Tibetan Royal Year of 2151 | Year of the Wood Dragon

གྲོས་ཚོགས་ཚོགས་དུས་དྲུག་པའི་ལས་དོན་འཕྲོ་སྐྱོང་ཕྱི་ཟླ་ ༡༢ ནང་གནང་གཏན་ཁེལ་འདུག

Tibetan News Headlines

  • Tibetan leaders thank US Congress for ‘Resolve Tibet Act’ at special Capitol Hill reception
  • Jaishankar meets Chinese FM Wang in Laos, pushes for urgency in resolving LAC standoff
  • 25th Kargil Jijay Divas: Tibetan war veterans recount 1999 Kargil war
  • US lawmaker introduces bill to strengthen US-India security partnership
  • Cloudburst in Manali: Flash floods wreak havoc, no damages to Tibetan settlements

རེས་གཟའ་པ་སངས། ༢༠༢༤།༠༧།༢༦

  • བོད་དོན་ཁྲིམས་ཡིག་སླད་སྐུ་ལས་བསྐྱོན་མཁན་གྱི་གྲོས་ཚོགས་འཐུས་མི་རྣམས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཚོགས་འདུག
  • རྒྱ་དཀར་ནག་གཉིས་ཀྱི་ཕྱི་སྲིད་བློན་ཆེན་དབར་ས་མཚམས་ཀྱི་གནད་དོན་ཛ་དྲག་གི་སྒོ་ནས་གདོང་ལེན་བྱ་རྒྱུའི་མོས་མཐུན་བྱས་འདུག
  • ཀར་གྷིལ་དམག་འཁྲུག་ཁྲོད་རྒྱ་གར་ལ་རྒྱལ་ཁ་ཐོབ་ནས་མི་ལོ་ ༢༥ འཁོར་བའི་དུས་དྲན་སྲུང་བརྩི།
  • ཨ་རིའི་གྲོས་ཚོགས་གོང་མའི་ནང་དུ་ཨ་རི་དང་རྒྱ་གར་གཉིས་དབར་རྒྱལ་སྲུང་ཐད་མཉམ་ལས་སྲ་བརྟན་གཏང་རྒྱུའི་ཁྲིམས་འཆར་ངོ་སྤྲོད།
  • Manali ཁུལ་དུ་ཆུ་ལོག་གི་དོན་རྐྱེན་བྱུང་ཡང་བོད་མིའི་གཞིས་ཆགས་ཡོད་སར་གནོད་འཚེ་གང་ཡང་བྱུང་མིན་འདུག

འདི་ལོའི་ཕྱི་ཟླ་ ༩ པའི་ནང་ཚོགས་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དྲག་པ་དེ་སྤྱི་འཐུས་ཉུང་མཐའི་གྲངས་ཚད་མ་ལོངས་པར་བརྟེན་དུས་བཀག་བཞིན་འཚོགས་མ་ཐུབ་པར་འཕར་འགྱངས་གནང་དགོས་བྱུང་བ་ལྟར། ཚོགས་དུས་དེའི་ལས་དོན་འཕྲོ་ཆ་རྣམས་རིང་མིན་ཕྱི་ཟླ་ ༡༢ ནང་གནང་གཏན་ཁེལ་འདུག

དེ་རིང་ཚོགས་དྲུང་ལས་ཁུངས་ཀྱིས་བཏང་བའི་ཚོགས་བརྡ་གསལ་བསྒྲགས་ནང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ཞེ་དགུ་པའི་ནང་གསེས་ ༢ པ་ལྟར། སྤྱི་འཐུས་ཉུང་མཐའི་གྲངས་ཚད་མ་ལོངས་པར་ཚོགས་འདུ་ཉིན་གྲངས་བདུན་ལྷག་འཕར་འགྱངས་བྱེད་དགོས་བྱུང་ན་ཚོགས་གཙོ་སྦྲེལ་པོས་ཚོགས་འདུ་འཕར་འགྱངས་ཀྱི་ཐག་གཅོད་བྱ་རྒྱུ་ཞེས་དང་། ཚོགས་དུས་འདིའི་ལས་དོན་ལྷག་མ་རྣམས་མུ་མཐུད་བསྐྱང་རྒྱུའི་དུས་ཚོད་གཏན་ཁེལ་བྱུང་མཚམས་འབྲེལ་ལམ་ཞུ་རྒྱུ་ཞེས་གསལ་བ་བཞིན་ཚོགས་དུས་དྲུག་པའི་ལས་དོན་མུ་མཐུད་སྐྱོང་དགོས་རིགས་ ༢༠༢༣ ཕྱི་ཟླ་ ༡༢ ཚེས་ ༢༥ ནས་ཚེས་ ༢༩ བར་ལས་ཉིན་ལྔ་བསྐྱང་གཏན་ཁེལ་སོང་ཞེས་ཡོངས་ཁྱབ་གནང་འདུག

དེ་བཞིན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་བཞི་བཅུ་པ་ནང་གསལ་ལྟར་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པ་དེའང་ཕྱི་ལོ་ ༢༠༢༤ ཟླ་ ༣ ཚེས་ ༡༤ རེས་གཟའ་ཕུར་བུ་ནས་ཚེས་ ༣༠ རེས་གཟའ་སྤེན་པ་བར་ལས་ཉིན་བཅོ་ལྔ་རིང་བཞུགས་སྒར་སྤྱི་ལྷན་གྲོས་ཚོགས་ཚོགས་ཁང་ནང་ཚུགས་གཏན་ཁེལ་བའི་ཚོགས་བརྡའི་གསལ་བསྒྲགས་ཟུར་དུ་བཏང་འདུག

གཞི་རྩའི་འདི་ལོའི་ཕྱི་ཟླ་ ༩ ཚེས་ ༡༩ ཉིན་དབུ་འཛུགས་གནང་བའི་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༦ པའི་ལས་ཉིན་དང་པོར་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་ཀྱིས་སྤྱི་འཐུས་སྨོན་ལམ་མཐར་ཕྱིན་ལགས་རྒྱའི་སོ་པ་དང་འབྲེལ་བ་ཡོད་པའི་ཉེས་འཛུགས་དང་འབྲེལ་གྲོས་ཚོགས་སུ་གནད་དོན་དེའི་སྐོར་བགྲོ་གླེང་ཤུགས་ཆེར་གནང་བའི་ཁྲོད། སྤྱི་འཐུས་ཁག་གཅིག་གིས་བདེ་སྲུང་ལས་ཁུངས་ནས་གནད་དོན་གཙང་བཟོ་མ་གནང་བར་དུ་གྲོས་ཚོགས་ནང་ཆ་ཤས་བཞེས་རྒྱུ་མིན་ཞེས་གསུངས་པ་ལྟར་གྲོས་ཚོགས་ཀྱི་གྲུབ་ཆ་རྩ་འབོར་གསུམ་ཆ་གཉིས་མ་ལོངས་སྟབས། ལས་ཉིན་བཞི་པ་ནས་གྲོས་ཚོགས་ཚོགས་མ་ཐུབ་པའི་གནས་སྟངས་འོག་དེ་མུར་ལྷག་པའི་མཚམས་སུ་ཚོགས་དྲུང་ལས་ཁུངས་ཀྱིས་ཕྱི་ལོ་ ༢༠༢༣ ཟླ་ ༩ ཚེས་ ༢༨ ཉིན་གྲོས་ཚོགས་ཚོགས་དུས་དྲུག་པ་འཕར་འགྱངས་གནང་བའི་གསལ་བསྒྲགས་གནང་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།