Tibetan Royal Year of 2151 | Year of the Wood Dragon

ཨ་རིའི་གྲོས་ཚོགས་འོག་མར་བོད་ཐོག་གྲོས་ཆོད་གྲོས་འཆར་གསར་པ་ཞིག་ཆེད་འདོན།

Tibetan News Headlines

  • Gongma Rinpoche at 80: An in-depth interview with Sakya Gongma Trichen Rinpoche uncovering his life journey and biography

རེས་གཟའ་སྤེན་པ། ༢༠༢༤།༠༤།༢༧

  • དམིགས་བསལ་ལས་རིམ། ས་སྐྱ་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་༧སྐུ་ཚེའི་མཛད་རྣམ་སྙིང་བསྡུས།

ཨ་རིའི་རྒྱལ་ས་ Washington DC ནང་ཨ་རིའི་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་ཀྱི་ཚོགས་དུས་ ༡༡༦ འཚོགས་བཞིན་པ་དང་བསྟུན་དེ་སྔ་ཕྱི་ལོ་ ༢༠༠༢ ལོར་ཡུལ་དེའི་གྲོས་ཚོགས་སུ་གཏན་འབེབས་གནང་བའི་ Tibet Policy Act 2002 ཞེས་ཨ་རི་བོད་ཐོག་འཛིན་པའི་སྲིད་བྱུས་དེ་ནུས་ཤུགས་ལྡན་པ་ཞིག་བཟོ་རྒྱུའི་གྲོས་ཆོད་གྲོས་འཆར་གསར་པ་ཞིག་ཆེད་འདོན་གནང་འདུག

ཨ་རི་བོད་ཐོག་འཛིན་པའི་སྲིད་བྱུས་དེ་ནུས་ཤུགས་ལྡན་པ་ཞིག་བཟོ་རྒྱུའི་གྲོས་ཆོད་གྲོས་འཆར་གསར་པ་དེ་བདུན་ཕྲག་སྔོན་མའི་རེས་གཟའ་པ་སངས་ཟླ་ ༩ ཕྱི་ཚེས་ ༡༣ ཉིན་ཡུལ་དེའི་གྲོས་ཚོགས་འོག་མའི་ནང་ CECC ཞེས་ཨ་རིའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ཚོགས་ཆུང་གི་ཚོགས་གཙོ་ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Jim McGovern ལགས་ནས་ཆེད་འདོན་གནང་ཡོད་པ་དང་། སྐབས་དེར་གྲོས་ཚོགས་འཐུས་མི་སྐུ་ཞབས་ Christopher H. Smith ལགས་དང་ལྕམ་ Marcy Kaptur ལགས། སྐུ་ཞབས་ Brad Sherman ལགས། སྐུ་ཞབས་ Mark Meadows ལགས། སྐུ་ཞབས་ Tom Suozzi ལགས། སྐུ་ཞབས་ Tom Malinowski ལགས། དེ་བཞིན་སྐུ་ཞབས་ Ben McAdams ལགས་བཅས་ཨ་རིའི་ཆབ་སྲིད་ཚོགས་པ་གཉིས་ཀ་ལས་གྲུབ་པའི་གྲོས་ཚོགས་འཐུས་མི་བདུན་ནས་རྒྱབ་སྐྱོར་གནང་འདུག

ད་ལྟའི་ཆར་གྲོས་ཆོད་གྲོས་འཆར་གསར་པའི་ཐོག་ཨ་རིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་དང་ཁྲིམས་ལུགས་ཚོགས་ཆུང་གཉིས་སུ་ཕུལ་ནས་གྲོས་བསྡུར་དང་དཔྱད་ཞིབ་གནང་མུས་ཡིན་པ་རེད།

གཞི་རྩའི་ Tibet Policy Act 2002 ཞེས་ཨ་རི་བོད་ཐོག་འཛིན་པའི་སྲིད་བྱུས་དེ་ནུས་ཤུགས་ལྡན་པ་ཞིག་བཟོ་རྒྱུའི་གྲོས་ཆོད་གྲོས་འཆར་གསར་པ་དེ་དངོས་སུ་ཨ་་རིའི་གྲོས་ཚོགས་གོང་འོག་གཉིས་སུ་གཏན་འབེབས་ཐུབ་ཐབས་སུ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་ཨ་རི་བོད་ཀྱི་སྐུ་ཚབ་དོན་གཅོད་སོགས་ས་གནས་སུ་ཞུ་གཏུག་ལས་འགུལ་འདྲ་མིན་སྤེལ་མུས་ཡིན་པ་མ་ཟད། ཉེ་ཆར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཀྱང་ཨ་རི་ནང་གཞུང་འབྲེལ་འཚམས་གཟིགས་བརྒྱུད་ཡུལ་དེའི་གྲོས་ཚོགས་འཐུས་མི་ཁག་གཅིག་དང་མཇལ་འཕྲད་ཀྱིས་གྲོས་ཆོད་གྲོས་འཆར་གསར་པར་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཡང་ཞུས་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།