Tibetan Royal Year of 2151 | Year of the Wood Dragon

སྔར་ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོ་གསར་ཐོན།

Tibetan News Headlines

  • Sikyong Penpa Tsering meets President Macron, gifts autographed photo of the Dalai Lama with French leader
  • Tibetans inside and outside Tibet mark Calligraphy Day
  • Derge protests put dams back on the agenda: Rights group calls for transparency of Dam construction plans in Tibet
  • Mexico legislators and friends of Tibet gather to strategize and reaffirm commitment to Tibet’s rights
  • Sarah College for Higher Tibetan Studies holds 23rd graduation ceremony

རེས་གཟའ་ལྷག་པ། ༢༠༢༤།༠༥།༠༡

  • སྲིད་སྐྱོང་མཆོག་གིས་ཕ་རན་སིའི་སྲིད་འཛིན་ལྷན་དུ་མཇལ་འཕྲད་གནང་འདུག
  • བོད་གཞིས་བྱེས་གཉིས་སུ་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་ཉིན་མོ་སྲུང་བརྩི་ཟབ་རྒྱས་ཞུས་པ།
  • རྒྱ་གཞུང་གི་ཆུ་མཛོད་གསར་རྒྱག་གི་ལས་གཞི་ཐད་ཕྱི་གསལ་ནང་གསལ་དགོས་པའི་འབོད་སྐུལ།
  • Mexico ནང་དུ་མ་འོངས་བོད་དོན་རྒྱབ་སྐྱོར་གྱི་ལས་དོན་སྤེལ་ཕྱོགས་སྐོར་ཚོགས་འདུ་ཚོགས་པ།
  • རྡ་ས་རིགས་སློབ་མ་ལག་གཉིས་ཀྱི་སློབ་ཐོན་མཛད་སྒོ་ཚོགས་པ།

ཁ་སང་། ཟླ་བ་ ༤ བའི་ཚེས་ ༢༦ ཉིན། བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་སྔར་ལོ་སྟེ། ཕྱི་ལོ་ ༢༠༢༠ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་ལོ་འཁོར་སྙན་ཐོ་ཤོག་གྲངས་ ༧༡ ཅན་ཞིག་འདོན་སྤེལ་བྱས་པ་བརྒྱུད་ནས། རྒྱ་ནག་གི་གི་སྲིད་འཛིན་ཞི་ཅིན་ཕིང་གི་སྲིད་བྱུས་ཀྱི་འོག་ཏུ། སྔར་ལོ་བོད་ནང་དུ་བརྟན་ལྷིང་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ། ནག་སེལ་གཤེད་བཅོམ་ལས་འགུལ་སོགས་དྲག་གནོན་སྲིད་ཇུས་རབ་དང་རིམ་པ་མང་པོ་ལག་བསྟར་གྱིས། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་ཕྱིན་པ་ཡོད་པ་འགྲེལ་བརྗོད་གནང་བ་མ་ཟད། ཁྲིམས་འགལ་གྱི་དམར་གསོད་དང་མནར་གཅོད་ཇེ་མང་དང་། ཁྲིམས་འགལ་ལུགས་འགལ་གྱི་བསམ་སྦྱོར་དང་གང་བྱུང་བཀག་སྐྱིལ་ཁྱབ་ཆེར་བཏང་ཡོད་པར་འཁོད་འདུགའདི་གའི་གསར་འགོད་པས་ཁ་པར་གྱི་ལམ་ནས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་བོད་གནས་ཉམས་ཞིབ་པ་པདྨ་རྒྱལ་ལགས་སུ་ཐེངས་འདིའི་ལོ་འཁོར་སྙན་ཐོ་དང་འབྲེལ་ནས་བཀའ་འདྲི་ཞུས་པར་ཁོང་གིས། བོད་ནང་དུ་ཆབ་སྲིད་ཀྱི་སྟངས་འཛིན་དང་། བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་རྒྱུན་འཁྱོངས་བྱ་བའི་ཆེད་དུ། རྒྱ་ནག་དམར་ཤོག་རྒྱལ་ཁབ་ཀྱིས་ཡར་རྒྱས་ཟེར་བ་ནི་དམར་ཤོག་རྒྱལ་ཁབ་ཀྱི་དབང་ཤུགས་དེ་སྤྱི་ཚོགས་ཁྱོན་ཡོངས་སུ་སླེབ་ཐབས་ཀྱི་ལག་ཆ་ལྟ་བུར་བེད་སྤྱོད་ཀྱིས་བརྟན་ལྷིང་སྲུང་སྐྱོང་གི་མིང་བྱང་འོག་ཏུ་རྒྱ་གཞུང་གིས་བཙན་དབང་གི་མི་རིགས་རྒྱ་སྒྱུར་དང་མགོ་མཇུག་འཆོལ་བའི་ཡར་རྒྱས་འཛུགས་སྐྲུན་ཟེར་བ་རྒྱུན་མཐུད་པའི་རྐྱེན་གྱིས། བོད་མིའི་ཆབ་སྲིད་དང་སྤྱི་དམངས། དཔལ་འབྱོར་དང་སྤྱི་ཚོགས། རིག་གཞུང་དང་བཅས་པའི་ཐོབ་ཐང་ཁག་ཚབས་ཆེའི་རྡོག་རོལ་བཏང་པར་ངོ་སྤྲོད་ཀྱིས། ལྟེ་གནས་ཁང་གིས་སྙན་ཐོ་འདི་བརྒྱུད་ནས་རྒྱལ་སྤྱིའི་འགྲོ་བོ་མིའི་ཐོབ་ཐང་ལྷན་ཚོགས་དང་འགྲོ་བ་མིའི་ཚོགས་པ་ཁག་གིས་རྒྱ་ནག་ལ་གནོན་ཤུགས་སྤྲད་པའི་ཐོག་ནས་བོད་ནང་དངོས་ཡོད་ཀྱི་གནས་ཚུལ་ལ་རྟོག་དཔྱོད་དང་རྒྱུས་ལོན་བྱེད་རྒྱུར་ཤུགས་སྣོན་སྐྱོན་དགོས་བའི་འབོད་སྐུལ་གནང་ཡོད་པར་གསུངས་སོང་།

དེ་བཞིན་ཁོང་གིས། རྒྱ་ནག་གིས་བོད་ཁུལ་དུ་འཛུགས་སྐྲུན་གྱི་ལས་གཞི་སྣ་མང་ཞིག་གཉེར་བཞིན་ཡོད་ནའང་། རྒྱ་ནག་གི་སྲིད་བྱུས་དེ་དག་གིས་བོད་མི་རྣམས་ཀྱི་མངོན་འདོད་དང་ཐོབ་ཐང་ལ་སྣང་མེད་རྡོག་རོལ་གྱིས་རྒྱ་རིགས་མི་མང་གི་ཁེ་ཕན་གཙོ་གཉེར་བྱས་ཏེ། མི་རིགས་དབྱེ་འབྱེད་རང་བཞིན་གྱི་སྲིད་བྱུས་ལག་བསྟར་གཙོ་བོར་བཟུང་ནས་བོད་ཁུལ་དུ་རྒྱ་རིགས་གནས་སྤོར་ཤུགས་ཆེར་བྱེད་བཞིན་ཡོད་པ་བློ་འཚབ་སྐྱེ་གཞི་ཞིག་ཆགས་ཡོད་པར་ནན་བརྗོད་གནང་སོང་།

དེ་བཞིན་འདི་གའི་གསར་འགོད་པའི་འདས་བའི་ལོ་གཅིག་གི་ནང་དུ་རྒྱ་ནག་གིས་བོད་མི་ག་ཚོད་ཅིག་འཛིན་བཟུང་བཀག་སྐྱིལ་དང་ཉེས་མེད་ཁྲིམས་ཐག་བཅད་ཡོད་མེད་ཀྱི་ཐད་ནས་བཀའ་འདྲི་ཞུས་པར་ཁོང་གིས། གཅིག་ནས་རྒྱ་ནག་གིས་བོད་ཕྱི་ནང་གི་གནས་ཚུལ་འཁོར་རྒྱུགས་ལ་དམ་དྲག་སྔར་ལྷག་བྱེད་མུས་ཡིན་པ་དང་། ཐབས་ལམ་སྣ་མང་བརྒྱུད་ནས་གནས་ཚུལ་ཕྱི་ལ་རག་པ་རྣམས་ཀྱང་ཡུལ་དངོས་ལ་བརྟག་དཔྱད་གསལ་བོར་བྱས་ནས་གནས་ཚུལ་ཆ་ཚང་རྒྱུས་ལོན་བྱེད་ཐབས་མེད་པར་བརྟེན།  བོད་ས་ཡོངས་སུ་འཛིན་བཟུང་དང་ཁྲིམས་ཐག་བཅད་པའི་གྲངས་ཐོ་འདི་རེད་ཟེར་བ་ཞིག་ཕྱོགས་སྡོམ་བྱེད་རྒྱུ་ཁག་པོ་ཡིན་པར་ངོ་སྤྲོད་ཀྱིས། སྤྱི་ཡོངས་ཀྱི་ཆ་ནས་བོད་ནང་གི་ཆབ་སྲིད་དང་ཆོས་ལུགས། དེ་བཞིན་རིག་གཞུང་དང་ཁོར་ཡུག་སོགས་ཀྱི་གནས་ཚུལ་དང་འབྲེལ་ནས་རྒྱ་ནག་གིས་འཛིན་བཟུང་བཀག་སྐྱིལ་བྱས་པའི་གནས་ཚུལ་གང་འཚམས་ཤིག་ཕྱོགས་སྡོམ་གནང་ཡོད་པར་གསུངས་ཡོད།

དེ་བཞིན་ལྟེ་གནས་ཁང་གིས་ཐེངས་འདིའི་སྙན་ཐོའི་ནང་དོན་མདོར་བསྡུས་གསར་ལམ་ཁག་ཏུ་བཏང་བའི་གནས་ཚུལ་གྱི་ནང་དུ།  རྒྱ་ནག་གིས་མི་རིགས་མཐུན་སྒྲིལ་ཟེར་བའི་སྲོལ་ཡིག་གསར་བ་ལག་ཏུ་བསྟར་གྱིས་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ནང་གསལ་གྱི་བོད་མིའི་སྲིད་དོན་དང་རིག་གཞུང་ངོ་བོ་དང་བཅས་པ་རྩིས་མེད་བརྡལ་བཤིག་བཏང་བ་མ་ཟད། རྒྱ་ནག་གིས་བོད་ཁུལ་དུ་ཁྲིམས་སྒྲིག་ཁག་མང་པོ་གསར་བཟོ་བྱས་ཏེ་ཆོས་ལུགས་མི་སྣ་དང་ཆོས་ལུགས་སློབ་གླིང་། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་ཚང་མར་འགན་ཁུར་ཆེན་པོ་བཙན་འགེལ་བྱས་པ། དེ་བཞིན་སྤྱི་ནོར་༸གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་ལ་དད་པ་དམ་ཚིག་གཡོ་བ་མེད་པ་གནང་མཁན་ཚོ་མུ་མཐུད་དུ་འཛིན་བཟུང་བཙོན་འཇུག་དང་སྡུག་སྦྱོང་མནར་གཅོད་གཏོང་མུས་ཡིན་ཁར། རྒྱལ་ཁབ་མགོ་རྟིང་སློག་པ་ཟེར་བ་དང་། ཡང་ན་ རྒྱལ་ཁབ་ཁ་བྲལ་གྱི་ངན་སྐུལ་ཟེར་བ་སོགས་ཀྱི་ནག་ཉེས་བཙན་འགེལ་གྱིས༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་ཉར་མི་ཆོག་པ་དང་བཀའ་སློབ་ལ་གསན་མི་ཆོག་པའི་དམ་དྲག་བོད་ས་ཡོངས་སུ་ལག་བསྟར་བྱེད་མུས་ཡིན་པར་མངོན་གསལ་གནང་འདུག

གཞི་རྩའི་ཐེངས་འདིའི་སྙན་ཐོ་ནང་དུ། རྒྱ་ནག་གཞུང་གིས་བརྟན་ལྷིང་སྲུང་སྐྱོང་ལས་དོན་ཟེར་བར་ཁ་གཡར་ཏེ་བོད་ནང་གི་བོད་མིའི་ཆབ་སྲིད་དང་། སྤྱི་དམངས། དཔལ་འབྱོར་དང་སྤྱི་ཚོགས། རིག་གཞུང་སོགས་ཀྱི་ཐོབ་ཐང་ཁག་རྩིས་མེད་རྡོག་རོལ་ཚབས་ཆེན་ཐེབས་བཞིན་པའི་སྐོར་ནས་གནས་ཚུལ་རྒྱུས་ལོན་བྱས་ཏེ། ཕྱི་ཕྱོགས་ཀྱིས་རྒྱལ་ཁབ་རྣམས་ཀྱིས་རྒྱ་ནག་གི་ཁྲིམས་མེད་ལུགས་མེད་ཀྱི་གནས་བབ་དེར་རྒྱུས་ལོན་གྱིས་དགག་གཞག་གནང་རྒྱུར་འབོད་སྐུལ་བྱས་ཡོད་པ་ཞིག་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།