Tibetan Royal Year of 2151 | Year of the Wood Dragon

རྡོར་གདན་དུ་སྐབས་ ༡༧ པའི་ཇོ་ནང་སྨོན་ལམ་འཚོགས་བཞིན་པ།

Tibetan News Headlines

  • HHDL gives audience to devotees of Dipankara Buddhist Centre
  • Taiwan’s new president takes office, calls on China to cease hostile actions
  • Tibetan delegation attends Lai Ching-te’s swearing-in ceremony, meets newly re-established parliamentary group for Tibet
  • US urges China to immediately account for Panchen Rinpoche’s whereabouts and well-being
  • Is the Panchen Lama alive or dead? Tashi Lhunpo’s Deputy Abbot speaks at FCCC

རེས་གཟའ་ཟླ་བ། ༢༠༢༤།༠༥།༢༠

  • སྟོང་ཉིད་ཀྱི་ལྟ་བ་དང་བྱང་ཆུབ་ཀྱི་སེམས་ནི་སྟོན་པའི་བསླབ་བྱ་གཙོ་བོ་དེ་ཡིན་པ་བཀའ་བསྩལ་འདུག
  • ཐེ་ཝན་མི་མང་གི་རང་ཐག་རང་གཅོད་ཀྱི་སྙིང་སྟོབས་ལ་ཆེ་བསྟོད་དང་རྒྱ་གཞུང་ལ་དྲག་པོའི་འཇིགས་སྐུལ་མཚམས་འཇོག་དགོས་པའི་སྐུལ་འདེབས།
  • ཐེ་ཝན་སྲིད་འཛིན་གྱི་དམ་འབུལ་མཛད་སྒོར་བོད་མིའི་བཀའ་སྤྱི་གཉིས་ཀྱི་སྐུ་ཚབ་ལྷན་ཞུགས།
  • ཨ་རི་གཞུང་གིས་༸པཎ་ཆེན་རིན་པོ་ཆེ་མཆོག་གང་དུ་ཡོད་མེད་དང་སྐུ་ཁམས་བདེ་ཐང་ཡིན་མིན་གསལ་བཏོན་དགོས་པའི་ཞུ་སྐུལ།
  • ༸པཎ་ཆེན་རིན་པོ་ཆེ་གློད་བཀྲོལ་དགོས་པ་སོགས་དོན་ཚན་ལྔ་ཅན་གྱི་རེ་འབོད།

འཕགས་ཡུལ་ནང་པའི་གནས་མཆོག་རྡོ་རྗེ་གདན་གྱི་བྱང་ཆུབ་ཆེན་མོའི་མཆོད་རྟེན་རིན་པོ་ཆེའི་དྲུང་དུ་དཔལ་རྒྱལ་བ་ཇོ་ནང་པའི་སྨོན་ལམ་ཆེན་མོ་འཛམ་གླིང་ཕན་བདེའི་གྲུ་ཆར་སྐབས་ ༡༧ པ་འཚོགས་བཞིན་འདུག

དེ་ཡང་ཇོ་ནང་སྨོན་ལམ་ཆེན་མོ་འདི་བཞིན་ཟླ་བ་འདིའི་ཕྱི་ཚེས་ ༢༢ ནས་དབུ་འཛུགས་ཀྱིས་འདི་ཚེས་ ༢༧ བར་འཚོགས་ཀྱི་ཡོད་པ་དང་། སྨོན་ལམ་གྱི་ཚོགས་མགོན་དུ་༸དཔལ་རྒྱལ་བ་ཇོ་ནང་པའི་རྒྱལ་ཚབ་ཁྲི་རབས་གཉིས་པ་མཆོག་སྤྲུལ་ཆོས་ཀྱི་སྣང་བ་རིན་པོ་ཆེ་མཆོག་གིས་དབུས་པའི་ཇོ་ནང་དགོན་གོང་འོག་བར་གསུམ་གྱི་མཁན་བླ་སྤྲུལ་དགེ་བཤེས་རྣམ་པ་དང་། དེ་བཞིན་སེར་སྐྱ་མི་མང་བཅས་ནས་ལྷན་ཞུགས་གནང་འདུག

རྩ་བའི་ཇོ་ནང་སྨོན་ལམ་འདི་བཞིན་ཕྱི་ལོ་ ༡༩༩༤ ལོར་ཐོག་མ་འགོ་འཛུགས་གནང་བ་ཞིག་ཡིན་པ་དང་། ཐེངས་འདིའི་སྨོན་ལམ་གྱི་དགོས་དམིགས་ནི། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་རིས་མེད་ཆོས་བརྒྱུད་ཁག་གི་བསྟན་བདག་བླ་ཆེན་རྣམ་པའི་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཆེད་དང་། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དར་ཁྱབ། དེ་བཞིན་སེམས་ཅན་ཐམས་ཅད་བདེ་སྐྱིད་ལྡན་པ་དང་ལྷག་པར་བོད་ཀྱི་རྩ་དོན་ཆེད་སྐུ་ལུས་ཞུགས་འབུལ་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་བསྔོ་སྨོན་སོགས་ཀྱི་ཆེད་དུ་ཡིན་པ་རེད་འདུག

གཞི་རྩའི་འདི་ཚེས་ ༢༧ ཉིན་རྒྱལ་སྤྱིའི་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱིས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་ཆེན་ཞིག་འཚོགས་རྒྱུ་ཡིན་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།