Tibetan Royal Year of 2151 | Year of the Wood Dragon

ཉིན་འཁྱོངས་རིང་ལས་ཁུངས་གོ་རིམ་བཞིན་སྔོན་རྩིས་གཏན་འབེབས་ཀྱི་ལས་རིམ་ཐོག་ཕེབས་སོང་།

Tibetan News Headlines

  • New report highlights risks to Tibet and Asia of rampant construction
  • China announces sanctions on U.S. defence firms
  • US lawmakers request Chinese doping Investigation ahead of Paris Olympics
  • CTA hosts exhibition on biography of self manifested Jowo Wati Sangpo
  • Introduction to Saga Dawa

རེས་གཟའ་ཕུར་བུ། ༢༠༢༤།༠༥།༢༣

  • རྒྱ་གཞུང་གི་ཆུ་མཛོད་ལས་གཞི་བོད་ཙམ་མ་ཟད་ཨེ་ཤེ་ཡ་སྤྱིའི་ཁོར་ཡུག་ལ་དོ་ཕོག་ཤུགས་ཆེ་གཏོང་གི་ཡོད་པ་མངོན་གསལ།
  • རྒྱ་གཞུང་གིས་སླར་ཡང་ཨ་རིའི་ཚོང་ལས་ཁང་དང་གཙོ་འཛིན་ཁག་གཅིག་ལ་སྲིད་དོན་ཉེས་ཆད་བཀལ་འདུག
  • ཡོང་རྒྱུའི་རྒྱལ་སྤྱིའི་དབྱར་དུས་ཨོ་ལོམ་པིག་རྩེད་འགྲན་ནང་རྒྱ་ནག་གིས་རྩེད་འགྲན་པར་རྟོག་ཞིབ་བྱ་དགོས་པ་གསུངས་འདུག
  • རང་བྱོན་འཕགས་མཆོག་ཝ་ཏི་བཟང་པོའི་རྣམ་ཐར་སྐོར་དུས་ཐུང་འགྲེམས་སྟོན་དབུ་འབྱེད།
  • ས་ག་ཟླ་བའི་དུ་ཆེན་ངོ་སྤྲོད།

 

དེ་རིང་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༧ པའི་ལས་ཉིན་གསུམ་པ་འདི་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་ ༢༠༢༤ དང་ ༢༠༢༥ ལོའི་སྔོན་རྩིས་གཏན་འབེབས་ཀྱི་ལས་རིམ་ཐོག་ཕེབས་སྟེ། སྤྱི་འཐུས་ཁག་གཅིག་གིས་བོད་མིའི་དྭང་བླངས་ཞུ་གཏུག་ལས་འགུལ་དང་ཨོ་གླིང་བོད་མི་གཞིས་སྤོས་ཀྱི་ལས་གཞི། ཕྱི་དྲིལ་འགྲེམས་སྟོན་ཚན་པའི་ལས་གཞི་དང་འགྲེམས་སྟོན་གནང་ཕྱོགས་སོགས་ལས་ཁུངས་ཁག་གི་ལས་དོན་ཐད་བཀའ་འདྲི་ཞུས་སོང་།  

17th TPiE 7th Session Day 3

སྤྱི་འཐུས་ཁག་ཅིག་གི་བདེ་སྲུང་ལས་ཁུངས་ཀྱི་སྔོན་རྩིས་གཏན་འབེབས་གནང་སྐབས་སྤྱི་འཐུས་ཁག་གཅིག་གིས་ཨོསྟྲེ་ལི་ཡའི་བོད་མི་གཞིས་སྤོས་ཀྱི་ལས་གཞི་དང་། IC ལག་དེབ་སེར་པོ་གསར་བཟོ་དང་འབྲེལ་བའི་དཀའ་ངལ་སེལ་ཐབས་སོགས་ཀྱི་ཐད་ལ་བཀའ་འདྲི་ཞུས་ཡོད། 

སྐབས་དེར་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཨོསྟྲེ་ལི་ཡར་བོད་མི་གཞིས་སྤོས་ཀྱི་ལས་གཞི་དང་འབྲེལ་བའི་དཀའ་ངལ་ཁག་སེལ་ཐབས་ཐོག་འབྲེལ་ཡོད་སྡེ་ཚན་ཁག་དང་འབྲེལ་བ་ཞུ་མུས་ཡིན་པ་གསུངས་པ་དང་ལྷན། ཨོསྟྲེ་ལི་ཡར་བོད་མི་གཞིས་སྤོས་ཀྱི་ལས་གཞིའི་ཐོག་ང་ཚོ་བོད་མི་ནང་ཁུལ་འདྲ་མི་འདྲ་གསུངས་གནང་མི་དགོས་པའི་འབོད་སྐུལ་ཞུས་ཡོད། 

17th TPiE 7th Session Day 3

དེ་བཞིན་ཕྱི་དྲིལ་ལས་ཁུངས་ཀྱི་སྔོན་རྩིས་གཏན་འབེབས་གནང་སྐབས་སྤྱི་འཐུས་མི་ཉུང་བ་ཞིག་ནས་བོད་མིའི་དྭང་བླངས་ཞུ་གཏུག་ཚོགས་པའི་ཚོགས་མི་དང་ལས་དོན་སོགས་ཀྱི་ཐད་དགོངས་ཚུལ་དང་དྲི་བ་ཁག་ཅིག་ཕུལ་བར་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས་ལན་འདེབས་གསལ་བཤད་གནང་ཡོད། 

ཕྱི་དྲིལ་ལས་ཁུངས་ནས་ཕྱིའི་རྒྱལ་ཁབ་ཁག་གི་ནང་ཙམ་མིན་པར་རྒྱ་གར་གཞུང་དང་། མཐོ་སློབ་ཁག་ཏུ་བོད་དོན་ཞུ་གཏུག་དང་གོ་རྟོགས་ལས་གཞི་རྒྱ་ཆེ་ཙམ་སྤེལ་དགོས་པ་དང་། རྒྱ་གར་གཙོས་པའི་རྒྱལ་སྤྱིའི་གསར་འགོད་པ་ཚོ་དང་འབྲེལ་བ་བཟང་དུ་གཏང་དགོས་པ་སོགས་ཀྱི་དགོངས་ཚུལ་དང་སྦྲགས་བཀའ་འདྲི་ཞུ་མཁན་ཁག་གཅིག་བྱུང་སོང་། 

གཞན་ཡང་ཕྱི་དྲིལ་ལས་ཁུངས་ཀྱི་ལས་དོན་དང་འབྲེལ་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཚན་པའི་འགྲེམས་སྟོན་ལས་གཞི་རྒྱ་ཆེ་ཙམ་གཏང་དགོས་པ་དང་། བོད་ཀྱི་ས་ཁྲ་ཚད་ལྡན་ཞིག་དགོས་གལ། གདུང་སེམས་མཉམ་བསྐྱེད་ཀྱི་ངེས་མེད་ཞལ་འདེབས་དང་འབྲེལ་བའི་ལག་དེབ་སྔོན་པོ་གང་མང་འགྲེམས་སྤེལ་ཐུབ་དགོས་པ། བོད་ཀྱི་སྒྲ་བརྙན་ཚན་པའི་ལས་དོན་གནང་ཕྱོགས་སོགས་གནད་དོན་མི་ཉུང་བ་ཞིག་གི་ཐོག་ལ་གླེང་སློང་བྱུང་ཡོད།   

འབྲེལ་ཡོད་གསར་གནས།

གསར་གནས།