Tibetan Royal Year of 2151 | Year of the Wood Dragon

བོད་ཕྲུག་ཀྲུང་གོ་ཅན་དུ་བསྒྱུར་ཐབས་བྱ་རྒྱུ་ནི་རྒྱ་ནག་གི་དམིགས་ཡུལ་ལྟེ་བ་དེ་རེད།

Tibetan News Headlines

  • In conversation with 3 former bodyguards of the Dalai Lama

རེས་གཟའ་ཉི་མ། ༢༠༢༤།༠༦།༡༦

  • ༸གོང་ས་མཆོག་གི་༸སྐུའི་སྲུང་བྱའི་ཐོག་ཞབས་ཞུ་བསྒྲུབས་མྱོང་མཁན་སྐུ་སྲུང་ཟུར་པ་གསུམ་དང་གླེང་མོལ།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཟླ་བ་སྔོན་མའི་ཟླ་མཇུག་ནས་སུད་སི་གཙོས་ཡོ་རོབ་ཀྱི་རྒྱལ་ཁབ་ཁག་གཅིག་ཏུ་གཞུང་འབྲེལ་འཚམས་གཟིགས་གནང་བཞིན་པ་དང་བསྟུན། ཉེ་ལམ་ཨི་ཊི་ལིའི་ནང་གི་ Eurac ཉམས་ཞིབ་ལྟེ་གནས་ཁང་གི་བཅར་འདྲི་དང་ལེན་གནང་སྟེ་རྒྱ་ནག་གི་མཉམ་བསྲེས་སྲིད་བྱུས་དང་༸སྐུའི་ཡང་སྲིད་ཀྱི་གནད་དོན། ནུབ་ཕྱོགས་རྒྱལ་ཁབ་ཀྱི་འགལ་ཟླའི་ལྟ་ཚུལ་སོགས་གནད་དོན་མི་ཉུང་བ་ཞིག་གི་ཐོག་གསལ་བཤད་ལན་འདེབས་གནང་འདུག

photo: CTA

དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་ད་ཆ་ Austrai རྒྱལ་ས་ Vienna ནང་གི་འཚམས་གཟིགས་ཁྲོད་ཉེ་ཆར་ཡུལ་དེའི་ Eurac ཉམས་ཞིབ་ལྟེ་གནས་ཁང་གི་དམིགས་བསལ་བཅར་འདྲིའི་ལས་རིམ་ཐོག རྒྱ་གཞུང་གིས་བོད་ནང་གཉེར་བཞིན་པའི་བཅའ་སྡོད་སློབ་གྲྭ་རྒྱ་སྐྱེད་གཏོང་ཐབས་སྐོར་བཀའ་ལན་གནང་སྐབས། རྒྱ་གཞུང་གིས་དམ་དྲག་སྲིད་བྱུས་སྣ་ཚོགས་ཤིག་ལག་བསྟར་བྱས་ཏེ་བོད་འདི་བཙོན་ཁང་ལྟ་བུའི་ཆེས་ཡ་ང་བའི་གནས་སུ་གྱུར་ཡོད་པའི་ཐོག་བོད་མིའི་སེམས་ཁམས་དང་མི་རིགས་ཀྱི་ངོ་བོ་རྩ་མེད་བཟོ་རྒྱུའི་སླད། བོད་ཕྲུག་ས་ཡ་ལྷག་ཕ་མ་དང་ཁ་བྲལ་ནས་བཙན་ཤེད་ཀྱིས་རྒྱ་གཞུང་གིས་གཉེར་བཞིན་པའི་གཏན་འཇགས་སློབ་གྲྭར་བཏང་ཡོད་པ་མ་ཟད། གཏན་སློབ་ཀྱི་སྒྲིག་འཛུགས་དེ་མུ་མཐུད་རྒྱ་སྐྱེད་གཏོང་བཞིན་ཡོད་པ་འགྲེལ་བརྗོད་དང་སྦྲགས། དེ་སྔོན་བོད་ནང་རྒྱ་མི་འབོར་ཆེན་གནས་སྤོ་བྱས་པར་བོད་མིས་སེམས་འཚབ་གནང་བ་བཞིན་ད་ཆ་གནོད་འཚེ་དེ་ལྟར་བྱུང་མེད་པ་དེ་ནི་ཕལ་ཆེར་རྒྱ་མི་རྣམས་ལོ་རྒས་ཏེ་གྲངས་འབོར་ཉུང་དུ་འགྲོ་བཞིན་ཡོད་པས་ཡིན་སྲིད་ཀྱང་། ད་ཆ་པེ་ཅིན་གྱིས་བོད་མི་གཞོན་སྐྱེས་རྣམས་རྒྱ་མིར་སྒྱུར་ཐབས་ཀྱི་སྲིད་བྱུས་གསར་པ་ཞིག་ལག་བསྟར་བྱེད་བཞིན་ཡོད་པ་དང་། གལ་ཏེ་སྲིད་བྱུས་དེ་མུ་མཐུད་ནས་ལོ་བཅུ་ཕྲག་གཅིག་གམ་གཉིས་ཀྱི་རིང་གནས་པ་ཡིན་ན་བོད་མིའི་མི་རབས་ཧྲིལ་པོ་ཞིག་གིས་བོད་ཀྱི་སྐད་ཡིག་དང་རིག་གཞུང་ཆོས་ལུགས་དང་འཚོ་བ་སྐྱེལ་སྟངས་སོགས་རྒྱུས་མངའ་མེད་པ་ཆགས་རྒྱུ་རེད་ཅེས་གསུངས་འདུག

photo: Human rights watch

སྐབས་དེར་སྲིད་སྐྱོང་མཆོག་གིས་མང་གཙོའི་རྒྱལ་ཁབ་ཚང་མར་བརྡ་ལན་དང་འབྲེལ། གལ་སྲིད་མང་གཙོའི་རྒྱལ་ཁབ་རྣམས་ཀྱིས་བོད་འདི་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་ཁྲིམས་མཐུན་ཡིན་པར་ངོས་འཛིན་གནང་གི་ཡོད་ན། དེ་ནི་རྒྱལ་སྤྱིའི་ཁྲིམས་དང་འགལ་གྱི་ཡོད་པ་དང་། ད་ཆ་ཨུ་རུ་སུར་ཅི་ཞིག་འབྱུང་བཞིན་ཡོད་པ་དེ་དང་ལོ་ངོ་བདུན་ཅུའི་གོང་རྒྱ་ནག་གིས་བོད་བཙན་འཛུལ་བྱེད་སྐབས་བོད་ལ་ཅི་ཞིག་བྱུང་བ་གཉིས་གཅིག་མཚུངས་རེད་ཅེས་གསུངས་པ་མ་ཟད། ནུབ་ཕྱོགས་ཀྱི་སྲིད་གཞུང་ཁག་གཅིག་གིས་རྒྱ་ནག་གིས་བོད་ལ་དབང་བསྒྱུར་བྱས་པར་ཁྲིམས་མཐུན་གྱི་རྣམ་འགྱུར་སྟོན་བཞིན་ཡོད་ཀྱང་། འགའ་ཞིག་གིས་བོད་རྒྱའི་དཀའ་རྙོག་སེལ་རྒྱུའི་ཐབས་ལམ་ལ་རྒྱབ་སྐྱོར་གནང་རྒྱུ་ཡིན་ཞེས་གསུངས་ཀྱི་ཡོད་པ་གཉིས་འགལ་ཟླར་འགྱུར་འདུག་ཅེས་གསུངས་ཏེ། ང་ཚོས་མང་གཙོའི་རྒྱལ་ཁབ་ཚང་མར་ང་ཚོ་ནི་གནོད་འཚེ་ཕོག་ཡུལ་ཙམ་མ་ཡིན་པར་མཉམ་ལས་གནང་མཁན་ཞིག་ཏུ་ངོས་འཛིན་དགོས་པའི་རེ་སྐུལ་ཞུ་བཞིན་ཡོད་ལ། རྒྱ་ནག་ནང་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ཡོང་བར་ཕྱི་ནང་གི་དཔུང་ཤུགས་ཚང་མས་ངེས་པར་དུ་མཉམ་རུབ་གནང་དགོས་པ་དང་དེའི་ཁྲོད་བོད་མི་གཙོས་ཤིན་ཅང་དང་ཧོང་ཀོང་སོགས་ཀྱི་མང་ཚོགས་ནི་ནང་གི་དཔུང་ཤུགས་ཡིན་པ་གསུངས་འདུག

ལྷག་པར་ཉམས་ཞིབ་ལྟེ་གནས་ཁང་གི་བཅར་འདྲིའི་ལས་རིམ་དེའི་ཐོག་སྲིད་སྐྱོང་མཆོག་གིས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ད་ཆ་དགུང་གྲངས་ ༨༨ ལ་ཕེབས་ཡོད་པའི་མཚམས་སུ་༸མགོན་པོ་གང་མཆོག་༸སྐུ་ཚེ་ཡུན་དུ་བརྟན་རྒྱུའི་ཐུགས་རེ་ཆེན་པོ་ཡོད་ཅིང་། ༸གོང་ས་མཆོག་གིས་བོད་མི་རྣམས་ལ་༸གང་ཉིད་ལོ་བཅུ་ཕྲག་གཉིས་ཙམ་༸སྐུ་འཚོ་བཞུགས་མཛད་རྒྱུའི་ཡིད་ཆེས་ཡོད་ཅེས་བཀའ་སྩལ་ཡོད་ཀྱང་། རྒྱ་གཞུང་གིས་༸སྐུའི་ཡང་སྲིད་ཀྱི་གནད་དོན་ལ་ཐེ་བྱུས་ཀྱིས་མགོན་པོ་༸གང་ཉིད་མཆོག་གི་༸སྐུའི་ཡང་སྲིད་འཁྲུལ་བྲལ་ཞིག་བསྐོ་གཞག་བྱ་རྒྱུའི་ལས་དོན་གྲ་སྒྲིག་བྱེད་བཞིན་ཡོད་པ་འགྲེལ་བརྗོད་དང་སྦྲགས། གལ་སྲིད་རྒྱ་གཞུང་གིས་དེ་ལྟར་བྱས་ཚེ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་རྒྱ་གཞུང་གིས་བདམས་པའི་༸གོང་ས་ཏཱ་ལའི་བླ་མ་ཞེས་གཉིས་སུ་གྱུར་རྒྱུ་དེས་ཞི་ཅིན་ཕིང་འདས་ཟིན་པའི་དུས་སྐབས་སུའང་གནད་དོན་དེས་དཀའ་རྙོག་མུ་མཐུད་བཟོ་འདོད་ཡོད་དམ་ཞེས་རྒྱ་གཞུང་ལ་ཉེན་བརྡ་བཏང་འདུག
གཞན་ཡང་ཉམས་ཞིབ་ལྟེ་གནས་ཁང་གིས་སྲིད་སྐྱོང་མཆོག་ལ་བོད་རྒྱ་འབྲེལ་མོལ་གྱི་གནད་དོན་དང་འབྲེལ། ད་ཆ་བོད་མིའི་སྒྲིག་འཛུགས་དང་རྒྱ་གཞུང་དབར་གྲོས་མོལ་གནང་གི་ཡོད་དམ་ཞེས་བཀའ་འདྲི་ཞུས་པར་སྲིད་སྐྱོང་མཆོག་གིས་ད་ཆ་ང་ཚོར་གཞུང་འབྲེལ་མིན་པའི་བརྒྱུད་ལམ་གཞན་གྱི་ཐོག་ནས་འབྲེལ་ལམ་ཡོད་ཀྱང་དེར་རེ་བ་ཆེན་པོ་དེ་ཙམ་གནང་གི་མེད་ཅེས་གསུངས་པ་སྦྲགས། གང་ལྟར་ང་ཚོས་རྒྱུན་དུ་འབྲེལ་ལམ་རྒྱུན་སྐྱོང་གིས་ཞི་ཅིན་ཕིང་གི་སྲིད་དབང་ལས་བརྒལ་བའི་ཕུགས་རྒྱང་རིང་པོར་དགོངས་པ་བཞེས་དགོས་པ་དང་ད་ལྟའི་ཆར་འགྱུར་ལྡོག་མང་པོ་ཞིག་འབྱུང་བཞིན་ཡོད་པ་གསུངས་འདུག

photo: australia tib council

མ་ཟད་སྲིད་སྐྱོང་མཆོག་གིས་ཞི་ཅིན་ཕིང་སྲིད་འཛིན་ཆགས་པ་ནས་བཟུང་རྒྱ་ནག་དམར་ཤོག་ཚོགས་པས་རྒྱ་ནག་རྒྱལ་ནང་གཙོས་འཛམ་གླིང་ཡུལ་གྲུ་གང་སར་གནོན་ཤུགས་འཇིགས་སྐུལ་བྱ་རྒྱུའི་ཐབས་ཤེས་འདྲ་མིན་ཁོངས་སུ། རྒྱལ་ཁབ་གཞན་དུ་ཁྲིམས་འགལ་གྱིས་རྒྱ་ནག་གི་ཉེན་རྟོག་ལས་ཁུངས་བཙུགས་པ་དང་། ཆབ་སྲིད་ཚོགས་པ་ཁག་ལ་འབྲེལ་ལམ། དེ་བཞིན་ཡུལ་དེའི་མང་གཙོའི་ལམ་ལུགས་ལ་ཐེ་བྱུས་སོགས་ཀྱི་བྱ་འགུལ་སྤེལ་བ་དེ་ནི་རྒྱ་གཞུང་གིས་རང་གི་རྒྱལ་མཚམས་ལས་བརྒལ་ཏེ་དྲག་གནོན་གྱི་བྱ་འགུལ་ཆེས་ཆེར་སྤེལ་བ་སོགས་མངོན་གསལ་གནང་འདུག

ལས་རིམ་ལྟར་ན་སྲིད་སྐྱོང་མཆོག་དེ་རིང་དང་སང་ཉིན་བཅས་ཉིན་གཉིས་ཀྱི་རིང་ Vienna ནང་གི་གནད་ཡོད་མི་སྣ་ཁག་མཇལ་འཕྲད་ཀྱི་ལས་རིམ་གྲུབ་རྗེས་སུད་སིར་སླར་སྐོར་བསྐྱོད་གནང་ནས་བཞུགས་སྒར་དུ་ཕྱིར་ཕེབས་གནང་རྒྱུ་ཡིན་པ་དང་། ཁ་ཉིན་སྲིད་སྐྱོང་མཆོག་ནས་འཇར་མན་གྱི་གྲོས་ཚོགས་འཐུས་མི་སྐུ་ཞབས་  Roderich Kiesewetter ལགས་དང་མཇལ་མོལ་གྱིས་རྒྱ་གཞུང་གིས་དམ་དྲག་གི་སྲིད་བྱུས་འོག་བོད་ནང་གི་ཛ་དྲག་གནས་སྟངས་སོགས་ཀྱི་སྐོར་གྲོས་བསྡུར་གནང་འདུག

འབྲེལ་ཡོད་གསར་གནས།

གསར་གནས།