Tibetan Royal Year of 2151 | Year of the Wood Dragon

འཇར་མན་ཚོང་ལས་ཁང་གཉིས་ཀྱིས་རྒྱ་ནག་ནང་མ་འཛུགས་མཚམས་འཇོག་དང་མཉམ་འབྲེལ་ལས་གཞི་ཕྱིར་འཐེན།

Tibetan News Headlines

  • Conversation with TWA members on Association’s mission, outreach, and youth engagement strategies

རེས་གཟའ་སྤེན་པ། ༢༠༢༤།༠༤།༢༧

  • བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོ་བོ་དང་ལས་དོན། གཞོན་སྐྱེས་མཉམ་ཞུགས་སྐོར་གླེང་མོལ།

རྒྱ་ནག་གིས་ཤར་ཏུར་ཀི་སི་ཐན་འམ་ཤིན་ཅང་ནང་དུ་ཡུ་གུར་མི་རིགས་གཙོས་པའི་གཞན་ཁ་ཆེའི་གྲངས་ཉུང་མི་རིགས་རྣམས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཐོག་བཙན་གྱིས་ངལ་རྩོལ་ལས་རིགས་འདྲ་མིན་སྐུལ་བཞིན་པའི་གནས་སྟངས་ཐད་ད་སྐབས་རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་རྒྱ་ནག་ལ་སྐྱོན་བརྗོད་ཤུགས་ཆེ་གནང་བཞིན་པའི་ཁྲོད། འཇར་མ་ནིའི་ Volkswagen ཝོལཀས་ཝེ་གྷན་ཞེས་རླངས་འཁོར་བཟོ་ཚོང་ཁང་ནས་ཤར་ཏུར་ཀི་སི་ཐན་ནང་གི་མ་འོངས་ལས་གཞི་ཁག་ལ་བསྐྱར་ཞིབ་བྱེད་བཞིན་པ་མ་ཟད། Badische Anilin und Soda Fabrik (BASF) ཞེས་རྫས་སྦྱོར་བཟོ་ལས་ཁང་གིས་ཀྱང་ཁུལ་དེར་ལས་གཞི་ཕྱིར་འཐེན་བྱེད་བཞིན་པ་རེད་འདུག

The Newyork Times ནེའུ་ཡོག་དུས་བབ་གསར་ཤོག་ཐོག་སྤེལ་བའི་གནས་ཚུལ་ལ་གཞིགས་ན། ཉེ་ཆར་རྒྱལ་སྤྱིའི་གནད་དོན་དབྱེ་ཞིབ་པ་མང་དག་ཅིག་གིས་རྒྱ་གཞུང་གིས་ཁ་ཆེའི་གྲངས་ཉུང་མི་རིགས་རྣམས་ལ་བཙན་དབང་གིས་ངལ་རྩོལ་སྐུལ་བཞིན་པའི་གནད་དོན་ཐད་ཞིབ་འཇུག་ཀྱིས་སྙན་ཐོ་རིམ་པ་འདོན་སྤེལ་གནང་ཡོད་ཅིང་། དའི་ནང་ BASF རྫས་སྦྱོར་བཟོ་ལས་ཁང་གི་འགན་འཛིན་ Markus Kamieth མཱར་ཀི་སི་ཁ་མི་ཡེཏ་ལགས་ཀྱིས་རྒྱ་ནག་ནང་ཡོད་པའི་རང་ཉིད་ཀྱི་མཉམ་འབྲེལ་ཁེ་ལས་ཁང་དེ་དག་གིས་ཡུ་གུར་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བའི་དཔང་རྟགས་གསལ་པོ་མེད་ཀྱང་། ཉེ་ཆར་རྒྱལ་སྤྱིའི་གནད་དོན་དབྱེ་ཞིབ་པ་ཚོས་འདོན་སྤེལ་གནང་བའི་སྙན་ཐོའི་ནང་ BASF ཡི་མཉམ་འབྲེལ་ཁེ་ལས་ཁང་གིས་རང་ཉིད་ཀྱི་རིན་ཐང་དང་མི་མཐུན་པའི་བྱ་སྤྱོད་ཐད་བརྒྱུད་ལམ་ཁག་ཏུ་གནས་ཚུལ་རིམ་པར་ཁྱབ་གདལ་དུ་འགྲོ་བཞིན་པར་བརྟེན། ཁོང་ཚོས་ཤར་ཏུར་ཀི་སི་ཐན་ནང་གི་མཉམ་འབྲེལ་ཁེ་ལས་གཉིས་གང་མགྱོགས་ཕྱིར་འཐེན་བྱེད་རྒྱུ་ཡིན་པ་གསུངས་འདུག

དེ་བཞིན་ Volkswagen ཝོལཀས་ཝེ་གྷན་གྱིས་རྒྱ་ནག་གི་ Shanghai Automotive Industry Corporation ཞེས་པའི་ཚོང་ལས་ཁང་དང་མཉམ་འབྲེལ་གོ་བསྡུར་གྱིས་མ་འོངས་པར་ཤིན་ཅང་ནང་གི་ཚོང་ལས་ཐད་ཕྱོགས་ཡོངས་ནས་བསྐྱར་ཞིབ་བྱེད་བཞིན་ཡོད་པ་གསུང་འདུག

སྤྱིར་ཕྱི་ལོ་ ༢༠༢༡ ཟླ་ ༡༢ ནང་ཨ་རི་གྲོས་ཚོགས་ནང་ཡུ་གུར་ངལ་རྩོལ་འགོག་ཐབས་ཀྱི་ཁྲིམས་གཞི་གཏན་འབེབས་བྱུང་བ་ནས་བཟུང་། རྒྱ་ནག་ནས་ནང་འདྲེན་བྱས་པའི་ཚོང་ཟོག་རྣམས་བཙན་སྐུལ་ངལ་རྩོལ་གྱི་ཐོན་ཁུངས་ཡིན་མིན་ཐད་དམ་དྲག་དང་རྟོག་ཞིབ་ནན་པོ་གནང་འགོ་ཚུགས་པ་ལྟར། Volkswagen ཝོལཀས་ཝེ་གྷན་ལྟ་བུའི་རྒྱལ་སྤྱིའི་ཚོང་ལས་ཁང་གིས་གཙོས་གཞན་ཚོང་ལས་ཁང་ལ་གནོན་ཤུགས་ཇེ་ཆེར་སླེབས་ཡོད་པ་དང་། ཚོང་ལས་ཁང་དེའི་འབྲེལ་ཡོད་ལས་བྱེད་ཅིག་གིས་ནེའུ་ཡོག་དུས་བབ་གསར་ཁང་ལ་ཤར་ཏུར་ཀི་སི་ཐན་ཞེས་མིང་འདོན་བྱས་མེད་ཀྱང་། རྒྱ་ནག་ནས་ནང་འདྲེན་བྱས་པའི་རླངས་འཁོར་ཁག་གཅིག་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ལ་བརྟེན་ནས་ཨ་རིར་ཚོང་འགྲེམས་བྱ་རྒྱུར་དཀའ་ངལ་འཕྲད་ཡོད་པ་གསུངས་འདུག

འཇར་མ་ནིའི་ཚོང་ལས་ཁང་གཉིས་ཀྱིས་ཤར་ཏུར་ཀི་སི་ཐན་ནང་ཡོད་པའི་རང་ཉིད་ཀྱི་མཉམ་འབྲེལ་ཁེ་ལས་དེ་དག་ནང་མ་འཛུགས་མཚམས་འཇོག་གི་གནད་དོན་དང་འབྲེལ་རྒྱ་ནག་ཕྱི་སྲིད་ལས་ཁུངས་ལ་འདྲི་རྩད་བྱས་སྐབས། རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱིས་དེར་སྐྱོན་བརྗོད་ཤུགས་ཆེ་དང་སྦྲགས། རྒྱ་གཞུང་གིས་ཡུ་གུར་བ་རྣམས་ལ་བཙན་ཤེད་ཀྱིས་ངལ་རྩོལ་སྐུལ་ཡོད་པའི་སྐྱོན་འཛུགས་དེ་ནི་རྫུན་གཏམ་ཞིག་ཡིན་ཞིང་། དེ་ལྟ་བུའི་གཞི་མེད་སྐྱོན་འཛུགས་དེ་དག་ནི་རྒྱ་ནག་ལ་ངོ་རྒོལ་བྱེད་མཁན་ཚོགས་སྡེ་ཁག་གིས་རྒྱ་ནག་ལ་མིང་ཆད་ངན་པ་བཟོ་ཆེད་སླད་ཡིན་པ་མ་ཟད། ཚོང་ལས་ཁང་ཚོས་དངོས་ཡོད་གནས་ཚུལ་ལ་བརྩི་འཇོག་དང་། ལེགས་ཉེས་ཀྱི་ཁྱད་པར་ཤེས་པའི་ཐོག་ ཁུལ་དེར་མ་རྩ་འཛུགས་དགོས་པ་སོགས་བཤད་འདུག

གཞི་རྩའི་རྒྱ་ནག་གཞུང་གིས་ཤིན་ཅང་རོགས་སྐྱོར་འམ་ Xinjian Aid ཟེར་བའི་ལས་གཞིའི་འོག་ཕྱི་ལོ་ ༢༠༡༧ ནས་ ༢༠༡༩ བར་ཤིན་ཅང་ཁུལ་ནས་ཡུ་གུར་བ་སོགས་མི་གྲངས་ཁྲི་ ༨ ལྷག་རྒྱ་ནག་གི་ཞིང་ཆེན་ ༩ ནང་ཡོད་པའི་བཟོ་གྲྭ་ཁག་ ༢༧ ལྷག་གིས་ནང་ངལ་རྩོལ་ཆེད་གཏོང་བྱས་ཡོད་ཅིང་། ཁོང་རྣམས་ལོགས་སུ་བཞག་སྟེ་རྒྱ་སྐད་སློབ་སྦྱོང་དང་དམར་ཤོག་ལ་བློ་འགུགས་ཐབས་ཀྱི་སློབ་གསོ་སྤྲོད་ཀྱི་ཡོད་ཙམ་མ་ཟད། ཆོས་ལུགས་ཀྱི་བྱེད་སྒོར་ཞུགས་རྒྱུར་བཀག་སྡོམ་ཡང་བྱེད་ཀྱི་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།