Tibetan Royal Year of 2151 | Year of the Wood Dragon

སྦེལ་ཇམ་ནང་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་དགུ་པ་འཚོགས་འཆར།

Tibetan News Headlines

  • Dalai Lama received Kalu Rinpoche and more than 400 devotees in an audience
  • Tibetans hold peace rally calling for the release of Panchen Lama on the anniversary of his abduction
  • Tibet Museum celebrates International Museum Day with art exhibition by local Tibetan artists and writers
  • Central Tibetan Administration congratulates new Co-Chair for Australian Parliamentary Group for Tibet, Senator Barbara Pocock
  • Interview on CTA’s scholarship and excellence award

རེས་གཟའ་པ་སངས། ༢༠༢༤།༠༥།༡༧

  • ༸གོང་ས་མཆོག་གིས་དེ་རིང་ཀར་ལུ་རིན་པོ་ཆེ་དབུས་པའི་དད་ལྡན་ཆོས་ཞུ་བ་ ༤༠༠ ལྷག་ལ་མཇལ་ཁ་སྩལ་འདུག
  • དགོས་འདུན་དོན་ཚན་བཞིའི་ཐོག་ནས་༸པཎ་ཆེན་རིན་པོ་ཆེའི་གནས་སྟངས་གསལ་བཏོན་དགོས་པའི་ཞི་བའི་གོམ་བགྲོད།
  • རྒྱལ་སྤྱིའི་འགྲེམས་སྟོན་ཉིན་མོ་ཐེངས་ ༤༧ པ་སྲུང་བརྩི།
  • ལྕམ་སྐུ་ Barbara Pocock ཨོ་གླིང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཟུང་སྦྲེལ་ཚོགས་གཙོ་གསར་པར་བསྐོ་བཞག་བྱུང་བར་འཚམས་འདྲི།
  • བོད་མིའི་སྒྲིག་འཛུགངས་ཤེས་རིག་ལས་ཁུངས་ནས་འཛིན་རིམ་བཅིུས་ཀྱི་བསླབ་པ་ཐར་སོན་པ་རྣམས་ལ་སློབ་ཡོན་ཇི་ཡོད་སྐོར་བཅར་འདྲི།

རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་དགུ་པ་ཟླ་བ་འདིའི་ཚེས་ ༢༣ ནས་ ༢༥ བར་ཉིན་གྲངས་གསུམ་རིང་སྦེལ་ཇམ་གྱི་རྒྱལ་ས་ Brussels སྦར་སེལ་ནང་འཚོགས་གཏན་འཁེལ་འདུག

ཡོ་རོབ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་སྦེལ་ཇམ་གྱི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ཐུན་མོང་གི་གོ་སྒྲིག་འོག་ཟླ་བ་འདིའི་ཚེས་ ༢༣ ནས་འགོ་འཛུགས་ཀྱིས་ཚེས་ ༢༥ བར་ཉིན་གྲངས་གསུམ་རིང་ཁུལ་དེའི་རྒྱལ་ས་ Brussels སྦར་སེལ་ནང་དུ་རྒྱལ་སྤྱིའི་རྒྱལ་ཁབ་ཁག་འདྲ་མིན་ ༤༤ ལྷག་ནས་ཚོགས་བཅར་བ་ཁྱོན་ ༡༨༠ ལྷག་ལྷན་འཛོམས་ཐོག་རྒྱལ་སྤྱིའི་ཁྲོད་དུ་བོད་དོན་རྒྱབ་སྐྱོར་དང་འཐབ་རྩོད་ཀྱི་ནུས་པ་རྒྱ་སྐྱེད་གཏོང་ཐབས་སོགས་དང་འབྲེལ་ནས་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་དགུ་པ་འཚོགས་འཆར་ཡོད་ཅིང་། ཚོགས་ཆེན་དེའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་རྣམ་གཉིས་ལྷན་ཞུགས་གནང་རྒྱུ་ཡིན་པ་རེད།

ཐེངས་འདིའི་ཚོགས་ཆེན་གྱི་གྲོས་གཞི་སྐོར་དང་འབྲེལ་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་སུ་ཞལ་པར་བརྒྱུད་བཀའ་འདྲི་ཁག་ཅིག་ཞུས་ཡོད།

རྩ་བའི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དེ་བཞིན་ཕྱི་ལོ་ ༢༠༡༩ ལོར་བཞུགས་སྒར་གངས་སྐྱིད་ཚོགས་ཁང་གསར་པའི་ནང་ཚོགས་ཡོད་པ་དང་ཉིན་གྲངས་གསུམ་རིང་གི་ཚོགས་དུས་དེའི་ཐོག་གྲོས་ཚོགས་འཐུས་མི་ཟུར་པ་དང་མང་གཙོ་དོན་གཉེར་བ། འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ། དེ་བཞིན་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་སོགས་རྒྱལ་སྤྱིའི་རྒྱལ་ཁབ་འདྲ་མིན་ ༤༢ ལྷག་ནས་ཚོགས་བཅར་བ་ཁྱོན་ ༡༨༠ ལྷག་ལྷན་ཞུགས་གནང་སྟེ། བོད་དོན་ཐད་ཆབ་སྲིད་ཀྱི་རྒྱབ་སྐྱོར་ཡོང་ཐབས་དང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར། དེ་བཞིན་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་དང་བོད་མིའི་ཆོས་ཕྱོགས་དང་འབྲེལ་བའི་བླ་སྤྲུལ་ཡང་སྲིད་ཀྱི་གནད་དོན་སོགས་ཀྱི་ཐོག་གྲོས་བསྡུར་གནང་བའི་བརྒྱུད་གྲོས་ཆོད་ཁག་བརྒྱད་གཏན་འབེབས་གནང་ཡོད་པ་རེད།

ཡང་དེའི་བར་ན་ཁ་ཉིན་ཕྱི་ཚེས་ ༡༨ ཉིན་ཉི་ཧོང་བོད་ཀྱི་སྐུ་ཚབ་དོན་ཁང་དང་ཉི་ཧོང་བོད་སྐྱོབ་འབྲེལ་མཐུད་ཁང་། ཉི་ཧོང་བོད་རིགས་ཐུན་མོང་གིས་དྲ་ཐོག་བརྒྱུད་ཉི་ཧོང་བོད་དོན་རྒྱབ་སྐྱོར་ཚོགས་པའི་ལོ་འཁོར་ཚོགས་འདུ་ཚོགས་ཡོད་པ་དང་། ཚོགས་འདུའི་ཐོག་དབུས་ས་གཉིས་ཀྱི་གྲོས་ཚོགས་འཐུས་མི་གཙོས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་དགུ་དང་ཚོགས་བཅར་བ་ཞལ་གྲངས་ ༡༨ ལྷག་མཉམ་ཞུགས་གནང་འདུག

ཉི་ཧོང་བོད་ཀྱི་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་རླུང་འཕྲིན་ཁང་ལ་སྐབས་དེའི་ཚོགས་འདུའི་ཐོག་ཉི་ཧོང་གི་གྲོས་ཚོགས་འཐུས་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་བོད་ཀྱི་གནད་དོན་སྤྱི་ལ་རྒྱབ་སྐྱོར་དང་། ལྷག་དོན་ད་ལྟའི་བོད་ནང་གི་གནས་སྟངས་ལ་ཐུགས་འཚབ་མངོན་གསལ་དང་སྦྲགས། རྒྱ་གཞུང་གིས་འགོ་ཁྲིད་ཚོས་བོད་ནང་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་དང་། དྲག་རྩུབ་ཆེ་བའི་སྲིད་བྱུས་སྣ་ཚོགས་ཤིག་ལག་བསྟར་བྱེད་བཞིན་པ་རྣམས་མཚམས་འཇོག་ཡོང་བར་གདོང་ལེན་སྔར་ལྷག་གནང་བའི་བརྒྱུད། ཉི་ཧོང་ས་གནས་ཀྱི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་ལ་ཞུ་གཏུག་གང་མང་གནང་དགོས་པའི་སྐོར་གྲོས་བསྡུར་ལྷུག་པོ་བྱུང་ཡོད་པ་གསུངས་སོང་།

འབྲེལ་ཡོད་གསར་གནས།

གསར་གནས།