Tibetan Royal Year of 2151 | Year of the Wood Dragon

ཨ་རིའི་ཤེས་ཡོན་ལམ་ལུགས་ནང་རྒྱ་ནག་གི་ཤུགས་རྐྱེན་འགོག་ཐབས་ཀྱི་ཁྲིམས་གཞི་འཇོག་ཐབས།

Tibetan News Headlines

  • Former political prisoner Namkyi’s brave Journey: From Protest, Imprisonment to Eventual Escape to India

རེས་གཟའ་སྤེན་པ། ༢༠༢༤།༠༥།༠༤

  • རྒྱ་གཞུང་གི་མནར་གཅོད་འོག་༸རྒྱལ་བ་རིན་པོ་ཆེར་དད་གུས་གཡོ་མེད་དུ་གནས་པའི་ཆབ་སྲིད་བཙོན་ཟུར་རྣམ་སྐྱིད་ལགས།

དེ་རིང་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཨ་རིའི་གཞུང་འཛིན་གསར་བ་བསླེབ་ལ་ཉེ་བའི་དུས་སྐབས་འདིར། Trump གཞུང་འཛིན་ཚོགས་པའི་ངོས་ནས་རྒྱ་ནག་སྲིད་གཞུང་གིས་མ་དངུལ་ཆེད་གཏོང་གིས་ཨ་རིའི་ཤེས་ཡོན་ལམ་ལུགས་ཀྱི་ནང་དུ་ཤུགས་རྐྱེན་སྤེལ་ཐབས་བྱེད་བཞིན་པ་འགོག་ཐབས་ཀྱི་ཁྲིམས་སྒྲིག་གསར་བ་ཞིག་གང་མགྱོགས་འཇོག་ཐབས་ལ་ཤུགས་སྣོན་རྒྱག་བཞིན་པ་རེད་འདུག

ཐེངས་འདིའི་ཨ་རིའིི་རྒྱ་ནག་གི་ཤུགས་རྐྱེན་འགོག་ཐབས་ཀྱི་ཁྲིམས་སྒྲིག་དེར་མཚོན་ན། ཤེས་ཡོན་ལྟེ་གནས་ཡོངས་ཀྱིས་རྒྱ་ནག་དང་འབྲེལ་བའི་ཤེས་ཡོན་བརྗེ་ལེན་གྱི་གནས་ཚུལ་ཡོད་ཚད་གོང་རིམ་ལ་སྙན་གསེང་ཞུ་དགོས་བ་དང་། གལ་ཏེ་ཤེས་ཡོན་ལྟེ་གནས་ཁག་གིས་གནས་ཚུལ་དུས་ལྟར་སྙན་གསེང་མ་ཞུས་ཚེ་ཤེས་ཡོན་བརྗེ་ལེན་གྱི་ལས་གཞི་ཡོད་ཚད་བཀག་སྡོམ་བྱེད་རྒྱུ་ཡིན་པར་འཁོད་འདུག
གསར་ཁང་གིས་གནས་ཚུལ་སྤེལ་བའི་ནང་དུ། རྒྱ་ནག་གཞུང་གིས་ཁུང་ཙི་སློབ་གླིང་བརྒྱུད་ནས་ཨ་རིའི་ཤེས་ཡོན་གྱི་ལམ་ལུགས་ནང་དུ་རྒྱ་སྐད་རྒྱ་ཡིག་གི་སློབ་ཁྲིད་ཀྱི་མཚོན་པའི་རྒྱ་ནག་གི་ཤུགས་རྐྱེན་སྤེལ་ཐབས་བྱེད་ཀྱི་ཡོད་པ་དེར་ཨ་རིའི་གྲོས་ཚོགས་འཐུས་མི་མང་པོས་སེམས་ཁྲེལ་ཆེན་པོ་བྱེད་ཀྱི་ཡོད་པ་དང་། Trump འཛིན་སྐྱོང་གིས་གནད་དོན་དེར་སྦ་གསང་མེད་པའི་སྒང་ནས་སྐྱོན་བརྗོད་བྱས་ཡོད་པ་མ་ཟད། རྒྱ་ནག་གི་ཁུང་ཙི་སློབ་གླེང་དེ་ནི་རྒྱ་ནག་གི་གཞུང་ཚབ་ལྟ་བུ་ཡིན་པར་མིང་འདོགས་བྱས་ཡོད་པ་ལུང་འདྲེན་གནང་འདུག


སྤྱིར་ཨ་རིའི་གྲོས་ཚོགས་གོང་མའི་གཏན་འཇགས་ཚོགས་ཆུང་གིས་ཞིབ་འཇུག་བྱས་པའི་གྲུབ་དོན་དུ། ཨ་རིའི་ནང་དུ་རྒྱ་ནག་སྲིད་གཞུང་ནས་མ་དངུལ་༢༥༠༠༠༠ ལྷག་ཐོབ་མཁན་གྱི་ཤེས་ཡོན་སྡེ་ཁག་ལས་བརྒྱ་ཆ་བདུན་ཅུ་ལྷག་ཙམ་གྱིས་འབྲེལ་ཡོད་ལས་ཁུངས་ལ་སྙན་གསེང་ཞུས་ཀྱི་མེད་པ་དང་། མཚན་གསལ་བོར་བརྗོད་འདོད་མེད་པའི་འབྲེལ་ཡོད་དཔོན་རིགས་ཞིག་གིས། གནད་དོན་དེའི་རྐྱེན་པས་ཨ་རིའི་གཞུང་གི་ངོས་ནས་ཡུལ་དེའི་ཤེས་ཡོན་ལམ་ལུགས་ཀྱི་ནང་དུ་རྒྱ་ནག་གི་ཤུགས་རྐྱེན་ཤུགས་ཐོག་གནས་ཚུལ་ཞིབ་ཕྲ་རྟོགས་ཁག་པོ་ཆགས་ཀྱི་ཡོད་པར་བརྗོད་འདུག

དེ་བཞིན་ཟླ་བ་སྔོན་མའི་ནང་། ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ Mike Pompeo ལགས་ཀྱིས་ཨ་རིའི་ནང་གི་གཙུག་ལག་སློབ་ཁང་རྣམས་ཀྱིས་རྒྱ་ནག་གི་ཁུང་ཙི་སློབ་གླིང་དང་འབྲེལ་ལམ་བཙུགས་ཡོད་པར་སེམས་འཚབ་ཆེན་པོ་ཡོད་པར་བརྗོད་ཡོད་པ་མ་ཟད། གཙུག་ལག་སློབ་ཁང་ཁག་གིས་རྒྱ་ནག་གིས་ཨ་རིའི་ཤེས་ཡོན་ལམ་ལུགས་ཀྱི་ནང་དུ་ཤུགས་རྐྱེན་སྤྲོད་ཐབས་བྱེད་བཞིན་པར་དོ་ནན་པོ་གནང་དགོས་བར་འབོད་སྐུལ་གྱིས། གཙུག་ལག་སློབ་ཁང་རྣམས་ཀྱིས་རྒྱ་ནག་གཞུང་གིས་མ་དངུལ་ཆེད་གཏོང་གི་ལས་གཞི་དེ་དག་ཡོངས་སུ་སྒོ་རྒྱག་དགོས་བར་གསུངས་ཏེ་ཁུང་ཙིའི་སློབ་གླིང་རྣམས་ཀྱིས་ཨ་རིའི་ཕྱི་སྲིད་ལྷན་ཁང་ལ་ཐོ་འགོད་བྱ་དགོས་པའང་བཟོས་ཡོད་པ་རེད།
ད་ལྟའི་ཆར་Trump སྲིད་གཞུང་ངོས་ནས་འདེམས་ཐོན་སྲིད་འཛིན་གསར་པའི་ལས་ཁུར་མ་ཞུས་གོང་དུ་ཁྲིམས་སྒྲིག་དེ་གཏན་འབེབས་ཐུབ་མིན་གསལ་པོ་མེད་རུང་།་གསར་ལམ་ཁང་གིས་བརྗོད་དོན་ལྟར་ན་ Trump སྲིད་གཞུང་ངོས་ནས་ཁྲིམས་སྒྲིག་དེ་གང་མགྱོགས་འཇོག་ཐབས་གནང་བཞིན་ཡོད་པ་རེད་འདུག
དེའི་བར་ན་ཉེ་ལམ་རེས་གཟའ་སྤེན་པའི་ཉིན། ཨ་རིའི་ Boston ནང་གི་Tufts གཙུག་ལག་ཁང་གི་མདུན་ཐང་དུ། བོད་མི་ཁག་ཅིག་གིས་སྐད་འབོད་ཀྱིས་གཙུག་ལག་ཁང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་གྱིས་རྒྱ་གཞུང་གི་ཁུང་ཙི་སློབ་གླིང་དང་འབྲེལ་ཐག་གཅོད་དགོས་བའི་རྔམ་སྟོན་དང་སྦྲགས། རྒྱ་ནག་བོད་ནས་ཕར་རྒྱུགས་ཞེས་སྐད་འབོད་གནང་འདུག
རྩ་བའི་ཉེ་བའི་ལོ་ཤས་ནས་བཟུང་བོད་རང་བཙན་སློབ་ཕྲུག་ཚོགས་པ་གཙོས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཚོས་ཁུང་ཙི་སློབ་གླིང་དེས་ཤེས་ཡོན་རང་དབང་ལ་དོ་ཕོག་གཏོང་བཞིན་པར་སྐྱོན་བརྗོད་ཀྱིས་དྲིལ་བསྒྲགས་དང་གོ་རྟོགས་ཀྱི་ལས་འགུལ་མང་པོ་སྤེལ་དང་སྤེལ་མུས་ཁྲོད་ད་ཆ་རྒྱལ་སྤྱིའི་སྟེང་རྒྱ་ནག་གི་ཁུང་ཙི་སློབ་གླིང་དང་འབྲེལ་ཐག་གཅོད་དགོས་པའི་ཞུ་གཏུག་དང་ངོ་རྒོལ་གནང་མཁན་མང་པོ་བྱུང་ཡོད་པར་བརྟེན་རྒྱ་ནག་གི་ཁུང་ཙི་སློབ་གླིང་མང་པོ་སྒོ་རྒྱག་བཞིན་པ་རེད།།

 

འབྲེལ་ཡོད་གསར་གནས།

གསར་གནས།