Tibetan Royal Year of 2151 | Year of the Wood Dragon

བོད་མིའི་སྒྲིག་འཛུགས་ཀྱིས་བོད་ཀྱི་བེུད་ཉིན་མོ་ཕྱིར་བསྡུ་གནང་བ།

Tibetan News Headlines

  • Tibetan leaders thank US Congress for ‘Resolve Tibet Act’ at special Capitol Hill reception
  • Jaishankar meets Chinese FM Wang in Laos, pushes for urgency in resolving LAC standoff
  • 25th Kargil Jijay Divas: Tibetan war veterans recount 1999 Kargil war
  • US lawmaker introduces bill to strengthen US-India security partnership
  • Cloudburst in Manali: Flash floods wreak havoc, no damages to Tibetan settlements

རེས་གཟའ་པ་སངས། ༢༠༢༤།༠༧།༢༦

  • བོད་དོན་ཁྲིམས་ཡིག་སླད་སྐུ་ལས་བསྐྱོན་མཁན་གྱི་གྲོས་ཚོགས་འཐུས་མི་རྣམས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཚོགས་འདུག
  • རྒྱ་དཀར་ནག་གཉིས་ཀྱི་ཕྱི་སྲིད་བློན་ཆེན་དབར་ས་མཚམས་ཀྱི་གནད་དོན་ཛ་དྲག་གི་སྒོ་ནས་གདོང་ལེན་བྱ་རྒྱུའི་མོས་མཐུན་བྱས་འདུག
  • ཀར་གྷིལ་དམག་འཁྲུག་ཁྲོད་རྒྱ་གར་ལ་རྒྱལ་ཁ་ཐོབ་ནས་མི་ལོ་ ༢༥ འཁོར་བའི་དུས་དྲན་སྲུང་བརྩི།
  • ཨ་རིའི་གྲོས་ཚོགས་གོང་མའི་ནང་དུ་ཨ་རི་དང་རྒྱ་གར་གཉིས་དབར་རྒྱལ་སྲུང་ཐད་མཉམ་ལས་སྲ་བརྟན་གཏང་རྒྱུའི་ཁྲིམས་འཆར་ངོ་སྤྲོད།
  • Manali ཁུལ་དུ་ཆུ་ལོག་གི་དོན་རྐྱེན་བྱུང་ཡང་བོད་མིའི་གཞིས་ཆགས་ཡོད་སར་གནོད་འཚེ་གང་ཡང་བྱུང་མིན་འདུག

བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་དེ་སྔ་བཀའ་ཤག་སྐབས་ ༡༥ སྐབས་གཏན་འབེབས་གནང་བའི་བོད་ཀྱི་བེུད་ཉིན་མོ་ཞེས་པ་དེ་ཕྱིར་བསྡུ་གནང་འདུགཉེ་ཆར་ཟླ་ ༢ ཚེས་ ༥ ཉིན་བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་རྩ་འཛིན་བཀོད་ཁྱབ་ཅིག་ཡོངས་གྲགས་སུ་འདོན་སྤེལ་གནང་བར་ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༢ ཉིན་ཆོལ་གསུམ་བོད་ཀྱི་བེུད་ཚོས་མ་བགྲོས་བསམ་པ་གཅིག་མཐུན་གྱིས་བོད་ཀྱི་རྒྱལ་ས་ལྷ་སར་རྒྱ་ནག་གཞུང་ལ་སྙིང་སྟོབས་ཆེན་པོས་ཞི་བའི་ངོ་རྒོལ་གནང་བའི་བོད་ཀྱི་བེུད་སྒེར་ལངས་ཉིན་མོ་ཞེས་ལོ་ལྟར་རྗེས་དྲན་བརྩི་སྲུང་ཞུ་བཞིན་པའི་ཁར་བཀའ་ཤག་གིས་ཕྱི་ལོ་ ༢༠༡༧ ལོར་བེུད་ཉིན་མོ་མཉམ་བསྒྲིལ་ངོས་འཛིན་ཞུ་རྒྱུའི་རྩ་འཛིན་བཀོད་ཁྱབ་སོང་བར་དགོངས་ཚོར་བྱུང་བཞིན་པར་བརྟེན་བཀོད་ཁྱབ་དེ་ཕྱིར་བསྡུ་བྱས་པར་རྩ་འཛིན་དགོས་རྒྱུ་བཅས་འཁོད་འདུགགཞི་རྩའི་བཀའ་ཤག་སྐབས་ ༡༥ པའི་ངོས་ནས་བེུད་ཀྱི་ནུས་སྟོབས་གོང་འཕེལ་གྱི་ལྷན་ཚོགས་ཐེངས་དང་པོ་དེ་ཚོགས་གནང་བ་དང་འབྲེལ་ལོ་ལྟར་ཕྱི་ཟླ་ ༣ ཚེས་ ༡༢ དེ་བཞིན་བོད་ཀྱི་བེུད་ཉིན་མོ་ཞེས་སྲུང་བརྩི་གནང་རྒྱུའི་ཐག་གཅོད་གནང་ཡོད་སྟབས། ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༡༢ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་བོད་ཀྱི་བེུད་ཉིན་མོ་ཐོག་མ་དེ་སྲུང་བརྩི་གནང་ཡོད་པ་རེད། འོན་ཀྱང་བོད་ཀྱི་བེུད་ལྷན་ཚོགས་གཙོ་བོར་གྱུར་པའི་བོད་མི་མང་དག་ཅིག་གིས་ཕྱི་ཟླ་ ༣ ཚེས་ ༡༢ ཉིན་མོ་དེ་བོད་ཀྱི་དཔའ་མོ་རྣམས་ལ་རྗེས་དྲན་དང་ལས་འགུལ་གྱི་ཉིན་མོ་ཞིག་ལ་སྲུང་བརྩི་གནང་དགོས་པ་ལས་དགའ་དགའ་སྤྲོ་སྤྲོ་གནང་རྒྱུའི་དུས་ཆེན་གྱི་ཞིག་ལ་སྲུང་བརྩི་ཞུ་ན་མི་འགྲིག་པའི་དགོངས་ཚུལ་ཤུགས་ཆེར་ཕུལ་བ་མ་ཟད། གྲོས་ཚོགས་སུའང་དེའི་སྐོར་གླེང་སློང་རབ་དང་རིམ་པ་བྱུང་ཡོད་པའི་ཁྲོད་བོད་ཀྱི་བེུད་ལྷན་ཚོགས་ཀྱིས་བོད་མིའི་སྒྲིག་འཛུགས་ལ་ཉིན་མོ་དེ་ཕྱིར་འཐེན་གནང་དགོས་པའི་འབོད་སྐུལ་མུ་མཐུད་ནས་ཞུས་ཡོད་པ་རེད།བོད་མིའི་སྒྲིག་འཛུགས་ཀྱིས་བོད་ཀྱི་བེུད་ཉིན་མོ་ཕྱིར་འཐེན་གྱི་རྩ་འཛིན་བཀོད་ཁྱབ་གནང་བ་དེའི་སྐོར་བོད་ཀྱི་བེུད་ལྷན་ཚོགས་ཀྱི་ད་ལྟའི་ཚོགས་གཙོ་བསྟན་འཛིན་སྒྲོལ་མ་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས་བཀའ་ཤག་གི་ཐག་གཅོད་ལ་དགའ་བསུ་ཞུས་པ་དང་འབྲེལ་ཏེ། བོད་ཀྱི་བེུད་ལྷན་ཚོགས་ཀྱིས་ལོ་མང་རིང་ནས་སྐུ་ལས་སྐྱོན་པར་གྲུབ་འབྲས་སོན་པ་ཞིག་དང་ཐག་གཅོད་དེས་བོད་ཀྱི་ལོ་རྒྱུས་ལ་གུས་བརྩི་དང་བོད་མི་ཡོངས་ལ་ཐུགས་བཞེས་གནང་བ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད་ཅེས་གསུངས་སོང་།

གསར་འགོད་པས་བོད་མིའི་སྒྲིག་འཛུགས་ཀྱི་འབྲེལ་ཡོད་ཚན་པ་དང་བཀའ་དྲུང་ཡིག་ཚང་བཅས་ལ་ཐག་གཅོད་དེའི་སྐོར་ལ་བཀའ་འདྲི་ཞུ་ཐབས་ཞུས་ཀྱང་། བཅར་འདྲི་དང་ལེན་གནང་མཁན་བྱུང་མ་སོང་།

འབྲེལ་ཡོད་གསར་གནས།

གསར་གནས།