Tibetan Royal Year of 2151 | Year of the Wood Dragon

ནང་ཆོས་ཚོགས་པ་གསར་འཛུགས་གནང་བའི་ཉེས་མིང་འོག་བོད་མི་ཞིག་བཙན་ཁྲིད།

Tibetan News Headlines

  • Tibetan leaders thank US Congress for ‘Resolve Tibet Act’ at special Capitol Hill reception
  • Jaishankar meets Chinese FM Wang in Laos, pushes for urgency in resolving LAC standoff
  • 25th Kargil Jijay Divas: Tibetan war veterans recount 1999 Kargil war
  • US lawmaker introduces bill to strengthen US-India security partnership
  • Cloudburst in Manali: Flash floods wreak havoc, no damages to Tibetan settlements

རེས་གཟའ་པ་སངས། ༢༠༢༤།༠༧།༢༦

  • བོད་དོན་ཁྲིམས་ཡིག་སླད་སྐུ་ལས་བསྐྱོན་མཁན་གྱི་གྲོས་ཚོགས་འཐུས་མི་རྣམས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཚོགས་འདུག
  • རྒྱ་དཀར་ནག་གཉིས་ཀྱི་ཕྱི་སྲིད་བློན་ཆེན་དབར་ས་མཚམས་ཀྱི་གནད་དོན་ཛ་དྲག་གི་སྒོ་ནས་གདོང་ལེན་བྱ་རྒྱུའི་མོས་མཐུན་བྱས་འདུག
  • ཀར་གྷིལ་དམག་འཁྲུག་ཁྲོད་རྒྱ་གར་ལ་རྒྱལ་ཁ་ཐོབ་ནས་མི་ལོ་ ༢༥ འཁོར་བའི་དུས་དྲན་སྲུང་བརྩི།
  • ཨ་རིའི་གྲོས་ཚོགས་གོང་མའི་ནང་དུ་ཨ་རི་དང་རྒྱ་གར་གཉིས་དབར་རྒྱལ་སྲུང་ཐད་མཉམ་ལས་སྲ་བརྟན་གཏང་རྒྱུའི་ཁྲིམས་འཆར་ངོ་སྤྲོད།
  • Manali ཁུལ་དུ་ཆུ་ལོག་གི་དོན་རྐྱེན་བྱུང་ཡང་བོད་མིའི་གཞིས་ཆགས་ཡོད་སར་གནོད་འཚེ་གང་ཡང་བྱུང་མིན་འདུག

ཕྱི་ཟླ་ ༡༠ ཕྱི་ཚེས་ ༢༥ ཉིན་རྒྱ་གཞུང་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་གཞིས་ཀ་རྩེ་ས་སྐྱ་རྫོང་དགེ་སྟིངས་གྲོང་རྡལ་ནས་ཡིན་པའི་བོད་མི་བསམ་འཕེལ་ལགས་ས་གནས་ཉེན་རྟོག་ཁང་དུ་བསྐོང་ནས་ཁོང་གིས་ནང་ཆོས་ཚོགས་པ་ཞིག་གསར་འཛུགས་གནང་སྟེ་ཡུལ་མི་རྣམས་ལ་ཆོས་སྤེལ་འདུག་ཅེས་པའི་ཉེས་མིང་འོག་བཙན་ཁྲིད་བྱས་འདུག

འབྲེལ་ཡོད་བོད་མི་ཞིག་གིས་གསར་འགོད་པར་གནས་ཚུལ་མཁོ་སྤྲོད་གནང་བར་གཞིགས་ན། བསམ་འཕེལ་ལགས་དགེ་སྟེངས་གྲོང་རྡལ་ཉེན་རྟོག་ཁང་དུ་ཆེད་འབོད་ཀྱིས་ལས་ཁུངས་ནང་འབྱོར་མ་ཐག་ཏུ་ཁོང་གི་ལག་ཐོགས་ཁ་པར་འཕྲོག་ནས་སྔོག་བཤེར་ཐེངས་མང་བྱས་མཐར་ནང་ཆོས་ཚོགས་པ་དེ་ཉིད་གསར་འཛུགས་གནང་དོན་གང་ཡིན་སོགས་དང་འབྲེལ་ནས་འདྲི་རྩད་མང་དག་ཅིག་བྱས་རྗེས་བཙན་ཁྲིད་བྱས་ཡོད་སྐོར་ཤེས་པ་ཙམ་ལས་དེ་མིན་ད་ལྟའི་ཆར་ས་གནས་གང་དུ་ཡོད་པ་སོགས་ཞིབ་ཕྲའི་གནས་ཚུལ་གང་ཡང་ཤེས་རྟོགས་མེད་པར་གྱུར་འདུག

གཞི་རྩའི་ནང་ཆོས་ཚོགས་པ་ཞེས་པ་དེ་ཉིད་སྔོན་མ་ནས་ཡོད་པའི་ཚོགས་པ་ཞིག་ཡིན་ཅིང་། དུས་ཆེན་ཁྱད་པར་ཅན་དང་ཚེས་པ་བཅོ་ལྔ་སོགས་ཚེས་བཟང་དུས་བཟང་ལ་སྲོག་བླུ་ཚེ་ཐར་དང་དབུལ་པོར་སྦྱིན་གཏོང་སོགས་དགེ་བའི་ལས་ལ་གཞོལ་བ་དང་། བླ་ཆེན་རྣམ་པའི་སྩལ་བའི་ནང་ཆོས་དང་འབྲེལ་བའི་བཀའ་སློབ་ཁག་བརྒྱུད་སྐུར་གནང་སའི་ཚོོགས་པ་ཞིག་ཡིན་པ་རེད།

སྤྱིར་བུ་ཕྲུག་གསུམ་གྱི་ཕ་ཡིན་པ་བསམ་འཕེལ་ལགས་ཀྱི་འཚོ་བའི་ཁྲོད་ལོ་མང་རིང་ས་སྐྱ་མགོན་པར་གཙང་བཟོའི་ཕྱག་ལས་གནང་མཁན་ཞིག་ཆགས་ཀྱི་འདུག

འབྲེལ་ཡོད་གསར་གནས།

གསར་གནས།