བོད་མི་ཁེར་རྐྱང་ཞིག་གིས་བཞུགས་སྒར་ནས་ལ་དྭགས་ཀྱི་འཕགས་བོད་ས་མཚམས་བར་གོམ་བགྲོད་ལས་འགུལ་དབུ་འཛུགས།

Tibetan News Headlines

  • Dalai Lama Issues Message to Ladakh Youth, Urges Them to Stay Away from Drugs
  • China Halts Annual Mani Prayer Festival at Amdo’s Sengtri Monastery
  • TYC Hunger Strike Draws New Wave of Young Tibetans as Activists Aged 18–23 Join Protest Honoring Lobga Rangzen
  • East Turkistan Government in Exile Urges U.S. to Recognize East Turkistan as an Occupied Nation
  • U.S. Lifts Some Hong Kong Sanctions Imposed by Trump; Autonomy Status Unchanged
  • New Autism Book Where He Leads I Follow by Tenzin Pema Launched in Dharamshala

ཪེས་གཟའ་ལྷག་པ། ༢༠༢༦།༠༧།༢༢

  • ༸གོང་ས་མཆོག་གིས་ལ་དྭགས་གཞོན་ནུ་ཚོར་མྱོ་རྫས་ལོངས་སུ་སྤྱོད་རྒྱུ་འཛེམ་དགོས་པ་བཀའ་སྩལ་འདུག
  • མདོ་སྨད་སེང་ཁྲི་དགོན་ཆེན་གྱི་གངས་ལྗོངས་མ་ཎི་སྨོན་ལམ་ཆེན་མོར་དམ་དྲག
  • ལོ་ན་ ༡༨ ནས་ ༢༣ བར་གྱི་བོད་པའི་གཞོན་སྐྱེས་ཚོས་ཟས་བཅད་ངོ་རྒོལ།
  • ཤར་ཏུར་ཀི་སི་ཐན་གྱི་རང་བཙན་གནས་བབ་བསྐྱར་གསོ་དགོས་པའི་ཞུ་འབོད།
  • ཨ་རི་གཞུང་གིས་ཧོང་ཀོང་ཐོག་བཀལ་བའི་སྲིད་དོན་ཉེས་ཆད་ཕྱིར་འཐེན་བྱས་པར་སྐྱོན་བརྗོད།
  • རང་གཡེང་ Autism གི་དཀའ་ངལ་ཡོད་པའི་ཕྲུ་གུའི་ཨ་མ་ཞིག་གི་དཔེ་དེབ་དབུ་འབྱེད།

རྒྱ་གར་ལྷོ་ཕྱོགས་མོན་གྷོ་འབྲས་སྤུངས་སྒོ་མང་དུ་གནས་བཞུགས་བོད་མི་སྐལ་བཟང་མཐར་ཕྱིན་ལགས་ཀྱིས་དེ་རིང་བཞུགས་སྒར་རྡ་རམ་ས་ལ་ནས་ལ་དྭགས་ཀྱི་འཕགས་བོད་ས་མཚམས་བར་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ཞིག་དབུ་འཛུགས་གནང་སོང་།

Tibetan Activist Launches Dharamshala-to-Ladakh Peace March Seeking Justice for Lobga Rangzen

དེ་ཡང་སྐལ་བཟང་མཐར་ཕྱིན་ལགས་ཀྱིས་བོད་དོན་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་དེ་བཞིན་དེ་རིང་ཕྱི་ཚེས་ ༡༥ རེས་གཟའ་ལྷག་པ་༸རྒྱལ་བའི་སྐུའི་བླ་གཟའ་དང་བསྟུན། སྔ་དྲོ་ཕྱག་ཚོད་ ༥ པ་ཙམ་ལ་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་ནས་དབུ་འཛུགས་གནང་འདུག་ཅིང་། ལས་འགུལ་དེ་གཙོ་བོ་ཉེ་ཆར་ཨ་རིའི་ནིའུ་ཡོག་གྲོང་ཁྱེར་དུ་གནས་བཞུགས་བོད་རང་བཙན་འཐབ་རྩོད་པ་བློ་དགའ་རང་བཙན་ལགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་དུ་སྐུ་ལུས་མེར་བསྲེགས་གནང་ཡོད་པར་གདུང་སེམས་མཉམ་སྐྱེད་ཀྱིས་རྗེས་དྲན་ཞུ་ཆེད་གཙོས། རྒྱ་གཞུང་གིས་མུ་མཐུད་བོད་ནང་ལག་བསྟར་བྱེད་བཞིན་པའི་མཁྲེགས་འཛིན་སྲིད་བྱུས་ཁག་དང་དེའི་ནང་ནས་ཉེ་ཆར་ལག་བསྟར་བྱེད་འགོ་བཙུགས་པའི་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་ཡིག་འདིས་བོད་མིའི་སྐད་ཡིག་ངོ་བོ་དང་བཅས་པ་རྩ་མེད་ཤུགས་ཆེ་གཏོང་བཞིན་ཡོད་པ་གསལ་སྟོན་གནང་རྒྱུ་མ་ཟད། བོད་མི་ཚོར་ད་ལྟའི་བོད་ནང་དང་བཙན་བྱོལ་ཆབ་སྲིད་ཀྱི་དངོས་ཡོད་གནས་སྟངས་བཅས་ཀྱི་སྐོར་དངོས་ར་འཕྲོད་པའི་ཐོག་ནས་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་སྐད་ཡིག་སྲུང་སྐྱོབ་ཐད་འགན་ཁུར་སྔར་ལྷག་བཞེས་དགོས་པའི་ཛ་དྲག་འབོད་སྐུལ་ཞུ་རྒྱུ་བཅས་ལ་ཆེད་དམིགས་ཀྱིས་ཁོང་ཁེར་རྐྱང་གིས་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་སྤེལ་བཞིན་འདུག

འདི་ག་རླུང་འཕྲིན་ཁང་ནས་སྐལ་བཟང་མཐར་ཕྱིན་ལགས་སུ་ཁོང་གི་ལས་འགུལ་སྐོར་བཀའ་འདྲི་ཞུ་ཐབས་བྱས་ཀྱང་ད་ལྟའི་ཆར་ལས་འགུལ་འགོ་འཛུགས་ཙམ་ཡིན་པར་རྒྱུ་མཚན་དུ་གཞིགས་ནས་བཅར་འདྲི་དང་ལེན་གནང་མེད་པ་དེ་ལྟར་ཡང་། ཁོང་ནམ་ཞིག་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེའི་གྲོང་ཁྱེར་མ་ན་ལིར་འབྱོར་ཚེ་བཅར་འདྲི་དང་ལེན་གནང་རྒྱུ་ཡིན་པ་གསུངས་སོང་།

སྐལ་བཟང་མཐར་ཕྱིན་ལགས་ཀྱིས་གོམ་བགྲོད་ལས་འགུལ་འདི་དེ་རིང་ཕྱི་ཚེས་ ༡༥ ནས་དབུ་འཛུགས་ཐོག་ལ་དྭགས་ཀྱི་འཕགས་བོད་ས་མཚམས་སུ་མཇུག་སྒྲིལ་གནང་གི་ཡོད་པ་དང་ད་ལྟའི་ཆར་ཁོང་ཀང་ར་རྫོང་ནང་རྟེན་གཞི་བྱས་པའི་ Chamunda ས་གནས་སུ་འབྱོར་ལ་ཉེ་བ་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།