གྲོང་ཚང་དགོན་པའི་ལོ་དྲུག་བརྒྱའི་ལོ་རྒྱུས་ལྡན་པའི་སྤྱན་རས་གཟིགས་ཀྱི་ཟངས་སྐུ་སྐད་གྲགས་ཅན་དེ་རྒྱ་ནག་པེ་ཅིང་ནས་བརྗེ་ཚོང་བྱས་ཡོད་པའི་དོགས་གཞི།

Tibetan News Headlines

  • Kharchu Pema Garbha Dharma Centre and All Himalayan Buddhists Salbari offers ‘Tenshug’ to the Dalai Lama
  • Tibetans Attempt to Stop Poaching by Chinese Police Officers; reprimanded by Local Officers
  • China Orders Removal of Former Abbot Lobsang Tenpa from Ragya Monastery’s Abbot Lineage
  • Chinese Authorities Coerce Tibetans in Ngari into Mandatory Road Construction
  • 2026 Tibet Forum Calls for Repeal of China’s Ethnic Unity Law in Five-Point Declaration
  • Chinese Official Sentenced to Death over Disclosure of State Secrets to Foreign Intelligence
  • Alalamo: New Gorshey Song “Kowa Laso” by Tenzin Yeshi  (Yema) and Tenzin Dolma

ཪེས་གཟའ་མིག་དམར། ༢༠༢༦།༡༡།༢༤

  • ༸གོང་ས་མཆོག་ལ་མཁར་ཆུ་པདྨ་གརྦྷ་ཆོས་ཚོགས་ཀྱི་ངོས་ནས་བརྟན་བཞུགས་བསྟར་འབུལ།
  • རྒྱ་མི་ཉེན་རྟོགས་པས་བོད་ཀྱི་སྟོང་ལ་ཉེ་བའི་རི་བདག་ལ་རྔོན་རྒྱག་པར་ས་གནས་བོད་མིས་ངོ་རྒོལ།
  • མགོ་ལོག་རྭ་རྒྱ་དགོན་པའི་མཁན་ཟུར་བློ་བཟང་བསྟན་པ་དགོན་པ་དེ་ཉིད་ཀྱི་མཁན་རབས་ནས་ཕྱིར་འཐེན་དགོས་པའི་བཙན་བཀའ་བཏང་འདུག
  • མངའ་རིས་ས་ཁུལ་གྱི་ཡུལ་མི་རྣམས་གཞུང་ལམ་འཛུགས་སྐྲུན་གྱི་ལས་གཞི་ནང་བཙན་སྐུལ་བྱེད་བཞིན་པ།
  • མི་རིགས་མཐུན་སྒྲིལ་ཟེར་བའི་ཁྲིམས་ཡིག་ཕྱིར་འཐེན་དགོས་པ་སོགས་ཀྱི་དོན་ཚན་ལྔ་གཏེན་འབེབས་ཐོག་ ༢༠༢༦ ལོའི་གངས་ལྗོངས་གླེང་སྟེགས་ཚོགས་འདུ་མཇུག་སྒྲིལ།
  • རྒྱལ་ཁབ་ཀྱི་གསང་བ་མཁོ་སྤྲོད་བྱས་རྐྱེན་རྒྱ་གཞུང་གི་ལས་བྱེད་ཅིག་ལ་སྲོག་ཐོག་ཁྲིམས་ཐག་བཅད་པ།
  • ཨ་ལ་ལ་མོ་ལེ་ཚན། སྒྱུ་རྩལ་བ་བསྟན་འཛིན་ཡི་ཤེས་ལགས་དང་ལྷན་ཀོ་བ་ལ་སོ་ཞེས་པའི་སྒར་གཞས་གསར་པའི་སྐོར་བཅར་འདྲི།

ཉེ་ཆར་ཟླ་བ་འདིའི་ཕྱི་ཚེས་ ༥ ཉིན་བོད་ནང་གི་སྤྱི་ཚོགས་དྲྭ་ལམ་གྱི་གླེང་སྟེགས་འདྲ་མིན་ཐོག་གླེང་སློང་ཤུགས་ཆེ་བྱེད་བཞིན་པའི་གནད་དོན་ཞིག་ནི། གྲོང་ཚང་དགོན་པའི་ལོ་དྲུག་བརྒྱའི་ལོ་རྒྱུས་ལྡན་པའི་སྤྱན་རིས་གཟིགས་ཀྱི་ཟངས་སྐུ་སྐད་གྲགས་ཅན་དེ་རྒྱ་ནག་པེ་ཅིང་ནས་བརྗེ་ཚོང་བྱས་ཡོད་པའི་དོགས་གཞི་ཡོད་པ་དེ་རེད་འདུག

Outcry Erupts Over Alleged Replacement of 600-Year-Old Chenrezig Statue by Chinese Museum

དེ་ཡང་ཤེས་རྟོགས་བྱུང་བར་གཞིགས་ན། གྲོང་ཚང་དགོན་པའི་ལོ་དྲུག་བརྒྱའི་ལོ་རྒྱུས་ལྡན་པའི་སྤྱན་རིས་གཟིགས་ཀྱི་ཟངས་སྐུ་སྐད་གྲགས་ཅན་དེ་ཕྱི་ལོ་ ༢༠༠༠ ལོར་རྒྱ་ནག་གཞུང་གིས་མཚོ་སྔོན་ཞིང་ཆེན་གཏེར་མཛོད་ཁང་དུ་གདན་འདྲེན་ཞུས་འདུག་པ་དང་། སྐབས་དེར་གྲོང་ཚང་དགོན་པའི་མཁན་པོ་གཙོས་པའི་ལས་ཀྱི་སྣེ་མོ་བ་ཚོ་མོས་མཐུན་བྱུང་མེད་ནའང་གཞུང་ངོས་ནས་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་རིག་དངོས་ཡིན་ཚུལ་བརྗོད་དེ་བཙན་བཀའ་བཏང་ནས་བཙན་འཁྱེར་བྱས་ཡོད་པ་རེད་འདུག

འདི་ལོའི་ཕྱི་ཟླ་ ༥ པའི་ནང་དུ་གྲོང་ཚང་དགོན་པའི་ལོ་དྲུག་བརྒྱའི་ལོ་རྒྱུས་ལྡན་པའི་སྤྱན་རིས་གཟིགས་ཀྱི་ཟངས་སྐུ་སྐད་གྲགས་ཅན་དང་གཞན་གནའ་རྫས་གྲགས་ཅན་ཁ་ཤས་པེ་ཅིང་དུ་འགྲེམས་སྟོན་བྱེད་སར་གཞུང་ངོས་ནས་ཁུར་སྐབས་ཡུལ་སྐོར་བ་ཞིག་གིས་སྤྱན་རས་གཟིགས་ཀྱི་ཟངས་སྐུའི་ཞབས་ལ་དེང་དུས་ཀྱི་ཁྱབ་བསྒྲགས་ TCL དང་རྒྱ་ཡིག་བྲིས་ཡོད་པ་པར་བརྒྱབ་ནས་དྲྭ་ལམ་དུ་བཞག་རྗེས་ལོ་ངོ་དྲུག་བརྒྱའི་ལོ་རྒྱུས་ལྡན་པའི་སྤྱན་རིས་གཟིགས་ཀྱི་ཟངས་སྐུ་དེ་རྒྱ་ནག་པེ་ཅིང་ནང་བརྗེ་ཚོང་བྱས་ཡོད་པའི་དོགས་གཞི་བྱུང་བ་དང་འབྲེལ། དེའི་སྐོར་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གླེང་སློང་ཤུགས་ཆེན་པོ་བྱུང་སྟེ། འབྲེལ་ཡོད་ལས་ཁུངས་ནས་གསལ་བཤད་བྱེད་དགོས་པའི་དགོས་འདུན་སྟོན་ཡོད་པ་རེད་འདུག ད་ལན་ཡུལ་སྐོར་བས་མཐོང་བའི་“ཡིག་འབྲུ་” ནི་ཕྱི་ ༡༩༩༩ ལོའི་《 中国电视报 》ཚགས་པར་ཨང་ ༣༦ པའི་ནང་དོན་འདུག

ཕྱི་ཚེས་ ༦ ཉིན་མཚོ་སྔོན་ཞིང་ཆེན་རིག་དངོས་གཏེར་མཛོད་ཁང་གིས་གསལ་བཤད་བྱས་པ་ལྟར་ན། གསེར་ཟངས་ཀྱིས་བཟོས་པའི་སྤྱན་རས་གཟིགས་ཀྱི་སྐུ་འབག་གི་ཞབས་རྟེན་དུ་ TCL ཞེས་པའི་ཡིག་འབྲུ་བརྒྱུད་ལམ་ཁག་ཏུ་ཁྱབ་ནས་མི་མང་པོ་ལ་སེམས་འཚབ་བཟོས་པར་དགོངས་སེལ་ཞུས་ཡོད་པ་དང་།  ཕྱོ་ལོ ༡༩༩༠ ལོ་ནས་རིག་དངོས་འདི་དགོན་པར་ཉར་ཚགས་བྱས་ཡོད་ཅིང་། རྗེས་སུ་མཚོ་སྔོན་ཞིང་ཆེན་རིག་དངོས་གཏེར་མཛོད་ཁང་དུ་སྤྲད་སྐབས་སྐུའི་ཞབས་ཀྱི་གཟུང་འཇུག་ཟེགས་འགྲོ་བར་དོགས་ནས་དགོན་པའི་ལས་སྣེ་ཚོས་ཚགས་པར་ཞིག་གིས་སྐུའི་ཞབས་བཀབ་ཡོད་པ་རང་འཇགས་བཞག་ཡིན་པ་དང་རིག་དངོས་ཀྱི་སྒྱུ་རྩལ་རིན་ཐང་དང་ལོ་རྒྱུས་ལ་འགྲེལ་བ་མེད་ཅེས་བརྗོད་འདུག

ཐེངས་འདིའི་གནད་དོན་ཐད་བོད་ནང་དུ་བཞུགས་པའི་མཁས་དབང་དང་། ཉམས་ཞིབ་པ། རྩོམ་པ་པོ། མི་དམངས་དཀྱུས་མ་སོགས་ལ་བློ་ཚབ་ཆེན་པོ་སྐྱེས་ཡོད་པ་དང་། གཞུང་ངོས་ཀྱི་གསལ་བཤད་ལ་སེམས་གཏིང་ནས་ཡིད་ཆེས་མེད་པའི་རྣམ་པ་ཤུགས་ཆེན་བྱུང་ཡོད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།