Tibetan Royal Year of 2151 | Year of the Wood Dragon

བལ་ཡུལ་ནང་གི་བོད་མི་སྐྱབས་བཅོལ་བའི་ཐོབ་ཐང་སྲུང་སྐྱོབ་དགོས་པའི་ཞུ་སྐུལ།

Tibetan News Headlines

  • Sikyong Penpa Tsering meets President Macron, gifts autographed photo of the Dalai Lama with French leader
  • Tibetans inside and outside Tibet mark Calligraphy Day
  • Derge protests put dams back on the agenda: Rights group calls for transparency of Dam construction plans in Tibet
  • Mexico legislators and friends of Tibet gather to strategize and reaffirm commitment to Tibet’s rights
  • Sarah College for Higher Tibetan Studies holds 23rd graduation ceremony

རེས་གཟའ་ལྷག་པ། ༢༠༢༤།༠༥།༠༡

  • སྲིད་སྐྱོང་མཆོག་གིས་ཕ་རན་སིའི་སྲིད་འཛིན་ལྷན་དུ་མཇལ་འཕྲད་གནང་འདུག
  • བོད་གཞིས་བྱེས་གཉིས་སུ་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་ཉིན་མོ་སྲུང་བརྩི་ཟབ་རྒྱས་ཞུས་པ།
  • རྒྱ་གཞུང་གི་ཆུ་མཛོད་གསར་རྒྱག་གི་ལས་གཞི་ཐད་ཕྱི་གསལ་ནང་གསལ་དགོས་པའི་འབོད་སྐུལ།
  • Mexico ནང་དུ་མ་འོངས་བོད་དོན་རྒྱབ་སྐྱོར་གྱི་ལས་དོན་སྤེལ་ཕྱོགས་སྐོར་ཚོགས་འདུ་ཚོགས་པ།
  • རྡ་ས་རིགས་སློབ་མ་ལག་གཉིས་ཀྱི་སློབ་ཐོན་མཛད་སྒོ་ཚོགས་པ།

བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་བལ་ཡུལ་ནང་བཅའ་སྡོད་བོད་མི་རྣམས་ཀྱི་ཆེས་ཞན་པའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་གླེང་སློང་དང་གནས་སྟངས་ཡར་རྒྱས་གཏང་རྒྱུར་དམིགས་ཏེ། བལ་ཡུལ་གཞུང་དང་རྒྱ་ནག དེ་བཞིན་རྒྱལ་སྤྱིའི་སྤྱི་ཚོགས་ལ་དྲ་རྒྱའི་ཐོག་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་སྤེལ་བའི་བརྒྱུད། བལ་ཡུལ་ནང་གི་བོད་མིའི་དཀའ་སྡུག་སེལ་དགོས་པའི་ཞུ་སྐུལ་གནང་བཞིན་འདུག

ལྟེ་གནས་ཁང་གིས་སྔ་ལོར་བལ་ཡུལ་དང་རྒྱ་ནག་གཉིས་དབར་གྱི་འབྲེལ་ལམ་ཤུགས་ཆེར་ཕྱིན་པའི་ཁྲོད། བལ་ཡུལ་ནང་དུ་གནས་སྡོད་བོད་མིར་སྐྱབས་བཅོལ་ཡིག་ཆ་སྤྲད་རྒྱུ་མཚམས་འཇོག་བྱས་ཤིང་། ཤེས་ཡོན་དང་ལས་ཀའི་གོ་སྐབས་མེད་པ། བོད་མི་རྣམས་གཞིས་སྤོ་བྱ་རྒྱུར་བཀག་སྡོམ། དེ་བཞིན་བཙན་བྱོལ་དུ་གྲོས་བྱོལ་ཕེབས་མཁན་རྣམས་ཕྱིར་ལོག་དང་རྒྱ་གར་དུ་བསྐྱོད་རྒྱུར་བཀག་སྡོམ་སོགས་ཕྱོགས་ཡོངས་ནས་བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་དམ་བསྒྲགས་བྱེད་བཞིན་པའི་སྙན་ཐོ་འདོན་སྤེལ་གནང་ཡོད་པ་རེད།

སྙན་ཐོ་འདོན་སྤེལ་རྗེས་བལ་ཡུལ་ནང་གི་བོད་མི་སྐྱབས་བཅོལ་བའི་ཐོབ་ཐང་སྲུང་སྐྱོབ་བྱ་དགོས་པའི་མིང་བྱང་འོག་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་སྤེལ་བཞིན་པ་ཡོད་པ་དང་། ལས་འགུལ་དེ་ཟླ་བ་འདིའི་ཚེས་ ༢༣ ཉིན་མཇུག་སྒྲིལ་གྱིས་བལ་ཡུལ་གཞུང་དང་རྒྱ་ནག་གཞུང་། དེ་བཞིན་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོང་ཐང་གཙོ་འཛིན་ལས་ཁུངས་བཅས་ལ་མཚན་རྟགས་བསྡུ་རུབ་གནང་བའི་ཞུ་སྙན་དེ་ཕུལ་རྒྱུ་རེད་འདུག

དྲ་རྒྱའི་ཞུ་སྙན་དེའི་ཐོག་ཕྱི་ལོ་ ༡༩༩༥ ལོར་རྒྱ་ནག་གཞུང་གིས་ཤུགས་རྐྱེན་འོག་བལ་ཡུལ་གཞུང་གིས་ཁུལ་དེར་གནས་སྡོད་བོད་མི་རྣམས་ལ་སྐྱབས་བཅོལ་བའི་ཡིག་ཆ་སྤྲད་རྒྱུ་མཚམས་འཇོག་བྱས་ཤིང་། རིམ་པས་ཕྱོགས་ཡོངས་ནས་བོད་མིའི་གཞི་རྩའི་རང་དབང་ལ་དམ་བསྒྲགས་བྱེད་འགོ་བཙུགས་ཏེ། དེང་སྐབས་བོད་ནས་བྲོས་བྱོལ་དུ་ཡོང་མཁན་ཚོར་ཉེན་སྲུང་ཐུབ་པའི་ས་ཁུལ་ཞིག་ཆགས་ཀྱི་མེད་པ་མ་ཟད། བལ་ཡུལ་དེ་བཞིན་བོད་ཀྱི་རྗེས་སུ་རྒྱ་གཞུང་གིས་བོད་མིའི་ཐོག་དྲག་གནོན་བྱེད་སའི་ས་ཁུལ་གཉིས་པ་ཞིག་ཏུ་གྱུར་ཡོད་སྟབས། བོད་མི་མང་པོ་ཞིག་གིས་བལ་ཡུལ་ལ་བོད་གཉིས་པ་ཞེས་འབོད་སྲོལ་ཡོད་པ་ཐེར་འདོན་གནང་འདུག

དེ་བཞིན་བལ་ཡུལ་གཞུང་གིས་ཕྱི་ལོ་ ༡༩༨༩ ལོར་ Gentleman’s Agreement ཞེས་པའི་རྒྱལ་ཚོགས་ཀྱི་གྲོས་མཐུན་དང་ཡོངས་སུ་འགལ་གྱི་ཡོད་པ་མ་ཟད། ཁུལ་དེར་བོད་མི་རྣམས་ངེས་གཏན་མེད་པའི་གནས་སུ་ལྷུང་ཡོད་པ་མངོན་གསལ་གནང་འདུག

ལྟེ་གནས་ཁང་གིས་ཐེངས་འདིའི་ཞུ་སྙན་བརྒྱུད། རྒྱལ་ཚོགས་ཀྱི་སྐྱབས་བཅོལ་དང་འབྲེལ་བའི་ཁྲིམས་སྒྲིགས་ཁག་ལ་བལ་ཡུལ་གཞུང་ནས་ལག་ལྟར་དགོས་པ་དང་། རྒྱ་གཞུང་གི་མནར་གཅོད་འོག་ནས་བྲོས་བྱོལ་དུ་ཡོང་མཁན་བོད་མི་རྣམས་ཕྱིར་ལོག་མི་བྱ་བའི་རྩ་འཛིན་ལག་བསྟར་ཐོག་རྒྱ་གར་ནང་བསྐྱོད་མཁན་རྣམས་ལ་བདེ་འཇགས་ངང་འགྲོ་ལམ་གནང་དགོས་པ། སྐྱབས་བཅོལ་ཡིག་ཆ་སྤྲད་དགོས་པ་སོགས་བོད་མིར་གཞི་རྩའི་རང་དབང་དང་ཐོབ་ཐང་དང་དེ་འབྲེལ་ཁྲིམས་སྒྲིག་གཏན་འབེབས་དགོས་པའི་དགོས་འདུན་ཁག་ ༧ ཆེད་འདོན་གནང་འདུག

ལྷག་པར་རྒྱ་ནག་གཞུང་ལ་རྒྱལ་ཚོགས་ཀྱི་ཁྲིམས་སྒྲིག་ལྟར་བལ་ཡུལ་རྒྱལ་ཁབ་ཀྱི་རང་དབང་གནས་བབ་དང་ས་ཁོངས་བདག་དབང་ལ་རྩིས་མེད་བསྐྱུར་འཇོག་བྱ་རྒྱུ་མཚམས་འཇོག་དགོས་པ་དང་། བལ་ཡུལ་གཞུང་འཛིན་པར་བོད་མིའི་ཐོག་གནོན་ཤུགས་སྤྲད་རྒྱུ་མཚམས་འཇོག་དགོས་པ། བལ་བོད་ས་མཚམས་སུ་དམག་མི་ཕོན་ཆེན་འགྲེམས་འཇོག་གིས་བོད་མི་རྣམས་ཀྱི་བདེ་འཇགས་ལ་ཉེན་ཁ་བཟོ་རྒྱུར་མཚམས་འཇོག་དགོས་པ་སོགས་ཀྱི་དགོས་འདུན་ཁག་ ༦ ཆེད་འདོན་གནང་འདུག

མ་ཟད་རྒྱལ་སྤྱིའི་སྤྱི་ཚོགས་ནས་བལ་ཡུལ་ནང་གི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་མཚམས་འཇོག་སླད་རྒྱ་ནག་ལ་གནོན་ཤུགས་སྤྲད་དགོས་པ་དང་། བལ་ཡུལ་གཞུང་དང་ལྷན་ཁུལ་དེའི་ནང་གི་བོད་མིའི་ཐོབ་ཐང་ཁག་སྲུང་སྐྱོབ་ཐོག་ཤུགས་རྒྱག་དགོས་པ། བལ་ཡུལ་གཞུང་ལ་རྒྱལ་སྤྱིའི་སྐྱབས་བཅོལ་ཁྲིམས་སྒྲིག་སོགས་ལ་ངོས་ལེན་དགོས་པའི་གནོན་ཤུགས་སྤྲད་དགོས་པ། མང་ཚོགས་ཀྱི་དཀའ་སྡུག་གསལ་བཤད་སླད་ས་གནས་བོད་མིའི་འགོ་ཁྲིད་དང་ལྷན་དུས་བཀག་རིམ་པའི་ཚོགས་འདུ་ཚོགས་དགོས་པ། བལ་ཡུལ་བོད་མི་རྣམས་ལ་རྒྱལ་ཁབ་གསུམ་པ་ཞིག་གི་ནང་དུ་གཞིས་སྤོ་བྱ་རྒྱུའི་མཐུན་རྐྱེན་བསྐྲུན་དགོས་པ་སོགས་ཀྱི་དགོས་འདུན་ཁག་ ༧ ཆེད་འདོན་གནང་འདུག

འབྲེལ་ཡོད་གསར་གནས།

གསར་གནས།