Tibetan Royal Year of 2151 | Year of the Wood Dragon

བོད་མིར་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་གནས་བབ་རྩོད་བཞིན་པ་མ་གཏོགས་རང་བཙན་རྩོད་ཀྱི་མེད་ཅེས་བཀའ་ནན་སྩལ་བ།

Tibetan News Headlines

  • Tibetan leaders thank US Congress for ‘Resolve Tibet Act’ at special Capitol Hill reception
  • Jaishankar meets Chinese FM Wang in Laos, pushes for urgency in resolving LAC standoff
  • 25th Kargil Jijay Divas: Tibetan war veterans recount 1999 Kargil war
  • US lawmaker introduces bill to strengthen US-India security partnership
  • Cloudburst in Manali: Flash floods wreak havoc, no damages to Tibetan settlements

རེས་གཟའ་པ་སངས། ༢༠༢༤།༠༧།༢༦

  • བོད་དོན་ཁྲིམས་ཡིག་སླད་སྐུ་ལས་བསྐྱོན་མཁན་གྱི་གྲོས་ཚོགས་འཐུས་མི་རྣམས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཚོགས་འདུག
  • རྒྱ་དཀར་ནག་གཉིས་ཀྱི་ཕྱི་སྲིད་བློན་ཆེན་དབར་ས་མཚམས་ཀྱི་གནད་དོན་ཛ་དྲག་གི་སྒོ་ནས་གདོང་ལེན་བྱ་རྒྱུའི་མོས་མཐུན་བྱས་འདུག
  • ཀར་གྷིལ་དམག་འཁྲུག་ཁྲོད་རྒྱ་གར་ལ་རྒྱལ་ཁ་ཐོབ་ནས་མི་ལོ་ ༢༥ འཁོར་བའི་དུས་དྲན་སྲུང་བརྩི།
  • ཨ་རིའི་གྲོས་ཚོགས་གོང་མའི་ནང་དུ་ཨ་རི་དང་རྒྱ་གར་གཉིས་དབར་རྒྱལ་སྲུང་ཐད་མཉམ་ལས་སྲ་བརྟན་གཏང་རྒྱུའི་ཁྲིམས་འཆར་ངོ་སྤྲོད།
  • Manali ཁུལ་དུ་ཆུ་ལོག་གི་དོན་རྐྱེན་བྱུང་ཡང་བོད་མིའི་གཞིས་ཆགས་ཡོད་སར་གནོད་འཚེ་གང་ཡང་བྱུང་མིན་འདུག

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་ནག་གི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་དབུ་མའི་ལམ་གྱི་སྲིད་བྱུས་བརྒྱུད་བོད་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་གནས་བབ་རྩོད་བཞིན་པ་མ་གཏོགས་རང་བཙན་རྩོད་ནམ་ཡང་ཀྱི་མེད་ཅེས་བཀའ་སྩལ་ནན་པོ་མཛད་འདུག

ཉེ་ཆར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་རྒྱ་གར་གྱི་ས་གནས་འདྲ་མིན་ནས་ཕེབས་པའི་མང་ཚོགས་ཁག་གཅིག་ལ་མཇལ་ཁ་བཀྲིན་སྩལ་བའི་ཁྲོད་རྒྱ་གར་གྱི་གསར་འགོད་པའི་སྡེ་ཁག་ཞིག་ལ་མ་འོངས་བོད་ཀྱི་གནད་དོན་སྐོར་དང་འབྲེལ་ཏེ་བཀའ་ལན་སྩལ་སྐབས་མགོན་པོ་༸གང་ཉིད་མཆོག་གིས་རང་བཙན་རྩོད་ཀྱི་མེད་པ་དེ་ལྟར་ཡང་། རྒྱ་ནག་གི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་དབུ་མའི་ལམ་གྱི་སྲིད་བྱུས་བརྒྱུད་བོད་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་གནས་བབ་སྤྲོད་དགོས་ཞེས་བསྐྱར་ནན་མཛད་བཞིན་ཡོད་པ་དང་། དེས་རྒྱ་རིགས་ཁ་བྲལ་གཏོང་རྒྱུ་ལས་ས་ཡ་མང་པོར་ཆབ་སྲིད་ཀྱི་ཐོག་ནས་ཕན་ཐོགས་ངེས་ཡིན་པར་བཀའ་སྩལ་ཏེ་མགོན་པོ་༸གང་ཉིད་མཆོག་ནས་བོད་གངས་ཅན་ལྗོངས་སུ་ཕྱིར་ཆིབས་བསྒྱུར་མཛད་ཐུབ་པའི་ཐུགས་སྨོན་མཛད་བཞིན་ཡོད་ཅེས་བཀའ་སྩལ་འདུག

སྐབས་དེར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་བརྒྱུད་བོད་རྒྱའི་དཀའ་རྙོག་སེལ་བར་ཆོད་སེམས་བརྟན་པོ་ཡོད་ཅེས་དང་དེ་བཞིན་དུས་རབས་ཉིར་གཅིག་པའི་ནང་དད་པ་ཙམ་གནང་རྒྱུ་ནི་དུས་ཚོད་ཡོལ་བའི་བཀའ་མོལ་ཞིག་ཡིན་པ་ལས་རིགས་པའི་ཐོག་ནས་དཔྱད་པ་གནང་སྟེ་ཆོས་ལ་ངེས་པ་རྙེད་པ་ཞིག་གནང་ གནང་རྒྱུ་ནི་དཔལ་ནཱ་ལེནྡཱའི་ཆོས་བརྒྱུད་ངོ་མ་དེ་རེད་ཅེས་བཀའ་སྩལ་འདུག

ལྷག་པར་དུ་རྒྱ་ནག་ལ་མཚོན་ན། ད་ལྟའི་ཆར་རྒྱ་ནག་ནང་འགྱུར་ལྡོག་འགྲོ་བཞིན་པ་དང་རྒྱ་གར་གཙོས་རྒྱལ་སྤྱིའི་རྒྱལ་ཁབ་མང་པོས་༸གོང་ས་མཆོག་ལ་རྒྱབ་སྐྱོར་དང་མཛའ་བརྩེ། གུས་བརྩི་ཞུ་མཁན་ཡོད་པའི་ཁོངས་སུ་རྒྱ་རིགས་མང་ཚོགས་ཚོས་ཀྱང་མགོན་པོ་༸གང་ཉིད་མཆོག་ལ་མཛའ་བརྩེ་དང་མཛའ་འབྲེལ་འདུ་ཤེས་ཀྱི་རྣམ་པ་བསྟན་པའི་ཐོག་ནས་མགོན་པོ་༸གང་ཉིད་མཆོག་བོད་ལ་ཕྱིར་ཆིབས་བསྒྱུར་མཛད་རྒྱུའི་ཐུགས་རེ་གནང་གི་ཡོད་ཀྱང་། འདས་པའི་ལོ་ངོ་བཅུ་ཕྲག་ཁ་ཤས་རིང་གི་༸སྐུ་དངོས་ཀྱི་མྱོང་བར་གཞིགས་ཏེ་ད་ཆ་རྒྱ་གར་ལ་༸སྐུ་བཞུགས་མཛད་རྒྱུར་ཐུགས་མཉེས་པོ་ཡོད་པར་མ་ཟད། བཞུགས་སྒར་ནི་ས་ཆའི་བབ་ཀྱི་ཆ་ནས་མགོན་པོ་༸གང་ཉིད་མཆོག་གི་༸སྐུའི་འཕྲོད་བཞེས་ལ་འཚམས་པོ་ཡོད་པ་དང་ལྷག་དོན་མགོན་པོ་༸གང་ཉིད་མཆོག་༸སྐུ་ན་ཆུང་དུས་ནས་རྒྱ་གར་གྱི་དཔལ་ནཱ་ལེནྡཱའི་མཁས་པའི་གསུང་དག་ལ་སློབ་གཉེར་མཛད་ཡོད་སྟབས་༸སྐུ་གཟུགས་ལ་མཚོན་ནའང་བོད་མི་ཞིག་ཡིན་ཀྱང་ཕྱེད་ཀ་རྒྱ་གར་བ་ཞིག་ཡིན་སྐོར་སོགས་བཀའ་སྩལ་འདུག

འབྲེལ་ཡོད་གསར་གནས།

གསར་གནས།