༸གོང་ས་མཆོག་གིས་དགེ་ཚུལ་སློང་གི་སྡོམ་འབོག་དབུ་འཛུགས་མཛད་པ།

Tibetan News Headlines

  • 43rd Sakya Trizin Gyana Vajra Rinpoche Confers Sakya Throne Seal Upon Successor Avikrita Vajra Rinpoche
  • Sikyong Calls on IPAC Lawmakers to Counter China’s Historical Misinformation and Uphold Tibet’s Rights
  • Thousands Gather in Thimphu as Gyalwang Karmapa Bestows Long-Life Empowerment
  • China’s Solar Expansion Reshapes Tibetan Plateau, Raising Concerns Over Ecological Impact
  • Estonian MPs Call on His Holiness the Dalai Lama, Express Solidarity with Tibetans
  • China Records 948 Protests in Third Quarter of 2026, with Workers Leading 44 Percent of Demonstrations, CDM Reports
  • Taiwan and Tibet Could Become Flashpoints Following US Democratic Sweep, China Experts Say
  • Thailand Says China Wants Five Detained Uyghurs Arrested

ཪེས་གཟའ་པ་སངས། ༢༠༢༦།༡༡།༠༦

  • དཔལ་ས་སྐྱ་༸སྐྱབས་མགོན་༸གོང་མ་ཁྲི་འཛིན་ ༤༣ པས་ཁྲི་འཛིན་ ༤༤ པར་ཕྱག་ཐམ་སྩལ་བ།
  • སྲིད་སྐྱོང་མཆོག་གིས་ IPAC ལོ་འཁོར་ལྷན་ཚོགས་ཐེངས་ ༦ པའི་ཐོག་མཉམ་ཞུགས།
  • དཔལ་༸རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་གིས་འབྲུག་ཐིམ་ཕུག་ཏུ་མང་ཚོགས་ཁྲི་ཚོ་བརྒལ་བར་ཚེ་དཔག་མེད་རྩ་གསུམ་དྲིལ་སྒྲུབ་ཀྱི་བཀའ་དབང་སྩལ་འདུག
  • འབྲོག་པའི་རྩྭ་སའི་སྟེང་དུ་ཉི་གློག་གི་འཛུགས་སྐྲུན་རྐྱེན་གྱིས་སྲོལ་རྒྱུན་འབྲོག་པའི་རྩྭ་ས་དང་འཚོ་གནས་ལ་ཉེན་ཁ་བཟོ་ཡི་ཡོད་པའི་ཉེན་བརྡ།
  • ཨིསྟོ་ནི་ཡའི་གྲོས་ཚོགས་འཐུས་མི་བཞི་ནས་༸གོང་ས་མཆོག་ལ་མཇལ་བཅར་ཞུས་པ།
  • ས་ཆའི་རྩོད་གཞི་དང་གླ་ཆ་མ་སྤྲད་པའི་རྐྱེན་གྱིས་རྒྱ་ནག་ནང་འདས་པའི་ཟླ་བ་གསུམ་རིང་ངོ་རྒོལ་ ༩༤༨ ཙམ་བྱུང་ཡོད་པ་མངོན་གསལ།
  • ཨ་རིའི་བར་མའི་འོས་བསྡུའི་གྲུབ་འབྲས་རྗེས་གྲོས་ཚོགས་ནང་བོད་ཀྱི་གནད་དོན་ཐད་དོ་སྣང་ཤུགས་ཆེ་རུ་འགྲོ་སྲིད་པའི་ཚོད་དཔག་གནང་བཞིན་འདུག
  • རྒྱ་གཞུང་གིས་ཐའེ་ལན་ཌིའི་ནང་བཀག་ཉར་བྱས་པའི་ཡུ་གུར་བ་ལྔ་ཕྱིར་སློག་དགོས་པ་བཤད་འདུག

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་ཕྱི་ཟླ་ ༩ ཕྱི་ཚེས་ ༢༥ ཉིན་གྱི་སྔ་དྲོ་ཚོུད་ ༧.༣༠ ཡོལ་ཙམ་ནས་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་རྒྱ་རིགས་གཙོས་པའི་ནང་པའི་རྗེས་འབྲང་པ་ ༣༠ ལ་དགེ་ཚུལ་གྱི་སྡོམ་པ་འབོག་ཆོག་མཛད་འདུག

Dalai Lama Bestows Novice Ordination Vows

དེ་ཡང་ལོ་ལྟར་དབྱར་ཆོས་སྐབས་ཐེ་ཝན་ཚོགས་གཉིས་ཆོས་ཚོགས་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསུང་ཆོས་དང་དགེ་ཚུལ་སློང་གི་སྡོམ་འབོག་རྩོལ་བཞིན་ཡོད་པ་ལྟར། དེ་རིང་སྔ་དྲོ་མགོན་པོ་༸གང་ཉིད་མཆོག་གིས་རབ་བྱུང་པ་ ༣༠ ལ་དགེ་ཚུལ་གྱི་སྡོམ་པ་བཀྲིན་སྩལ་ཡོད་པ་དང་དགེ་ཚུལ་གྱི་སྡོམ་པ་གནང་མཁན་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རབ་བྱུང་གི་མཁན་པོ་གཙོ་བོ་གནང་བ་དང་རྣམ་རྒྱལ་གྲྭ་ཚང་གི་མཁན་རིན་པོ་ཆེ་ཁྲོམ་ཐོག་རིན་པོ་ཆེ་མཆོག་ལས་ཀྱི་སློབ་དཔོན།  དེ་བཞིན་༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲུང་ཆེ་ཡང་སྟེང་རིན་པོི་ཆེ་མཆོག་གིས་དུས་འཁོར་བ་དང་རྣམ་གྲྭ་ཕན་བདེ་ལེགས་བཤད་གླིང་གི་དཔེ་ཁྲིད་སློབ་དཔོན་དགེ་བཤེས་བློ་བཟང་གྲགས་པ་ལགས་ཀྱིས་གྲོགས་དན་བཅས་གནང་ཡོད་པ་མ་ཟད། གཞན་ཡང་ཐེ་ཝན་ཚོགས་གཉིས་ཆོས་ཚོགས་ཀྱི་མཁན་སློབ་དགེ་འདུན་པ་ཁག་ཅིག་ཀྱང་མཉམ་ཞུགས་གནང་འདུག

Dalai Lama Bestows Novice Ordination Vows

སྐབས་དེར་མགོན་པོ་༸གང་ཉིད་མཆོག་གིས་ད་ལྟའི་གཉན་འཕྲང་ཅན་གྱི་དུས་སྐབས་སུ་དགེ་འདུན་པ་རྣམས་ཁྱིམ་ནས་ཁྱིམ་མེད་པ་རབ་ཏུ་བྱུང་སྟེ་ད་རེས་དགེ་ཚུལ་སློང་གི་སྡོམ་པ་ཞུ་རྒྱུ་བྱུང་བ་འདི་ནི་སྐལ་པ་བཟང་པོ་ཞིག་དང་། མགོན་པོ་༸གང་ཉིད་མཆོག་གིས་ཀྱང་ལྷ་སའི་ཇོ་བོ་སྐུ་མདུན་ལ་དགེ་བསྙེན་དང་དགེ་ཚུལ་སློང་བཅས་གྲུབ་གནང་མཛད་ཡིན་སྐོར་བཀའ་སྩལ་དང་སྦྲགས། ཆོས་གྲོགས་ཚོའི་ངོས་ནས་སངས་རྒྱས་པའི་ཆོས་དེ་ཉིད་ལ་ཐོས་བསམ་སྒོམ་གསུམ་གྱི་ཐོག་ནས་ཉམས་ལེན་གནང་དགོས་གལ་གྱི་ལམ་སྟོན་མཛད་འདུག

དགེ་ཚུལ་སློང་གི་སྡོམ་པ་དེ་བཞིན་དེ་རིང་ཕྱི་ཚེས་ ༢༥ ནས་ ༢༧ བར་ཉིན་གྲངས་གསུམ་གྱི་རིང་སྒྲུབ་གཏན་འཁེལ་བ་ལྟར་དེ་རིང་སྔ་དྲོ་མགོན་པོ་༸གང་ཉིད་མཆོག་གིས་རབ་བྱུང་པ་ ༣༠ ལ་ཐུགས་བརྩེ་བ་ཆེན་པོས་དགེ་ཚུལ་ཕའི་སྡོམ་པ་འབོག་ཆོག་སྩལ་བ་དང་སང་ཉིན་དགེ་ཚུལ་མའི་སྡོམ་པ། དེ་རྗེས་དགེ་སློང་གི་སྡོམ་པ་བཀྲིན་སྩལ་གནང་གི་ཡོད་པ་རེད།

Dalai Lama Bestows Novice Ordination Vows

༸མགོན་པོ་༸གང་ཉིད་མཆོག་གི་མཛད་འཆར་ལ་གཞིགས་ན་རིང་མིན་ཟླ་བ་འདིའི་ཚེས་ ༣༠ ཉིན་ཐའེ་ཝན་གྱི་དད་ལྡན་མང་ཚོགས་ནས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་ལམ་གཙོ་རྣམ་གསུམ་གྱི་ཆོས་འབྲེལ་དང་ཟླ་ ༡༠ པའི་ཚེས་ ༡ ཉིན་ཐའེ་ལྦན་གྱི་དད་ལྡན་མི་མང་ནས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཡིན་པ་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།