Tibetan Royal Year of 2151 | Year of the Wood Dragon

པདྨ་ཚེ་བརྟན་གྱི་གློག་བརྙན་གངས་གཟིགས་ལ་ Tokyo Grand Prix བྱ་དགའ་ཐོབ་འདུག

Tibetan News Headlines

  • བོད་ཀྱི་བེུད་། བལ་ཡུལ་ལྷ་མོ་ཚོགས་པའི་ཚོགས་མི་དང་གློག་བརྙན་འཁྲབ་སྟོན་པ་འཕྲིན་ལས་ལྷ་མོ་ལགས་དང་ལྷན་ཁོང་གི་སྒྱུ་སྩལ་གྱི་ལམ་བུའི་སྐོར་གླེང་མོལ།

རེས་གཟའ་ཉི་མ། ༢༠༢༤།༠༥།༠༥

  • Women of Tibet: In conversation with Thinley Lhamo, member of Nepal Tibetan opera and star in Nepalese film ‘Shambala’

འདི་ལོའི་ཊོཀ་ཡོའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐོག་བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་དམ་པ་པདྨ་ཚེ་བརྟན་ལགས་ཀྱི་གློག་བརྙན་ Snow Leopard འམ་གསའ་འམ་གངས་གཟིགས་ལ་ Tokyo Grand Prix ཞེས་པའི་བྱ་དགའ་ཐོ་ཤོས་དེ་ཐོབ་འདུག

གསར་ཁང་ desdline  གིས་གནས་ཚུལ་སྤེལ་བར་གཞིགས་ན། ཉི་འོང་གི་རྒྱལ་ས་ཊོཀ་ཡོར་ཉིན་གྲངས་བཅུའི་རིང་རྒྱལ་སྤྱིའི་གློག་བརྙན་ ༢༡༩ གཟིགས་འབུལ་ཞུས་པའི་ཁྲོད་ཉི་འོང་གི་སྒོར་ས་ཡ་གསུམ་ཅན་ Tokyo Grand Prix ཞེས་པའི་བྱ་དགའ་དང་སྒོར་འབུམ་ལྔ་ཅན་གྱི་ Special Jury Prize འམ་ཟུར་དཔང་གི་དམིགས་བསལ་བྱ་དགའ། དེ་བཞིན་འཁྲབ་སྟོན་པ་ཡག་ཤོས་སོགས་ལ་བྱ་དགའ་གནང་གི་ཡོད་པ་ལྟར། བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་དམ་པ་པདྨ་ཚེ་བརྟན་ལགས་ཀྱི་གློག་བརྙན་གསའ་འམ་གངས་གཟིགས་ལ་ Tokyo Grand Prix ཞེས་པའི་བྱ་དགའ་ཐོ་ཤོས་དེ་ཐོབ་འདུག

པདྨ་ཚེ་བརྟན་ལགས་ཀྱི་གློག་བརྙན་ Snow Leopard ཞེས་པ་དེའི་ནང་གངས་རིའི་དབྱིངས་སུ་འདུག་མཁན་ Snow Leopard འམ་གངས་གཟིགས་ཤིག་གིས་ཁྱིམ་ཚང་ཞིག་ཏུ་འཛུལ་ནས་གཏོར་བཅོམ་དང་ལུག་གུ་བསད་པར་ཁྱིམ་མི་ཚོས་གངས་གཟིགས་དེ་གཉིད་བསད་དང་མ་བསད་ཀྱི་གནད་དོན་གཙོས་གླེང་མོལ་མང་དག་ཅིག་གནང་བའི་རྩོམ་གཞིའི་འཁྲབ་ཞིག་ཡོད་པ་རེད།  གློག་བརྙན་དེ་ཨེ་ཤའི་གློག་བརྙན་དུས་སྟོན་ཆེ་གྲས་གསུམ་གྱི་ཐོག་ཏུ་འོས་མིར་བདམས་ཡོད་པ་མ་ཟད། གློག་བརྙན་དེ་པདྨ་ཚེ་བརྟན་ལགས་དམ་པ་དེ་ཉིད་མ་གྲོངས་པའི་གོང་དུ་གློག་བརྙན་གཉིས་བཟོ་བསྐྲུན་གནང་བཞིན་པའི་ཁོངས་ནས་གཅིག་ཆགས་ཡོད།

པདྨ་ཚེ་བརྟན་ལགས་ནི་ ༡༩༦༩ ལོའི་ཟླ་བ་ ༡༢ ནང་བོད་མདོ་སྨད་ཁུལ་དུ་སྐྱེས་ཤིང་འདི་ལོའི་ཟླ་ ༥ ཚེས་ ༨ ཉིན་གྱི་ཞོགས་པ་དམ་པ་ཁོང་དགུང་གྲངས་ ༥༤ ཐོག་སྙིང་ནད་རྐྱེན་གྱིས་འདས་གྲོངས་སུ་གྱུར་ཡོད་པ་རེད། དམ་པ་ཁོང་གིས་ཕྱི་ལོ་ ༢༠༠༢ ལོར་ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ་ཞེས་པའི་གློག་བརྙན་ཆེས་ཐོག་མ་བཟོ་སྐྲུན་གནང་སྐབས་་རྒྱལ་སྤྱིའི་ཐོག་ངོས་འཛིན་ཤུགས་ཆེར་ཐོབ་སྟེ་ད་བར་རྩྭ་ཐང་དང་ཁྱི་རྒན། སྦྱིན་པ། ཐར་ལོ་ལ་སོགས་པའི་གློག་བརྙན་དུ་མ་བཟོ་སྐྲུན་གནང་བར་མ་ཟད་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་དུ་མའི་ནང་གློག་བརྙན་གཟིགས་འབུལ་དང་བྱ་དགའ་དུ་མ་བཞེས་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།