Tibetan Royal Year of 2151 | Year of the Wood Dragon

བཞུགས་སྒར་དུ་བོད་སོག་གི་འབྲེལ་ལམ་སླར་གསོ་དང་འབྲེལ་བའི་ཚོགས་འདུ་འཚོགས་འདུག

Tibetan News Headlines

  • སེམས་བཟང་པོ་བྱ་རྒྱུ་ནི་ངོས་ལ་སྒྲུབ་པའི་ཆོས་ཡག་ཤོས་དེ་ཆགས་ཀྱི་ཡོད་ཅེས་བཀའ་སྩལ་བ།
  • རྒྱ་ནག་གིས་ཨ་རུ་ནཱ་ཅལ་གྱི་ས་ཁུལ་ཁག་ལ་མིང་གསར་པ་བཏགས་པའི་ལས་གཞིར་དཔྱད་ཞིབ།

Saturday 20/04/2024

  • Dalai Lama Calls for greater Compassion, Deems Kindness the Best Religious Practice
  • Thread of beads: Analysis of China’s renaming of places in Arunachal

བཞུགས་སྒར་དུ་ཁ་སང་དང་དེ་རིང་བཅས་ཉིན་གྲངས་ ༢ རིང་བོད་དང་སོག་པོའི་འབྲེལ་ལམ་སླར་གསོའི་ཚོགས་འདུ་ཆེས་ཐོག་མ་དེ་འཚོགས་གནང་སོང་།

Tibet Mongol Relation Conference

དེ་ཡང་སོག་ཡུལ་ནང་རྟེན་གཞི་བྱེད་པའི་དྷི་ལུབ་ཧུ་ཏུག་ཐུ་ཐེབས་རྩ་ཁང་གཙོ་བོར་འགྱུར་བའི། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་། རུ་སོག་སྐུ་ཚབ་དོན་ཁང་བཅས་གསུམ་མཉམ་སྦྲེལ་གྱི་གོ་སྒྲིག་འོག བཞུགས་སྒར་རྡ་རམ་ས་ལའི་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་ཁ་སང་དང་དེ་རིང་བཅས་ཉིན་གྲངས་གཉིས་རིང་བོད་སོག་འབྲེལ་ལམ་ཚོགས་འདུ་དེ་གོ་སྒྲིག་གནང་བའི་ཐོག དུས་རབས་ཉི་ཤུ་པ་ནས་བཟུང་བོད་སོག་གི་འབྲེལ་ལམ་ཆད་པའི་རྒྱུ་རྐྱེན་དང་། བསྐྱར་གསོ་ཡོང་བའི་བརྒྱུད་རིམ། མ་འོངས་འཕེལ་ཕྱོགས་བཅས་ཀྱི་བརྗོད་གཞིའི་ཐོག་བགྲོ་གླེང་ཚོགས་འདུ་ཞིག་འཚོགས་སོང་བ་དང་། སྤྱིར་བོད་སོག་དང་འབྲེལ་བའི་བགྲོ་གླེང་ཚོགས་འདུ་རིགས་དེ་སྔ་འཚོགས་མྱོང་ཡོད་ཀྱང་། བོད་མིའི་སྒྲིག་འཛུགས་ཀྱི་ལྷན་དུ་བོད་སོག་འབྲེལ་ལམ་གྱི་ཚོགས་འདུ་འཚོགས་པ་ད་རེས་ཆེས་ཐོག་མ་དེ་ཆགས་ཀྱི་ཡོད་པ་ལྟར། ཚོགས་བཅར་བ་དང་ཚོགས་འདུ་གོ་སྒྲིག་གནང་མཁན་རྣམས་ནས་ཚོགས་འདུ་དེ་བཞིན་བོད་སོག་འབྲེལ་ལམ་ཐད་གོམ་པ་གསར་པ་ཞིག་ལ་ངོས་འཛིན་གནང་བཞིན་འདུག

Tibet Mongol Relation Conference

དེ་རིང་ཚོགས་འདུ་མཇུག་སྒྲིལ་གྱི་མཛད་སྒོའི་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཆེད་ཕེབས་གནང་བ་དང་འབྲེལ། ད་ལན་གྱི་ཚོགས་འདུ་དེའི་ཐོག་ཕེབས་པའི་བོད་མི་དང་སོག་པོའི་ཤེས་ལྡན་མི་སྣ་རྣམས་ལ་ཐུགས་རྗེ་ཆེ་ཞུ་དང་སྦྲགས། དེང་སྐབས་རྒྱ་ནག་གཞུང་གིས་ལོ་རྒྱུས་འཁྱོག་བཤད་ཤུགས་ཆེ་སྤེལ་བཞིན་པའི་ཁྲོད། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཀྱང་འདི་གའི་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ཐབས་བྱུས་ལ་འགྱུར་བ་ཞིག་བཏང་སྟེ། བོད་དེ་ལོ་རྒྱུས་ཀྱི་ཐོག་ནས་རང་བཙན་ཡིན་པའི་གནད་དོན་གསལ་སྟོན་ཐོག་ཤུགས་སྣོན་རྒྱག་བཞིན་ཡོད་སྟབས། ད་རེས་ཀྱི་ཚོགས་འདུ་འདི་ལྟ་བུ་ཧ་ཅང་གི་གལ་ཆེན་པོ་ཆགས་ཀྱི་ཡོད་སྐོར་དང་འབྲེལ། ཚོགས་འདུ་དེར་འཛོམས་པའི་བོད་མི་དང་སོག་པོིའི་ལོ་རྒྱུས་མཁས་དབང་རྣམས་ནས་མཉམ་རུབ་ཐོག་བོད་དང་སོག་པོའི་འབྲེལ་ལམ་གྱི་ལོ་རྒྱུས་ཐོག་ཕྱག་དེབ་ཅིག་འདོན་སྤེལ་གནང་དགོས་པའི་སྐུལ་མ་གནང་སོང་།

Tibet Mongol Relation Conference

ཐེངས་འདིའི་ཚོགས་འདུའི་ཐོག་རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་གི་སྣེ་ཁྲིད་པའི་རུ་སོག་ལོ་རྒྱུས་མཁས་པ་དང་མཐོ་སློབ་ཀྱི་དགེ་རྒན། སྤྱི་ཚོགས་མཚན་རིག་པ། གཞུང་ཚབ་ཟུར་པ་བཅས་ཀྱི་རུ་ཁག་དང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གཙོས་པའི་ཉམས་ཞིབ་པ་རྣམ་པ། དེ་བཞིན་བོད་པའི་ལོ་རྒྱུས་མཁས་པ་དང་བོད་པའི་མཐོ་སློབ་ཁག་གི་དགེ་རྒན་དང་འབྲེལ་ཡོད་སློབ་ཕྲུག་བཅས་ནས་མཉམ་ཞུགས་གནང་འདུག

Tibet Mongol Relation Conference

དེ་རིང་ཚོགས་འདུ་གྲུབ་མཚམས་སུ་འདི་གའི་གསར་འགོད་པས་ཚོགས་འདུ་གོ་སྒྲིག་གནང་མཁན་ཁོངས་སུ་ཡོད་པའི་རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་ལ་བཅར་འདྲི་ཞུས་པར་ཁོང་གིས་བོད་སོག་འབྲེལ་ལམ་བསྐྱར་གསོ་གནང་རྒྱུའི་ལས་རིམ་འདིའི་ཐོག་དགའ་སྐྱོ་གཉིས་ལྡན་གྱི་ཚོར་བ་ཞིག་བྱུང་ཡོད་པ་དང་། བོད་པ་དང་སོག་པོའི་དབར་འབྲེལ་ལམ་ཡར་རྒྱས་ཕྱིན་ཡོད་ཀྱང་། ད་དུང་ཕན་ཚུན་མ་ཤེས་པ་མང་པོ་ཡོད་སྟབས། ད་རེས་ཀྱི་ཚོགས་འདུ་དེ་འབྲེལ་ལམ་བསྐྱར་གསོའི་ཐད་གོམ་པ་དང་པོ་ཆགས་ཀྱི་ཡོད་པ་གསུངས་སོང་།

Tibet Mongol Relation Conference

དེ་བཞིན་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་སུ་བཅར་འདྲི་ཞུས་སྐབས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ངོས་ནས་གཙོ་བོ་བོད་སོག་འབྲེལ་ལམ་མུ་མཐུད་རྒྱུར་དམིགས་པ་བཞིན། ད་རེས་ཀྱི་ཚོགས་འདུ་དེ་རེ་བ་རྒྱག་པ་ལས་ལྷག་པ་བྱུང་ཡོད་པ་གསུངས་སོང་།

མ་ཟད་ད་རེས་ཀྱི་ཚོགས་འདུ་དེའི་ཐོག་ཕེབས་པའི་བོད་ཀྱི་ལོ་རྒྱུས་སློབ་དཔོན་རྒན་བྱམས་པ་བསམ་གཏན་ལགས་སུ་བཀའ་འདྲི་ཞུས་སྐབས། ཁོང་གིས་ད་རེས་ཀྱི་ཚོགས་འདུ་དེའི་ཐོག་བོད་དང་སོག་པོའི་ལོ་རྒྱུས་ཐད་གནས་ཚུལ་གསར་པ་ཤེས་རྟོག་བྱུང་རྒྱུ་དང་དོགས་པ་ཁ་གསལ་ཆགས་པ་སོགས་བྱུང་ཡོད་པར་ཕན་ཐོགས་ཆེན་པོ་བྱུང་ཡོད་པ་གསུངས་སོང་།

འབྲེལ་ཡོད་གསར་གནས།

གསར་གནས།