Tibetan Royal Year of 2151 | Year of the Wood Dragon

བོད་ཀྱི་དཔའ་མོ་རྒྱ་རི་རྡོ་རྗེ་གཡུ་སྒྲོན་ལགས་ཀྱི་སྐུ་ཕུང་སྨིན་སྒྲོལ་གླིང་དགོན་པར་ཞུགས་འབུལ།

Tibetan News Headlines

  • Tibetan delegation embark on an official visit to Taiwan
  • Sikyong Penpa Tsering begins final leg of his Europe visit to France
  • Chinese undercover agent breaks silence on espionage operations, including information gathering on Tibetans
  • UK Religious Freedom Envoy hears testimonies about threat to freedom of religion and belief from Tibetans and other minorities
  • Tibetan student topper dedicates accomplishment to the Dalai Lama as he reaches 90
  • 29th Gyalyum Chenmo in begins in Hunsur with the host beating Odisha Phuntsokling 2-0

རེས་གཟའ་ཕུར་བུ། ༢༠༢༤།༠༥།༡༦

  • བོད་མིའི་སྐུ་ཚབ་ཁག་གཅིག་ཐེ་ཝན་ནང་གཞུང་འབྲེལ་ཕྱོགས་བསྐྱོད་གནང་བཞིན་པ།
  • སྲིད་སྐྱོང་མཆོག་ཧྥ་རན་སིར་ཉིན་གསུམ་རིང་ཕྱོགས་ཕེབས་གནང་བཞིན་པ།
  • རྒྱ་རིགས་སོ་མྱུལ་བ་ཞིག་གིས་རྒྱ་ནག་གཞུང་གིས་ཨོ་གླིང་གཙོས་རྒྱལ་སྤྱིའི་ཁྲོད་སྤེལ་བཞིན་པའི་བྱ་སྤྱོད་ཐེར་འདོན།
  • དབྱིན་ཡུལ་ནང་དུ་ཆོས་དད་རང་དབང་ཐོག་གྲོས་བསྡུར་ལས་རིམ་ཞིག་འཚོགས་གནང་འདུག
  • རྒྱལ་ཡོངས་ཡིག་རྒྱུགས་ནང་བརྒྱ་ཆ་ ༩༥.༢ སོན་པ་དེ་འདི་ལོར་༸གོང་ས་མཆོག་དགུང་གྲངས་ ༩༠ བདག་གིས་བཞེས་པར་ཕྱག་རྟགས་ཡིན།
  • རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་རྩེད་སྤོ་ལོའི་རྕེད་འགྲན་ཐེངས་ ༢༩  དབུ་འཛུགས།

ཟླ་བ་འདིའི་ཚེས་ ༡༩ ཉིན་བོད་ཀྱི་དཔའ་མོ་རྒྱ་རི་རྡོ་རྗེ་གཡུ་སྒྲོན་ལགས་རྒྱ་གར་ལྡི་ལིའི་ནང་དུ་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་བྱུང་བའི་རྗེས་སུ། ཁོང་གི་སྐུ་ཕུང་རྡེ་ར་དྷུན་དོན་གྲུབ་གླིང་གཞིས་ཆགས་ནང་རྟེན་གཞི་བྱས་པའི་སྨིན་གྲོལ་གླིང་དགོན་པར་གདན་ཞུས་ཀྱིས། ཁ་སང་ཕྱི་ཚེས་ ༢༩ ཉིན་སྐྱབས་རྗེ་མཁོ་ཁྱིམ་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་སྦྱིན་བསྲེག་ཆོ་ག་དང་བཅས་སྐུ་ཕུང་བཞུགས་འབུལ་གནང་འདུག

Gyari Dorjee Youdon Demise

དེ་ཡང་རྒྱ་རི་རྡོ་རྗེ་གཡུ་སྒྲོན་ལགས་ནི། ཁམས་ཉག་རོང་ཐང་སྐྱ་མི་ལོག་ཚང་ཞེས་བོད་ཀྱི་ལོ་རྒྱུས་ནང་འབྲེལ་བ་ཡོད་པའི་ཁྱིམ་ཚང་གི་བུ་མོ་ཡིན་ཞིང་། ཁོང་དང་ཁོང་གི་གཅེན་མོ་ནོར་འཛིན་ལྷ་མོ་གཉིས་རྒྱ་རི་ཚང་གི་མནའ་མར་ཕེབས་པ་ཆགས་ཀྱི་འདུག དེ་སྔ་ཕྱི་ལོ་གཅིག་སྟོང་དགུ་བརྒྱ་ལྔ་བཅུ་ང་གྲངས་ནང་དུ་རྒྱ་ནག་དམག་གིས་བོད་ཁམས་ཕྱོགས་སུ་དམངས་གཙོའི་བཅོས་བསྒྱུར་ཞེས་པའི་མིང་ཐོག་ནས་བཙན་འཛུལ་བྱས་སྐབས་རྡོ་རྗེ་གཡུ་སྒྲོན་ལགས་ནས་རྒྱ་ནག་དམག་ལ་འཐབ་རྒོལ་སྣེ་འཁྲིད་གནང་པའི་དཔའ་མཛངས་སྙིང་སྟོབས་ཀྱི་བྱས་རྗེས་ཧ་ལས་པ་བཞག་མྱོང་མཁན་ཞིག་ཡིན་པ་རེད། དེའི་སྐོར་བོད་ཀྱི་ལོ་རྒྱུས་སྨྲ་བ་རྩོམ་པ་པོ་འཇམ་དབྱངས་ནོར་བུ་ལགས་ཀྱི་འདི་གར་ངོ་སྤྲོད་གནང་ཡོད།

Gyari Dorjee Youdon Demise

རྩ་བའི་རྒྱ་རི་ཚང་དང་སྨིན་གྲོལ་གླིང་དགོན་པའི་དབར་ལོ་རྒྱུས་ཐོག་ཐུན་མོང་མ་ཡིན་པའི་འབྲེལ་བ་ཤུགས་ཆེ་ཡོད་པ་དང་འབྲེལ། དེ་སྔ་རྡོ་རྗེ་གཡུ་སྒྲོན་ལགས་ཀྱི་སྐུ་ཟླ་རྒྱ་རི་ཉི་མ་ལགས་དང་། ཁོང་གི་གཅེན་མོ་རྒྱ་རི་ནོར་འཛིན་ལྷ་མོ་ལགས། དེ་བཞིན་ཁོང་གི་སྲས་རྒྱ་རི་བློ་གྲོས་རྒྱལ་མཚན་རིན་པོ་ཆེ་བཅས་སྐུ་གྲོངས་པའི་རྗེས་སུ། ཁོང་རྣམ་པའི་སྐུ་ཕུང་སྨིན་གྲོལ་གླིང་དགོན་པར་ཞུགས་འབུལ་གནང་ཡོད་པ་བཞིན། ད་ལྟ་རྡོ་རྗེ་གཡུ་སྒྲོན་ལགས་ཀྱང་སྨིན་གྲོལ་དགོན་པའི་བླ་མ་སྐྱབས་རྗེ་མཁོ་ཁྱིམ་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་ཕྱི་ནང་གི་གནད་ཡོད་མི་སྣ་དང་མང་ཚོགས་བཅས་ནས་གུས་བཀུར་ཆེན་པོའི་ཐོག་སྨིན་གྲོལ་གླིང་དགོན་པར་སྐུ་ཕུང་ཞུགས་འབུལ་གནང་ཡོད་པ་རེད། དེའི་སྐོར་རྡོ་རྗེ་གཡུ་སྒྲོན་ལགས་ཀྱི་སྲས་ཆུང་བ་རྒྱ་རི་བུ་ཕྲུག་ལགས་ཀྱི་འདི་གར་ངོ་སྤྲོད་གནང་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།