Tibetan Royal Year of 2151 | Year of the Wood Dragon

ཧི་མཱ་ཅལ་གྱི་ས་ཁུལ་ཁག་ཅིག་ཏུ་ཆར་ཆུའི་དཀའ་ངལ་འོག་ཞིང་པར་ངལ་བ་འཕྲད་བཞིན་པ།

Tibetan News Headlines

  • US religious freedom watchdog warns of sinicization and assimilation of Tibetan religious and cultural identities
  • US sanctions 31 China-based companies over Russia
  • Xi Jinping to meet French President Macron and EU Chief in Paris next week
  • CTA begins house allocation programmes for Tibetans not facilitated in the refugee settlements
  • Dharamshala hosts conference on promotion and preservation of Tibetan language

རེས་གཟའ་ཕུར་བུ། ༢༠༢༤།༠༥།༠༢

  • རྒྱ་གཞུང་གིས་བོད་བརྒྱུད་ནང་བསྟན་ལ་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་མངོན་གསལ་གནང་འདུག
  • ཨ་རིའི་གཞུང་གིས་རྒྱ་ནག་གི་བཟོ་ཚོང་ལས་ཁང་ ༣༡ ལ་སྲིད་དོན་ཉེས་ཆད་བཀལ་བ།
  • ཞི་ཅིང་ཕིང་གིས་ཕ་རན་སིའི་སྲིད་འཛིན་དང་ཡོ་རོབ་མཐུན་ཚོགས་ཀྱི་གཙོ་འཛིན་ཐུག་འཕྲད་བྱ་འཆར།
  • བོད་མི་སྡོད་ཁང་མེད་པ་རྣམས་ལ་རུབ་སྡོད་གཞིས་སྒར་ནང་སྡོད་ཁང་བགོས་འགྲེམས་ཀྱི་ལས་གཞི་དངོས་སུ་དབུ་འཛུགས།
  • བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་དར་འཕེལ་སྐོར་བགྲོ་གླེང་དབུ་འཛུགས།

བཞུགས་སྒར་དྷ་རམ་ས་ལར་ཆགས་ཡུལ་རྒྱ་གར་ཧི་མཱ་ཅལ་མངའ་སྡེའི་ས་ཁུལ་ཁག་གཅིག་ཏུ་ཆར་པ་དུས་ཐོག་མ་བབ་པར་བརྟེན་ཞིང་པ་ཚོར་ས་ཞིང་འདེབས་ལས་ཐོག་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པ་མངོན་གསལ་གནང་འདུག

དེ་རིང་རྒྱ་གར་གྱི་བརྒྱུད་ལམ་ཁག་གི་ནང་དུ་གནས་ཚུལ་ཐོན་པའི་ཁག་ལ་གཞིགས་ན། རྒྱ་གར་གནམ་གཤིས་ཚན་ཁག་གིས། ཟླ་བ་འདིའི་ནང་ཧི་མཱ་ཅལ་མངའ་སྡེའི་ནང་ཆར་པའི་ཚད་གཞི་བརྒྱ་ཆ་ ༩༩ ལྷག་ཉུང་དུ་ཕྱིན་ཏེ། ཆར་ཆུ་མི་ལི་མེ་ཊར ༠་༡ ཙམ་ལས་བྱུང་མེད་པར་མངོན་གསལ་གནང་འདུག་པ་མ་ཟད། ཁ་བ་དུས་ཐོག་ཏུ་མ་བབ་པའི་རྐྱེན་གྱིས་ཆུའི་དཀའ་དཀའ་ངལ་འཕྲད་བཞིན་ཡོད་སྟབས། ས་གནས་ཀྱི་ཞིང་པ་རྣམས་ལ་སོ་ནམ་འདེབས་ལས་ཀྱི་ངལ་བ་འཕྲད་བཞིན་ཡོད་པ་རེད་འདུག

དེ་བཞིན་ཀཱང་ར་རྫོང་གི་ནང་དུ་ལོ་ཏོག་སྐམ་བཞིན་པར་མངོན་གསལ་དོད་པོ་ཆགས་བཞིན་ཡོད་པ་དང་། གལ་ཏེ་མགྱོགས་མྱུར་ཆར་པ་མ་བབས་ཚེ་ཞིང་པའི་གནས་སྟངས་ཇེ་སྡུག་ཏུ་འགྲོ་རྒྱུ་ཡིན་པ་མངོན་གསལ་གནང་འདུག་པ་མ་ཟད། ཧི་མཱ་ཅལ་མངའ་སྡེའི་སོ་ནམ་གཙུག་ལག་སློབ་གཉེར་ཁང་གི་ངེས་སྟོན་པ་སྐུ་ཞབས་ Chaudhary Sarwan Kumar ལགས་ཀྱིས་སྔ་ལོ་ཕྱི་ཟླ་ ༡༡ ནང་བཏབ་པའི་འབྲུ་རིགས་རྣམས་དུས་ཐོག་ཞིང་ཆུ་མེད་པར་ཛ་དྲག་གི་གནས་སུ་ལྷུང་ཡོད་པ་དང་། གལ་སྲིད་དེ་ལྟ་བུའི་གནམ་གཤིས་ད་དུང་བདུན་ཕྲག་ཁ་ཤས་མུ་མཐུད་གནས་ཚེ། གྲོའི་ཐོན་སྐྱེད་ལ་གནོད་སྐྱོན་ཆེན་པོ་བྱུང་སྲིད་ལ། འབྲུ་རིགས་གཞན་དག་ལའང་གནོད་སྐྱོན་གཏོང་རྒྱུ་ཡིན་ཞིང་། ལྷག་པར་ལོ་ཏོག་ལ་སྔོ་འབུའི་རིགས་ཕོག་སྲིད་པ་འགྲེལ་བརྗོད་གནང་འདུག

ལྷག་པར་ཀཱང་ར་རྫོང་གི་སོ་ནམ་པའི་བློན་ཆེན་གཞོན་པ་སྐུ་ཞབས་ Rahul Katoch ལགས་ཀྱིས་ས་གནས་གང་དུ་ཆུ་ཡོད་པ་དེར། ཞིང་པ་ཚོས་ཆུ་གང་ཉུང་བེད་སྤྱོད་བྱེད་དགོས་པ་དང་ཆབས་ཅིག ཞིང་ས་དེ་དག་བརླན་གཤེར་གནས་ཐབས་སུ་རྩྭ་ལུད་འདེབས་འཛུགས་བྱེད་དགོས་པ་གསུངས་འདུག

གནད་དོན་དེ་དང་འབྲེལ་ཅམ་པཱ་རྫོང་ནང་དུའང་ཆར་པ་དུས་ཐོག་མེད་རྐྱེན་ཆུ་མིག་དང་ཆུ་ཕྲད་བཅས་ལ་བརྟེན་པའི་ཆུའི་ཐོན་སྐྱེད་འཆར་འགོད་ཁྱོན་ ༨༩༠ ནས་ ༡༠༩ ལ་ཆུའི་འབབ་ཚད་བརྒྱ་ཆ་ ༢༥ ཉུང་དུ་ཕྱིན་པའི་དཀའ་ངལ་འཕྲད་བཞིན་ཡོད་པ་དང་། དེ་བཞིན་ཀཱང་ར་རྫོང་གི་ནང་དུའང་དེ་འབྲེལ་འཆར་འགོད་ཁྱོན་ ༦༨༥ ལས་ད་བར་ ༢༢ ལ་དེ་ལྟར་དཀའ་ངལ་འཕྲད་བཞིན་ཡོད་པ་མངོན་གསལ་འདུག

ཕྱོགས་མཚུངས་དྷརྨ་ས་ལའི་ཁུལ་གྱི་ཆུ་མཁོ་འདོན་སྡེ་ཚན་གྱི་ལས་བྱེད་གཙོ་བོ་སྐུ་ཞབས་ Suresh Mahajan ལགས་ཀྱིས། གལ་ཏེ་དེ་ལྟ་བུའི་གནས་སྟངས་ད་དུང་བདུན་ཕྲག་གཅིག་གཉིས་རིང་མུ་མཐུད་གནས་ཚེ་དེ་གའི་སྡེ་ཚན་ལ་ས་གནས་སུ་ཆུ་མཁོ་འདོན་གནང་ཕྱོགས་ཐད་དཀའ་ངལ་འཕྲད་སྲིད་པ་ཞིག་ཡིན་པར་བརྟེམ། ས་ཆ་མང་པོ་ཞིག་ལ་ཆུའི་ཚད་གཞི་བགོ་བཤའ་རྒྱག་དགོས་སྲིད་པ་དང་། དེ་གའི་ལས་ཁུངས་ཀྱི་ངོས་ནས་ཛ་དྲག་གི་འཆར་གཞི་གྲ་སྒྲིག་བྱེད་བཞིན་ཡོད་པ་མ་ཟད། གལ་ཏེ་གནས་སྟངས་ཇེ་སྡུག་ཏུ་སོང་ན་གདོང་ལེན་བྱེད་རྒྱུར་གྲ་སྒྲིག་བྱེད་བཞིན་ཡོད་ཅེས་གསུངས་འདུག

གཞི་རྩའི་ལོ་རེ་ནས་ལོ་རེར་གོ་ལའི་ཚ་དྲོད་འཕེལ་བཞིན་ཡོད་སྟབས། འཛམ་གླིང་གི་ས་ཁུལ་ཁག་ཅིག་ཏུ་ཆར་ཆུ་དང་ཁ་བ་མེད་པའི་དཀའ་ངལ་འཕྲད་བཞིན་ཡོད་ཀྱང་། ས་ཁུལ་ཁག་གཅིག་ཏུ་ཆར་ཞོད་དང་ཆུ་ལོག་སོགས་ཀྱི་དཀའ་ངལ་རིམ་པར་འཕྲད་བཞིན་ཡོད་པ་དང་འབྲེལ། འཛམ་གླིང་གནམ་གཤིས་ཚན་པའི་སྒྲིག་འཛུགས་ཀྱིས་ཕྱི་ལོ ༢༠༢༣ ལོ་ནི་དྲོད་ཚད་ཆེས་མཐོ་ཤོས་ཀྱི་ལོ་ཟླ་ཞིག་ཏུ་ངོས་འཛིན་བྱས་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།