Tibetan Royal Year of 2151 | Year of the Wood Dragon

ཤེས་རིག་བཀའ་བློན་མཆོག་གིས་རྒྱ་གར་བྱང་ཤར་ཁུལ་གྱི་སློབ་གྲྭ་ཁག་གི་གནས་སྟངས་གཟིགས་ཞིབ་སླད་འཚམས་གཟིགས་གནང་བཞིན་པ།

Tibetan News Headlines

  • India elections and Tibet : Discussion

རེས་གཟའ་ཉི་མ། ༢༠༢༤།༠༥།༡༩

  • རྒྱ་གར་གྱི་འོས་བསྡུ་ཆེན་མོའི་ཁ་ཕྱོགས་དང་བོད་ཀྱི་གནས་བབ་སྐོར་གླེང་མོལ།

བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་མཆོག་གིས་ཉེ་ཆར་མེའོ་ཆོས་འཕེལ་གླིང་ནས་དབུ་འཛུགས་ཀྱིས་རྒྱ་གར་བྱང་ཤར་ཁུལ་གྱི་བོད་པའི་སློབ་གྲྭ་ཁག་ཏུ་འཚམས་གཟིགས་ཀྱིས་གནས་སྟངས་རྒྱུས་ལོན་གནང་བཞིན་འདུག

བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་དང་ལྷན་དུ་སཾ་བྷོ་ཊ་བོད་སློབ་ཚོགས་པའི་འགན་འཛིན་ཚེ་རིང་དོན་གྲུབ་ལགས། དེ་བཞིན་བརྡ་ཆད་ཚན་པའི་འགན་འཛིན་ཨོ་རྒྱན་བསྟན་འཛིན་ལགས་བཅས་བཅར་ཡོད་པ་རེད།

ཕྱི་ཟླ་ ༣ ཚེས་ ༣༡ ཉིན་བཀའ་བློན་མཆོག་གི་དབུས་སམ་བྷོ་ཊ་བོད་སློབ་ཕྲུག་ཚོགས་པའི་འགན་འཛིན་བཅས་མེའོ་ཆོས་འཕེལ་གླིང་བོད་མིའི་གཞིས་ཆགས་སུ་ཕེབས་འབྱོར་གྱིས་སཾ་བྷོ་ཊའི་བུ་བཅོལ་ཁང་དང་སྔོན་འགྲོའི་སློབ་གྲྭ ས་གནས་འཕྲོད་བསྟེན་སྨན་ཁང་དང་ཡན་ལག་སྨན་ཁང་། དེ་བཞིན་ས་གནས་མཉམ་འབྲེལ་ལས་ཁུངས་སོགས་སུ་འཚམས་གཟིགས་གནང་བར་མ་ཟད། ཕྱི་ཟླ་ ༤ ཚེས་ ༡ དང་། ༢ ཉིན་སཾ་བྷོ་ཊ་སློབ་གྲྭར་ཆེད་ཕེབས་ཀྱིས་སློབ་གྲྭའི་འཛིན་ཁང་དང་ཁོར་ཡུག་ལས་ཤག་བཅས་ལ་གཟིགས་ཞིབ་དང་ཆབས་ཅིག་ས་གནས་བོད་མི་མང་ཚོགས་ལ་བླང་དོར་གསུང་བཤད་གནང་འདུག

སྐབས་དེར་ཤེས་རིག་བཀའ་བློན་མཆོག་གིས་སམ་བྷོ་ཊ་སློབ་གྲྭའི་སློབ་ཕྲུག་གཙོས་དགེ་ལས་ཕ་མའི་སྡེ་སོ་སོར་གསུང་བཤད་གནང་བར་སློབ་མ་རྣམས་ནས་གཙོ་བོ་སློབ་སྦྱོང་ཐོག་སྔར་ལྷག་ཧུར་བརྩོན་གནང་གལ་སྐོར་དང་འབྲེལ་འཕྲོད་བསྟེན་དང་ཟས་བཅུད་བསྟེན་ཕྱོགས། ཡ་རབས་བཟང་སྤྱོད་ལྡན་ཞིང་ཕན་ཚུན་འཆམ་མཐུན་ངང་གནས་དགོས་པ་སོགས་གསུངས་པ་དང་ཆབས་ཅིག ཕ་མ་རྣམས་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་སུ་དྲན་པའི་ཐོག་ནས་མ་འོངས་སོན་རྩ་བུ་ཕྲུག་རྣམས་ཀྱི་ཕྱི་ནང་གི་ཤེས་ཡོན་སྤྱི་དང་ཡང་སྒོས་ཡ་རབས་བཟང་སྤྱོད་ལྡན་པའི་བོད་མི་ཚད་ལྡན་ཞིག་བཟོ་རྒྱུར་ཚང་མས་ཕྱར་གྲུ་མཉམ་འདེགས་གནང་དགོས་གལ་ཡིན་པ་སོགས་གསུངས་འདུག

ལས་རིམ་ལྟར་ན། བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་མཆོག་ནས་བོད་མིའི་འདུ་སྡོད་གཞིས་ཆགས་ཤིས་ལོང་དང་བསྟན་འཛིན་སྒང་གཉིས་སུ་འཚམས་གཟིགས་གནང་རྒྱུ་རེད་འདུག

འབྲེལ་ཡོད་གསར་གནས།

Sunday 19/05/2024

Saturday 18/05/2024

Friday 17/05/2024

གསར་གནས།