Tibetan Royal Year of 2151 | Year of the Wood Dragon

འཇར་མ་ནི་ནང་རྒྱ་ནག་ཆེད་དུ་གསང་ཉུལ་བྱས་པའི་དོགས་གཞི་འོག་མི་སྣ་ཁག་གཅིག་འཛིན་བཟུང་།

Tibetan News Headlines

  • Dalai Lama gives audience to Himalayan Buddhists from Rolwa Ling
  • One household and One file: Surveillance ramped up after anti-dam protests
  • GCM Gold Cup Final and Green Book debacle
  • Taiwan’s parliament passes bill pushing pro-China changes
  • East Turkistan government in exile calls on US to pass Uyghur Policy Act
  • Any attempt to intimidate individuals or communities in the UK will not be tolerated: UK to China

རེས་གཟའ་ལྷག་པ། ༢༠༢༤།༠༥།༢༩

  • ༸གོང་ས་མཆོག་གིས་བལ་ཡུལ་རོལ་བ་གླིང་ཁུལ་གྱི་བོད་རིགས་ཁག་གཅིག་ལ་མཇལ་ཁ་སྩལ་བ།
  • རྒྱ་གཞུང་གིས་སྤྱི་ཚོགས་དབང་སྒྱུར་ཇེ་ཤུགས་ཆེ་རུ་གཏོང་ཐབས་སུ་ཁྱིམ་ཚང་གཅིག་དང་ཡིག་ཆ་གཅིག་ཅེས་པའི་སྲིད་བྱུས་ལག་བསྟར།
  • ༸རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་སྤོལ་རྩེད་འགྲན་དང་དཔྱ་ཁྲལ་ལག་དེབ་ཀྱི་དཀའ་རྙོག
  • ཐེ་ཝན་གྲོས་ཚོགས་སུ་ཁྲིམས་གཞི་གསར་པ་གཏན་འབེབས།
  • ཨ་རིར་ཡུ་གུར་ཁྲིམས་འཆར་གཏན་འབེབས་དགོས་པའི་ཞུ་སྐུལ།
  • དབྱིན་ཡུལ་ནང་གི་མི་སེར་ལ་རྒྱ་ནག་གིས་སུན་གཙེར་བྱས་པ་དེར་བཟོད་སྲན་རྩ་བ་ནས་བྱ་རྒྱུ་མིན་གསུངས་འདུག

ཁ་སང་སྤྱི་ཚེས་ ༢༢ རེས་གཟའ་ཟླ་བའི་ཉིན་འཇར་མ་ནིའི་གཞུང་གིས་རང་གི་མེ་སེར་གསུམ་ནས་རྒྱ་ནག་ཆེད་དུ་གསང་ཉུལ་བྱས་པའི་ཐོག་རང་གཞུང་གིས་དམག་དོན་འཕྲུལ་ལས་རིག་པ་དང་འབྲེལ་བའི་གནས་ཚུལ་ཁག་གཅིག་རྒྱ་གཞུང་གསང་ཞབས་པ་ཚོར་མཁོ་སྤྲོད་བྱས་ཡོད་པའི་དོགས་གཞིའི་འོག་འཛིན་བཟུང་བྱས་པ་མ་ཟད། མིང་གསལ་མ་བྱས་པའི་ཡུལ་དེའི་གྲོས་ཚོགས་འཐུས་མིའི་ལས་བྱེད་ཞིག་ཀྱང་དེ་འབྲེལ་གནད་དོན་འོག་ཟུར་དུ་འཛིན་བཟུང་བྱས་པའི་གནས་ཚུལ་ཐོན་འདུག

Germany Arrest Chinese Spy

དེ་ཡང་འཇར་མ་ནིའི་སྲིད་བློན་སྐུ་ཞབས་ Olaf Schoz མཆོག་རྒྱ་ནག་ཏུ་གཞུང་འབྲེལ་འཚམས་གཟིགས་ལ་ཕེབས་ནས་བདུན་ཕྲག་གཅིག་ཙམ་ལས་སོང་མེད་པའི་ཁྲོད་འདིར། འཇར་མ་ནིའི་གཞུང་གིས་ཡུལ་དེའི་མི་སེར་གསུམ་གྱིས་རྒྱ་ནག་གསང་བའི་ལས་ཁུངས་ཆེད་དུ་དེ་སྔ་སྤྱི་ལོ་ ༢༠༢༢ ཟླ་ ༦ པའི་གོང་ནས་གནས་ཚུལ་མཁོ་སྤྲོད་བྱེད་བཞིན་ཡོད་པས་ཉེས་འཛུགས་བྱས་ཡོད་པ་མ་ཟད། དོགས་གཞི་ཡོད་པའི་དོ་བདག་གསུམ་ནས་རང་གཞུང་གི་བཀའ་ཁྲོལ་མེད་པར་ Special Laser འམ་འོད་རླབས་ཟེར་མདའ་དམིགས་བསལ་ཅན་རིགས ཕྱི་ཚོང་བྱས་ཏེ་འཇར་མ་ནིའི་ཕྱི་ཚོང་གི་ཁྲིམས་ལུགས་ལའང་རྡོག་རོལ་བཏང་ཡོད་པའི་ཉེས་འཛུགས་ཀྱང་བྱས་ཡོད་འདུག

འཇར་མི་ནིའི་གཞུང་ངོས་ནས་འཛིན་བཟུང་བྱས་པའི་དོ་བདག་གསུམ་པོའི་མིང་དོན་ཆ་ཚང་གསལ་འདོན་བྱེད་མེད་ནའང་། གནས་ཚུལ་འདོན་སྤེལ་ནང་གསལ་ལྟར་ན་མི་སྣ་གསུམ་པོ་དེ་དག་ཁོངས་ནས་ Herwig F. དང་ Ina F. གཉིས་པོ་གཉེན་སྒྲིག་ཟིན་པའི་བཟའ་ཚང་ཞིག་ཁུལ་དེའི་ས་གནས་ Düsseldorf ནང་ཁ་གསལ་མིང་བྱང་མེད་པའི་ཚོང་ལས་ཁང་གཅིག་བདག་གཉེར་བཞིན་པ་དེའི་བརྒྱུད་འཇར་མ་ནིའི་ཉམས་ཞིབ་པ་མང་པོ་ལྷན་དུ་འབྲེལ་བ་འཇོག་ཐུབ་པ་བྱུང་འདུག་ལ། གཞན་ Thomas R. ཞེས་པ་དོ་བདག་དེ་ནི་རྒྱ་ནག་གཞུང་གི་བདེ་འཇགས་ལྷན་ཁང་གི་ལས་མི་ཞིག་ཡིན་པའི་འགྲེལ་བརྗོད་བྱས་འདུག

Germany Arrest Chinese Spy
Hannes P. Albert/dpa via AP

དེ་འབྲེལ་འཇར་མ་ནིའི་གཞུང་གིས་བསྒྲགས་གཏམ་སྤེལ་བའི་ནང་ Thomas R. ཞེས་པའི་སོ་ཉུལ་བ་དེས་དམག་དོན་ཆེད་དུ་འཇར་མ་ནིའི་གསར་གཏོད་ཅན་གྱི་འཕྲུལ་རིགས་ཐོག་གནས་ཚུལ་མཁོ་སྒྲུབ་བྱས་ཀྱི་ཡོད་པ་དང་། དེའང་དོ་བདག་དེས་སོ་ཉུལ་བ་གཞན་བཟའ་ཚང་གཉིས་པོའི་ཚོང་ལས་ཁང་བརྒྱུད་ནས་འཇར་མ་ནིའི་ཚན་རིག་པ་དང་ཉམས་ཞིབ་པ་ལྷན་དུ་འབྲེལ་ལམ་མཐུད་པ་དང་མཉམ་ལས་ཀྱི་ལས་གཞི་སྤེལ་གྱི་ཡོད་པ། མ་ཟད་བཟའ་ཚང་གཉིས་པོས་རྒྱ་གཞུང་གི་ཚོགས་སྡེ་ཁག་གི་ཚབ་བྱས་ཏེ་འཇར་མ་ནིའི་མཐོ་སློབ་ལྷན་དུ་འབྲེལ་ལམ་འཇོག་སྟེ་མཚོ་དམག་གི་གྲུ་རིགས་དང་འབྲེལ་བའི་ཞིབ་འཇུག་གི་གནས་ཚུལ་མཁོ་སྤྲོད་བྱེད་ཀྱི་ཡོད་པ་སོགས་འཇར་མ་ནིའི་ཕྱི་འབྲེལ་ཚོང་ལས་དང་དངུལ་ཕོགས་ཀྱི་ཁྲིམས་ལུགས་དང་འགལ་གྱི་ཡོད་པའི་གསལ་འདོན་གནང་འདུག

རྩ་བའི་འཇར་མ་ནིའི་གཞུང་གིས་ད་རེས་ཡུལ་དེའི་མི་སེར་གསུམ་འཛིན་བཟུང་བྱས་པའི་གནད་དོན་དེ་ནི་འཇར་མ་ནིའི་སྲིད་བློན་ Olaf Scholz མཆོག་རྒྱ་ནག་དུ་ཕྱོགས་བསྐྱོད་ཀྱིས་རྒྱ་ནག་ངོས་ནས་དགོས་མཁོ་ལས་ལྷག་པའི་ཚོང་གི་ཐོན་སྐྱེད་འདོན་སྤེལ་དང་ཡོ་རོབ་ཀྱི་ཁྲོམ་རྭའི་ནང་རིན་གོང་ཆུང་བའི་ཐོན་སྐྱེད་སྤུངས་འཇོག་མི་བྱེད་པར་དྲང་བདེན་གྱི་སྒོ་ནས་ཚོང་ལས་ཀྱི་འགྲན་བསྡུར་ནང་མཉམ་ཞུགས་བྱ་དགོས་སྐོར་གནོན་ཤུགས་སྤྲད་པའི་ བདུན་ཕྲག་གཅིག་གི་རྗེས་སུ་བྱུང་བ་ཞིག་ཡིན་པ་རེད།

དེ་བསྟུན་འཇར་མ་ནིའི་ནང་སྲིད་བློན་ཆེན་ Nancy Faeser ལགས་ཀྱིས་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། ཁ་སད་སྤྱི་ཚེས་ ༢༢ རེས་གཟའ་ཟླ་བའི་འཛིན་བཟུང་བྱས་པ་དེ་ཁོང་རྣམ་པའི་གསང་ཉུལ་བར་གདོང་ལེན་ཐད་གྲུབ་འབྲས་ཆེན་པོ་ཞིག་ཡིན་པ་དང་། རྒྱ་གཞུང་ནས་ཚོང་ལས་དང་། ཚན་རིག བཟོ་ལས་སོགས་གང་ཅིའི་ཐད་གསང་ཉུལ་གྱི་ཉེན་ཁ་དག་ལ་མུ་མཐུད་ནས་བལྟ་རྟོག་ཞིབ་ཕྲ་བྱེད་བཞིན་ཡོད་པ་དང་། སོ་ཉུལ་གྱི་གནད་དོན་དེ་དག་ཕྱོགས་གང་ས་ནས་འགོག་ཐབས་སུ་མང་ཚོགས་ལའང་དེའི་སྐོར་གོ་རྟོགས་སྤེལ་བཞིན་ཡོད་པའི་འགྲེལ་བརྗོད་གནང་འདུག

དེའི་བར་ན་དེ་རིང་བརྒྱུད་ལམ་ཁག་ཏུ་དེ་འབྲེལ་གནས་ཚུལ་གཞན་ཞིག་འདོན་སྤེལ་བྱས་པ་ལྟར་ན། འཇར་མ་ནིའི་གཞུང་གིས་ཁ་སང་ཡུལ་དེའི་ Dresden གྲོང་ཁྱེར་ནས་རྒྱ་ནག་གི་ཆེད་དུ་གསང་ཉུལ་ལས་དོན་སྤེལ་མཁན་གཞན་ཞིག་འཛིན་བཟུང་བྱས་པ་དང་། ཁོང་ནི་ཕྱི་ལོ་ ༢༠༡༩ ནས་བཟུང་ཡུལ་དེའི་གྲོས་ཚོགས་འཐུས་མི་ཞིག་གི་འོག་ལས་ཀ་བྱས་ནས་བསྡད་མཁན་ཞིག་ཡིན་པ་རེད་འདུག འཇར་མ་ནིའི་གཞུང་གི་ངོས་ནས་གང་ཟག་དེས་ཡོ་རོབ་གྲོས་ཚོགས་ནང་གི་ཐག་གཅོད་དང་གྲོས་བསྡུར་ཁག་གི་ནང་དོན་སོགས་རྒྱ་ནག་གཞུང་ལ་མཁོ་སྤྲོད་བྱས་པ་མ་ཟད། འཇར་མ་ནི་ནང་གནས་སྡོད་རྒྱ་ནག་གཞུང་དང་ལྟ་སྤྱོད་མི་མཐུན་གྱི་མི་སྣར་སོ་ལྟ་བྱེད་བཞིན་ཡོད་པའི་ཉེས་འཛུགས་བྱས་འདུག

འབྲེལ་ཡོད་གསར་གནས།

གསར་གནས།