Tibetan Royal Year of 2151 | Year of the Wood Dragon

བདམས་ཐོན་བྱུང་བའི་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་གིས་ལས་འཁུར་དམ་འབུལ་ཞུས་པ།

Tibetan News Headlines

  • Tibetan leaders thank US Congress for ‘Resolve Tibet Act’ at special Capitol Hill reception
  • Jaishankar meets Chinese FM Wang in Laos, pushes for urgency in resolving LAC standoff
  • 25th Kargil Jijay Divas: Tibetan war veterans recount 1999 Kargil war
  • US lawmaker introduces bill to strengthen US-India security partnership
  • Cloudburst in Manali: Flash floods wreak havoc, no damages to Tibetan settlements

རེས་གཟའ་པ་སངས། ༢༠༢༤།༠༧།༢༦

  • བོད་དོན་ཁྲིམས་ཡིག་སླད་སྐུ་ལས་བསྐྱོན་མཁན་གྱི་གྲོས་ཚོགས་འཐུས་མི་རྣམས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཚོགས་འདུག
  • རྒྱ་དཀར་ནག་གཉིས་ཀྱི་ཕྱི་སྲིད་བློན་ཆེན་དབར་ས་མཚམས་ཀྱི་གནད་དོན་ཛ་དྲག་གི་སྒོ་ནས་གདོང་ལེན་བྱ་རྒྱུའི་མོས་མཐུན་བྱས་འདུག
  • ཀར་གྷིལ་དམག་འཁྲུག་ཁྲོད་རྒྱ་གར་ལ་རྒྱལ་ཁ་ཐོབ་ནས་མི་ལོ་ ༢༥ འཁོར་བའི་དུས་དྲན་སྲུང་བརྩི།
  • ཨ་རིའི་གྲོས་ཚོགས་གོང་མའི་ནང་དུ་ཨ་རི་དང་རྒྱ་གར་གཉིས་དབར་རྒྱལ་སྲུང་ཐད་མཉམ་ལས་སྲ་བརྟན་གཏང་རྒྱུའི་ཁྲིམས་འཆར་ངོ་སྤྲོད།
  • Manali ཁུལ་དུ་ཆུ་ལོག་གི་དོན་རྐྱེན་བྱུང་ཡང་བོད་མིའི་གཞིས་ཆགས་ཡོད་སར་གནོད་འཚེ་གང་ཡང་བྱུང་མིན་འདུག

དེ་རིང་ཟླ་ ༧ ཚེས་ ༡༣ ཉིན་གྱི་སྔ་དྲོ་ཚོུད་ ༩།༣༠ སྟེང་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་སྲོང་བཙན་ཚོམས་ཆེན་ནང་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་མཆོག་གི་དྲུང་དུ་ལས་ཁུར་དམ་བཅའ་འབུngodupལ་བཞེས་གནང་ཡོད་པ་རེད།

དེའང་མཛད་སྒོར་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་མཆོག་གིས་གཙོས། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་རྣམ་གཉིས་དབུས་པའི་ལྷན་ཁང་ཁག་གི་བཀའ་བློན་རྣམས་དང་སྤྱི་འཐུས་རྒྱུན་ལས་རྣམ་པ། དེ་བཞིན་ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ་བཅས་ལྷན་འཛོམས་གནང་ཐོག་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཞུགས་ཁྲི་རིན་པོ་ཆེར་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་གྲུབ་བསྟུན། བདམས་ཐོན་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཞུགས་ཁྲི་རིནsheka01་པོ་ཆེར་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་ཏེ་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་མཆོག་གི་དྲུང་དུ་ལས་ཁུར་དམ་བཅའ་འབུལ་བཞེས་གནང་ཡོད་པ་རེད།

དམ་འབུལ་གྱི་མཛད་སྒོ་གྲུབ་རྗེས་བཀའ་བློན་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་སུ་ཆེད་ཕེབས་ཀྱིས་ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེ་གཙོས་ལས་བྱེད་དང་། ལྷག་པར་རྡ་ས་ཉེ་འཁོར་གྱི་བོད་པའི་སློབ་གྲྭ་ཁག་གི་འཛིན་སྐྱོང་འགན་འཛིན་དབུས་སློབ་སྤྱི་དང་འབྲེལ་ཡོད་ལས་བྱེད་ཡོངས་ནས་གྲོ་སོ་ཕྱེ་མར་དང་ཆང་ཕུད་འདེགས་འབུལ་ཐོག་བཀའ་བློན་མཆོག་ལ་དགའ་བསུའི་འཚམས་འདྲི་གནང་སོང་བ་དང་། སྐབས་དེར་བཀའ་བློན་མཆོག་གིས་ཉེ་ལམ་༸གོང་ས་མཆོག་ནས་ཨ་རིའི་མངའ་སྡེ་འདྲ་མིན་དྲུག་ཙམ་གི་ནང་ལ་མཛད་འཆར་སྣ་མང་བསྐྱངས་པའི་ཁྲོད་གཙོ་བོ་ཆེ་ཤོས་ཤིག་ནི་འཛམ་གླིང་འདིའི་ནང་ཞི་བདེ་ཡོང་བར་སློབ་གྲྭའི་ནང་སློབ་གསོའི་ལས་རིམ་ནས་འགོ་འཛུགས་བྱ་རྒྱུ་གལ་ཆེ་ཡིན་པར་བཀའ་སློབ་ཤུགས་ཆེ་ཕེབས་ཡོད་པ་ལུང་འདྲེན་གནང་པ་དང་ཆབས་ཅིག  ཤེས་རིག་ལས་ཁུངས་ཀྱི་ངོས་ནས་འབྱུང་འགྱུར་ལོ་དེའི་ནང་རྐང་ཤེས་ཡོན་གྱི་སློབ་གསོའི་ལས་རིམ་ལ་གནད་ཆེར་བརྩི་ནས་སློབ་མའི་ཤེས་ཡོན་གྱི་སྤུས་ཚད་གོང་མཐོར་གཏོང་རྒྱུར་ཚང་མས་ཕྱར་བ་གྲུ་འདེགས་གནང་དགོས་གsheka 1ལ་གྱི་ཡིན་པ་གསུངས་ཡོད་པ་རེད།

འདི་ག་རླུང་འཕྲིན་ཁང་ནས་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་ལ་བཅར་འདྲི་ཞུས་པར་བཀའ་བློན་མཆོག་གིས་ད་རེས་སླར་ཡང་བཀའ་བློན་གྱི་ལས་ཁུར་དམ་འབུལ་ཞུས་པ་དེའང་གཙོ་བོ་༸གོང་ས་མཆོག་གི་བཀའ་གསུང་ཅི་གྲུབ་ཞུ་རྒྱུར་དམིགས་ནས་གནང་པ་ཡིན་ཅེས་གསུངས་སོང་།

དེ་བཞིན་བཀའ་བློན་མཆོག་གིས་ཡོང་རྒྱུ་འདས་པའི་ལོ་ལྔའི་ནང་ཤེས་རིག་ལས་ཁུངས་ཀྱི་ངོས་ནས་གཙོ་བོ་ བོད་ཕྲུག་སློབ་མ་ཚོར་སྤུས་ཚད་ལྡན་པའི་ཤེས་ཡོན་སྤྲོད་རྒྱུ་གཙོས་དམའ་རིམ་ཤེས་ཡོན་གྱི་རྨང་གཞི་སྤུས་དག་བཟོ་རྒྱུ་དང་། དེ་བཞིན་རིག་ལམ་གྱི་སློབ་འཁྲིད་གང་ཐུབ་གནང་ཆེད་སོགས་ཀྱི་ཐད་ལ་ཤུགས་སྣོན་བསྐྱོན་རྒྱུ་མ་ཟད། ད་ཆ་ཤེས་ཡོན་དང་འབྲེལ་བའི་འཆར་གཞི་མང་དག་ཞིག་འགྲོ་བཞིན་པ་དེ་དག་རྒྱུན་སྐྱོང་ལེགས་པོ་ཡོང་ཕྱིར་བསྐྱར་ཞིབ་དང་གསར་གཏོད་ཀྱི་ལམ་ནས་གྲུབ་འབྲས་ཐོན་པ་ཞིག་ཡོང་བར་འབོད་བརྩོན་གནང་རྒྱུ་ཡིན་ཅེས་སོགས་གསུངས་ཡོད་པ་རེད།

རྩ་བའི་བདམས་ཐོན་བྱུང་བའི་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་ནི་ཕྱི་ལོ་ ༡༩༥༣ ལོར་བོད་སྐྱིད་གྲོང་དུ་འཁྲུངས་ཤིང་།  བཙན་བྱོལ་དུ་ཕེབས་རྗེས་གཞི་རིམ་གོང་འོག་གི་སློབ་གྲྭ་དང་མཐོ་སློབ་ཁག་ཐོན་རྗེས།  ༡༩༨༣ ལོར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཞུ་བར་ཞུགས་ཏེ། ཐོག་མར་ཤེས་རིག་ལས་ཁུངས་ཀྱི་དྲུང་གཞོན་གནང་། དེ་རྗེས་རིམ་བཞིན་ནང་སྲིད་ལས་ཁུངས་ཀྱི་དྲུང་གཞོན་དང་བོད་གཞུང་ཟློས་གར་ཚོགས་པའི་འགན་འཛིན། དེ་བཞིན་ཤེས་རིག་དྲུང་ཆེ་དང་ནང་སྲིད་དྲུང་ཆེ་བཅས་ཐེག་པ་རིམ་འཛེགས་ཀྱིས་སྲིད་ཞུ་གྲུབ་པ་དང་།  ཕྱི་ལོ་ ༢༠༡༢ ནས་ ༢༠༡༤  ཕྱི་ཟླ་ ༩ བར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་གྲོས་འདྲི་བྱ་ཡུལ་དང་ཤེས་རིག་དྲུང་ཆེའི་ལས་འགན་བསྐྱར་གསོ་གནང་པ་མ་ཟད། ༢༠༡༤  ཟླ་ ༩ ཚེས་ ༡༦ ཉིན་ཤེས་རིག་བཀའ་བློན་གྱི་ཐུགས་འགན་བཞེས་གནང་སྟེ་ད་བར་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ཞབས་ཞུ་གྲུབ་གནང་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།