་དེའི་ནང་བོད་མི་རིགས་ལ་ཡུན་རིང་མཛའ་མཐུན་གྱི་མཐུན་ལམ་དང་། བོད་ཀྱི་རིག་གཞུང་དང་ངོ་བོར་རྒྱུན་མཐུད་ཀྱི་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཞུས་འདུག

འབྲེལ་ཡོད་གསར་གནས།

གསར་གནས།