བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་སྤྱི་ཁྱབ་འགན་འཛིན་ཟུར་པ་བཀྲིས་དབང་འདུས་ལགས་ ༢༠༢༡ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་གི་འོས་གཞིའི་ཁོངས་ནས་ཕྱིར་འཐེན་གནང་འདུགབཀྲིས་ཤིས་དབང་འདུས་ལགས་ནས་ཁ་སང་ཕྱི་ཚེས་ ༢༩ ཉིན་རང་ཉིད་མ་འོངས་སྲིད་སྐྱོང་འོས་གཞིར་ཞུགས་དགོས་པའི་དགོས་དམིགས་དང་ལས་འཆར་ཁག་གི་ཐོག་དྲིལ་སྒྲགས་གསུང་བཤད་གནང་ས་བཀྲིས་ཤིས་དབང་འདུས་སྲིད་སྐྱོང་ ༢༠༠༡ ཞེས་པའི་ངོ་དེབ་ཐོག་གསལ་བསྒྲགས་ཤིག་སྤེལ་གནང་སྟེ་ཁོང་རང་ཉིད་ ༢༠༢༡ ལོའི་སྲིད་སྐྱོང་འོས་མིར་བཞེངས་ནས་བརྒྱུད་ལམ་ཁག་ལ་སྲིད་སྐྱོང་གི་འོས་མི་གཞན་ཚོ་དང་སྡིངས་ཆ་གཅིག་གི་སྟེང་བགྲོ་གླེང་གོ་སྒྲིག་ཞུ་རྒྱུའི་འབོད་སྐུལ་ཞུས་ཀྱང་། ད་ལྟའི་གནད་དོན་མང་པོ་དབང་གིས་བགྲོ་གླེང་དེ་ལྟར་གོ་སྒྲིག་ཞུ་ཐབས་བྲལ་སྟབས་མང་གཙོའི་འགྲོ་ལུགས་བཞིན་འོས་མི་དང་རྒྱ་ཆེའི་མི་མང་དབར་གོ་རྟོགས་སྤེལ་རྒྱུའི་གོ་སྐབས་ཚད་ལྡན་མ་བྱུང་བ་དང་། དེ་བཞིན་སྤྱི་ཚོགས་ཁྲོད་གལ་ཆེའི་ལས་འཆར་ཁག་ལ་བགྲོ་གླེང་ཟབ་མོ་མེད་པར་དེ་སྔ་ཕྱི་ལོ་ ༢༠༡༦ ལོའི་འོས་བསྡུ་བཞིན་གཞི་མེད་སྐྱོན་བརྗོད་བྱེད་འགོ་ཚུགས་པ་བཅས་རྒྱུ་མཚན་དོན་ཚན་གཉིས་ཀྱི་ཐོག་ནས་ ༢༠༢༡ ལོའི་སྲིད་སྐྱོང་གི་འོས་གཞིའི་ཁོངས་ནས་ཕྱིར་འཐེན་གནང་རྒྱུ་ཡིན་ཞེས་གསུངས་འདུག
རྩ་བའི་བཀྲིས་དབང་འདུས་ལགས་དེ་སྔ་ ༢༠༡༥༌༡༦ ལོའི་སྲིད་སྐྱོང་འོས་བསྡུའི་སྐབས་སུ་འོས་མི་ ༦ ཡོད་པའི་ནང་ནས་གཅིག་ཆགས་ཀྱི་ཡོད་པ་དང་། སྐབས་དེར་ཁོང་དངོས་གཞིའི་འོས་མིའི་ཁོངས་སུ་ཚུད་མེད་ཀྱང་ཁྱོན་མང་ཚོགས་ཀྱི་འོས་གྲངས་ ༡༨༨༠ ཐོབ་ཡོད་པ་དང་འདི་ལོ་དབུས་འོས་བསྡུ་ལས་ཁང་ནས་ ༢༠༢༡ ལོའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོ་དབུ་འཛུགས་གསལ་སྒྲགས་གནང་རྗེས་བཀྲིས་དབང་འདུས་ལགས་གཞིས་བྱེས་མཉམ་འཛོམས་དང་འཐབ་རྩོད་མཉམ་ཁྲིད། གཅིག་སྒྲིལ་གྱི་སྟོབས་ཤུགས་ཞེས་རྩ་བའི་འབོད་ཚིག་གསུམ་དང་རྒྱུན་གནས་དང་ཤེས་ཡོན། དཔལ་འབྱོར་དང་གྲོས་མོལ་བཅས་གྲུབ་བྱའི་ལས་འཆར་བཞི་བཅས་ཀྱི་ཐོག་སླར་ཡང་སྲིད་སྐྱོང་གི་འོས་གཞིའི་ཁོངས་སུ་ཞུགས་ཡོད་པ་རེད།
གཞན་ཡང་ཁ་སང་ཡོངས་གྲགས་གནང་བའི་བཀྲིས་དབང་འདུས་ལགས་ཀྱི་གསལ་སྒྲགས་ནང་༸གོང་ས་མཆོག་གི་ཐུགས་དགོངས་ཡང་བསྐྱར་མི་འཁྲུག་སླད་སྲིད་སྐྱོང་གི་འོས་མིའི་ཁོངས་སུ་ཡོད་པ་རྣམས་ནས་སོ་སོའི་རྒྱབ་སྐྱོར་བ་ཚོར་འོས་བསྡུའི་དྲིལ་བསྒྲགས་ཚུལ་མཐུན་ཡོང་བར་འབོད་སྐུལ་ནན་པོ་གནང་དགོས་པའི་རེ་སྐུལ་གནང་འདུག
དེ་རིང་རླུང་འཕྲིན་ཁང་གིས་བཀྲིས་དབང་འདུས་ལགས་སུ་སྲིད་སྐྱོང་གི་འོས་གཞིའི་ཁོངས་ནས་ཕྱིེར་འཐེན་གནང་བའི་དོན་ཚན་དང་འབྲེལ་བཀའ་འདྲི་ཁག་ཅིག་ཞུ་ཐབས་ཞུས་ཀྱང་ད་ལྟའི་ཆར་ཡིག་ཐོག་སྤེལ་བའི་གསལ་བསྒྲགས་དེ་ལས་ངག་ཐོག་ནས་གསལ་བཤད་ལན་འདེབས་འཕར་མ་གང་ཡང་གནང་རྒྱུ་མིན་ཞེས་གསུངས་ཡོད།
བཀྲིས་དབང་འདུས་ལགས་སྲིད་སྐྱོང་གི་འོས་གཞིའི་ཁོངས་ནས་ཕྱིར་འཐེན་གནང་བ།
Tibetan News Headlines
- རྒྱལ་ཚོགས་ཀྱིས་རྒྱ་གཞུང་ལ་དྲག་གནོན་གྱི་སྲིད་བྱུས་མཚམས་འཇོག་ཆེད་གནོད་ཤུགས་སྤྲོད་དགོས།
- ཨ་རིས་རྒྱ་ནག་གིས་བརྡ་འཕྲིན་དམག་འཐབ་སྣེ་ཁྲིད་བྱེད་བཞིན་པར་ཉེན་བརྡ།
- བོད་མིའི་མདུན་ལམ་སློབ་གཉེར་ཁང་གིས་ལྷོ་ཕྱོགས་གཞིས་མིར་གོ་རྟོགས་ལས་གཞི་སྤེལ་བ།
- བཀྲ་ཤིས་ལྗོངས་གདན་ས་ཁམས་པ་སྒར་གྱི་བཤད་གྲྭ་ཁམས་སྒར་འབྲུག་མཐོ་སློབ་དྷརྨ་ཀཱ་རའི་དེ་བྱུང་སྐོར་མཁན་པོ་འཇིགས་མེད་བློ་གྲོས་ལགས་སུ་བཅར་འདྲི།
Friday 29/09/2023
- UN Human Rights Council told: ‘End repression in Tibet; reject China’s membership bid’
- China uses ‘deceptive ’methods to sow disinformation, US says
- CTA carries out a career awareness program in South India
- History of Khamgar Druk Shedra/College