Tibetan Royal Year of 2151 | Year of the Wood Dragon

ལྡི་ལིར་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་གསུམ་པ་ཚོགས་པ།

Tibetan News Headlines

  • Sikyong Penpa Tsering meets President Macron, gifts autographed photo of the Dalai Lama with French leader
  • Tibetans inside and outside Tibet mark Calligraphy Day
  • Derge protests put dams back on the agenda: Rights group calls for transparency of Dam construction plans in Tibet
  • Mexico legislators and friends of Tibet gather to strategize and reaffirm commitment to Tibet’s rights
  • Sarah College for Higher Tibetan Studies holds 23rd graduation ceremony

རེས་གཟའ་ལྷག་པ། ༢༠༢༤།༠༥།༠༡

  • སྲིད་སྐྱོང་མཆོག་གིས་ཕ་རན་སིའི་སྲིད་འཛིན་ལྷན་དུ་མཇལ་འཕྲད་གནང་འདུག
  • བོད་གཞིས་བྱེས་གཉིས་སུ་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་ཉིན་མོ་སྲུང་བརྩི་ཟབ་རྒྱས་ཞུས་པ།
  • རྒྱ་གཞུང་གི་ཆུ་མཛོད་གསར་རྒྱག་གི་ལས་གཞི་ཐད་ཕྱི་གསལ་ནང་གསལ་དགོས་པའི་འབོད་སྐུལ།
  • Mexico ནང་དུ་མ་འོངས་བོད་དོན་རྒྱབ་སྐྱོར་གྱི་ལས་དོན་སྤེལ་ཕྱོགས་སྐོར་ཚོགས་འདུ་ཚོགས་པ།
  • རྡ་ས་རིགས་སློབ་མ་ལག་གཉིས་ཀྱི་སློབ་ཐོན་མཛད་སྒོ་ཚོགས་པ།

སྐབས་ ༡༦ པའི་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུའི་ཐོག་རྒྱ་གར་གཞུང་ནས་༸གོང་ས་མཆོག་ལ་རྒྱ་གར་སྤྱི་དམངས་ཀྱི་ཆེས་མཐོའི་ bharat ratna གཟེངས་རྟགས་འབུལ་ལམ་ཞུ་རྒྱུར་ཤུགས་གནོན་བསྐྱོན་རྒྱུའི་གྲོས་ཆོད་འཇོག་འདུག
ཁ་སང་ཟླ་ ༡༢ ཚེས་ ༦ ཕྱི་དྲོ་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱ་གར་གྲོས་ཚོགས་ཁྲིམས་སྒྲིག་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་ཁང་ Board Room of Constitution Club ཞེས་པའི་ནང་དུ་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཤཱན་ཏ་ཀུ་མཱར་ ( Shanta Kumar ) མཆོག་གིས་དབུ་ཁྲིད་པའི་སྐབས་ ༡༦ པའི་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་ ༣ བསྐོང་ཚོགས་གནང་ཡོད་པ་རེད།

སྐབས་དེར་རྒྱ་གར་གྱི་བློན་ཆེན་ལྕམ་སྐུ་མ་ནི་ཀ་གྷན་དྷཱི་ ( Maneka Gandhi ) མཆོག་གིས་དབུས་པའི་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་བ་མི་གྲངས་ ༡༨ དངརྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྐུ་ཚབ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་ཨཱ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་གཙོས་སྤྱི་འཐུས་རྒྱུན་ལས་དཀོན་མཆོག་ཡར་འཕེལ་ལགས་སོགས་ཕྱོགས་གཉིས་ཀྱི་གཞུང་དང་གཞུང་འབྲེལ་མིན་པའི་གནད་ཡོད་མི་སྣ་ ༣༠ སྐོར་ཞིག་ལྷན་འཛོམས་གནང་འདུག
ཐེངས་འདིའི་ཚོགས་འདུའི་སྐབས་དེ་སྔའི་གྲོས་ཆོད་ཁག་ཅི་བསྐྱར་ཞིབ་དང་མཇུག་སྐྱོང་གནང་ཕྱོགས། བོད་ནང་གི་ཛ་དྲག་གནས་སྟངས་སྐོར་རྒྱ་གར་གྱི་གྲོས་ཚོགས་སུ་གླེང་སློང་གནང་ཕྱོགས་ཐོག་གྲོས་བསྡུར་ལྷུག་པོ་གནང་འདུག་པ་དང་། ལྷག་དོན་གྲོས་ཚོགས་འཐུས་མི་ཚོས་རིང་མིན་༸གོང་ས་མཆོག་ལ་རྒྱ་གར་གཞུང་ནས་རྒྱ་གར་སྤྱི་དམངས་ཀྱི་ཆེས་མཐོའི་ bharat ratna གཟེངས་རྟགས་འབུལ་ལམ་ཞུ་རྒྱུར་ཤུགས་གནོན་བསྐྱོན་རྒྱུ་ཡིན་པའི་གྲོས་ཆོད་ཀྱང་འཇོག་གནང་ཡོད་པ་རེད།
དེ་བཞིན་ཚོགས་འདུ་དེའི་ཐོག་ལྕམ་སྐུ་ Maneka Gandhi མཆོག་གིས་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ངོས་ནས་ཀརྨ་པ་རིན་པོ་ཆེ་མཆོག་རུམ་ཏིག་སུ་ཆིབས་བསྒྱུར་གནང་ཐུབ་པར་ཤུགས་གནོན་བསྐྱོན་དགོས་གལ་ཡིན་པའི་འབོད་སྐུལ་ཡང་ཞུས་འདུག

ཁ་སང་གི་ཚོགས་འདུའི་ཆེས་ཐོག་མར་རྒྱ་གར་ལྷོ་ཕྱོགས་ཏ་མིལ་ནཱ་དུ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དམ་པ་ལྕམ་སྐུ་ཇ་ཡཱ་ལ་ལི་ཏ་ J.Jayalalitha མཆོག་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་གདུང་སེམས་མཉམ་བསྐྱེད་ཀྱི་མྱ་ངན་གུས་འདུད་ཞུས་ཐོག་ཚོགས་འདུ་དབུ་འཛུགས་གནང་ཡོད་པ་རེད།

རྩ་བའི་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ་དེའི་གྲོས་ཆོད་དགོངས་དོན་ལྟར་ལོ་རེའི་རྒྱ་གར་གྱི་གྲོས་ཚོགས་ཚོགས་དུས་རེ་རེའི་མཚམས་སུ་གྲོས་ཚོགས་འཐུས་མི་རྣམས་འདུ་འཛོམས་ཀྱིས་ཚོགས་འདུ་བསྐོང་ཚོགས་གནང་སྟེ་བོད་དོན་དང་འབྲེལ་བའི་ལས་དོན་གནང་ཕྱོགས་ཐོག་ཕན་ཚུན་དབར་གྲོས་བསྡུར་དང་གྲོས་ཆོད་གཏན་འབེབས་གནང་གི་ཡོད་པ་རེད།
གཞི་རྩའི་ཉེ་སྔོན་ཨ་རུ་ནཱ་ཅལ་བོད་དོན་རྒྱབ་སྐྱོར་ཚོགས་པ་ཙམ་མ་ཟད་སྤྱི་ཁྱབ་བློན་ཆེན་ཟུར་པ་སྐུ་ཞབས་ཤཱན་ཏ་ཀུ་མཱར་མཆོག་གིས་ཀྱང་རྒྱ་གར་གཞུང་ནས་༸གོང་ས་མཆོག་ལ་རྒྱ་གར་སྤྱི་དམངས་ཀྱི་གཟེངས་རྟགས་ཆེ་མཐོང་ཆེ་ཤོས་སུ་གྲགས་པ་ Bharat Ratna ཞེས་པ་དེ་ངེས་པར་དུ་འབུལ་ལམ་ཞུས་དགོས་ཅེས་འབོད་སྐུལ་གནང་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།