Tibetan Royal Year of 2151 | Year of the Wood Dragon

བོད་མི་རང་ལུས་མེར་བསྲེགས་བཏང་དོན་གང་ཡིན་ཐོག་འགྲེམས་སྟོན་དབུ་འབྱེད།

Tibetan News Headlines

  • བོད་དང་ཧི་མཱ་ལ་ཡ། བོད་དང་འབྲས་ལྗོངས་དབར་གྱི་ཆོས་ཡོན་དང་ཆབ་སྲིད་ཀྱི་འབྲེལ་བ།

Sunday 14/04/2024

  • Tibet and the Himalayas: Unraveling Sikkim and Tibet’s Religious-Political Bonds

དེ་རིང་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་འགྲེམས་སྟོན་ཚན་པས་བོད་མི་རྣམས་རང་ལུས་མེར་བསྲེགས་བཏང་དགོས་དོན་གང་ཡིན་ཞེས་པའི་བརྗོད་གཞིའི་ཐོག་འགྲེམས་སྟོན་དབུ་འབྱེད་གནང་སྟེ་དེ་སྔ་ཕྱི་ལོ་ ༢༠༠༩ ལོར་རྒྱ་གཞུང་གི་དྲག་གནོན་ལ་ཞི་རྒོལ་གྱིས་རང་ལུས་མེར་བསྲེགས་ཆེས་ཐོག་མ་གནང་མཁན་གྲྭ་བཀྲ་དཔེ་ལགས་གཙོས། ད་བར་བོད་ནང་རང་ལུས་མེར་བསྲེགས་གནང་མཁན་ཀུན་ལ་རྗེས་དྲན་ཞུས་སོང་།

Self Immolation Exhibition

དེ་སྔ་ཕྱི་ལོ་ ༢༠༠༩ ཟླ་ ༢ ཚེས་ ༢༧ ཉིན་རང་ལོ་ ༢༧ སོན་པའི་ཀིརྟི་དགོན་པའི་གྲྭ་བཀྲ་དཔེ་ལགས་ཀྱིས་རྒྱ་གཞུང་གི་དྲག་གནོན་ལ་ཞི་རྒོལ་གྱིས་རང་ལུས་མེར་བསྲེགས་ཆེས་ཐོག་མ་གནང་བའི་ཉིན་མོ་དང་བསྟུན་དེ་རིང་སྔ་དྲོ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་མདུན་ཐང་དུ་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་བཀྲས་ཁང་སྒྲོལ་མ་ཚེ་རིང་མཆོག་ཆེད་ཕེབས་ཀྱིས་དབུ་བཞུགས་ཐོག་ཛ་དྲག་གི་དྲི་བ། བོད་མི་རྣམས་རང་ལུས་མེར་བསྲེགས་བཏང་དོན་གང་ཡིན་ཞེས་པའི་པར་རིས་འགྲེམས་སྟོན་དབུ་འབྱེད་གནང་སོང་།

Self Immolation Exhibition

སྐབས་དེར་ཕྱི་དྲིལ་འགྲེམས་སྟོན་ཚན་པའི་འགན་འཛིན་བསྟན་འཛིན་སྟོབས་ལྡན་ལགས་ཀྱིས་ད་རེས་འགྲེམས་སྟོན་དེ་ལྟར་གནང་བའི་དགོས་དམིགས་གཙོ་བོ་ནི་དེ་སྔ་ཕྱི་ལོ་ ༢༠༠༩ ཟླ་ ༢ ཚེས་ ༢༧ ཉིན་རང་ལོ་ ༢༧ སོན་པའི་ཀིརྟི་དགོན་གྱི་གྲྭ་བཀྲ་དཔེ་ལགས་ཀྱིས་རྒྱ་གཞུང་གི་དྲག་གནོན་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་ཆེས་ཐོག་མ་གནང་བའི་གལ་ཆེའི་ཉིན་མོ་དྲན་གསོ་དང་བསྟུན་ནས། བོད་ནང་ད་བར་རང་ལུས་མེར་བསྲེགས་གནང་མཁན་ ༡༥༧ ཙམ་བྱུང་ཡོད་པའི་ཁོངས་མང་དག་ཅིག་འདས་གྲོངས་སོང་བ་དང་ཁག་ཅིག་གར་ཡོད་ཤེས་རྟོགས་མེད་པའི་གནས་སུ་གྱུར་ཡོད་ཀྱང་། བོད་ཀྱི་གནད་དོན་འདི་བཞིན་རྒྱལ་སྤྱིའི་ལྡིངས་ཆ་ཆེ་གྲས་ནང་གོ་རྟོགས་དང་དོ་སྣང་བྱ་ཡུལ་ཇེ་ཉུང་དུ་འགྲོ་བཞིན་ཡོད་སྟབས་བོད་ནང་བྱུང་བའི་དངོས་ཡོད་གནས་ཚུལ་ཁག་ངོ་སྤྲོད་ཞུ་རྒྱུར་ཆེད་དམིགས་གནང་བ་ཞིག་ཡིན་སྐོར་གསུངས་སོང་།

Self Immolation Exhibition

སྐུ་མགྲོན་གཙོ་བོ་བཀྲས་ཁང་སྒྲོལ་མ་ཚེ་རིང་མཆོག་གིས་དེ་རིང་ཕྱི་དྲིལ་འགྲེམས་སྟོན་ཚན་པས་བོད་ནང་རང་ལུས་མེར་བསྲེགས་བཏང་དོན་གང་ཡིན་ཞེས་པའི་བརྗོད་གཞིའི་ཐོག་འགྲེམས་སྟོན་ཞིག་གོ་སྒྲིག་གནང་བའི་བརྒྱུད་ཛ་དྲག་གི་དྲི་བ་དེ་གཙོ་བོ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་རྒྱལ་སྤྱིའི་སྤྱི་ཚོགས། དེ་བཞིན་རང་དབང་ལུང་པར་གནས་སྡོད་བོད་མི་བཅས་ལ་གོ་ཡི་ཡོད་པ་འགྲེལ་བརྗོད་དང་སྦྲགས། བོད་དེ་བཅིངས་བཀྲོལ་བཏང་ཡོད་ཅེས་དང་བོད་མི་ཚོ་བདེ་སྐྱིད་ཀྱི་འཚོ་བར་རོལ་བཞིན་ཡོད་ཚུལ་བཤད་པ་དེ་བདེན་པ་ཡིན་ན་བོད་མི་ཚོས་ཅིའི་ཕྱིར་རང་ལུས་མེར་བསྲེགས་གཏོང་བཞིན་ཡོད་དམ་ཞེས་དང་།

Self Immolation Exhibition

དེ་བཞིན་རྒྱལ་སྤྱིའི་སྤྱི་ཚོགས་ངོས་ནས་བོད་ནང་ད་བར་རང་ལུས་མེར་བསྲེགས་གནང་མཁན་མི་གྲངས་ ༡༥༧ ཙམ་བྱུང་ཡོད་པ་དེ་དག་ལ་རྒྱབ་སྐྱོར་མི་བྱེད་དོན་ཅི་ཡིན་ཞེས། ལྷག་དོན་དུ་བཙན་བྱོལ་བོད་མི་རྣམས་ནས་གཞིས་ལུས་བོད་མི་དག་གི་མགྲིན་ཚབ་གནང་གི་ཡོད་མིན་གྱི་དྲི་བའི་ཐོག་ནས་ཁོང་རྣམ་པའི་བློས་གཏོང་ལ་གུས་བརྩི་གནང་དགོས་གལ་ཡིན་པའི་གཞེན་སྐུལ་གནང་སོང་།

Self Immolation Exhibition

ཐེངས་འདིའི་འགྲེམས་སྟོན་ནི་དེ་རིང་ནས་ཕྱི་ཟླ་ ༣ ཚེས་ ༨ བར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གཟིགས་འབུལ་ཞུས་རྗེས་རྡ་ས་གངས་ཅན་སྐྱིད་གཤོངས་སུ་རྟེན་གཞི་བྱས་པའི་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་དུ་མུ་མཐུད་ཟླ་བ་གཅིག་དང་ཕྱེད་ཀའི་རིང་གཟིགས་འབུལ་ཞུ་རྒྱུ་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།