Tibetan Royal Year of 2151 | Year of the Wood Dragon

འཕྲོད་བསྟེན་ལས་ཁུངས་ཀྱི་སྔོན་རྩིས་གཏན་འབེབས་ཐོག་འདྲི་རྩད་ལྷུག་པོ་གནང་སོང་།

Tibetan News Headlines

  • Tibetan leaders thank US Congress for ‘Resolve Tibet Act’ at special Capitol Hill reception
  • Jaishankar meets Chinese FM Wang in Laos, pushes for urgency in resolving LAC standoff
  • 25th Kargil Jijay Divas: Tibetan war veterans recount 1999 Kargil war
  • US lawmaker introduces bill to strengthen US-India security partnership
  • Cloudburst in Manali: Flash floods wreak havoc, no damages to Tibetan settlements

རེས་གཟའ་པ་སངས། ༢༠༢༤།༠༧།༢༦

  • བོད་དོན་ཁྲིམས་ཡིག་སླད་སྐུ་ལས་བསྐྱོན་མཁན་གྱི་གྲོས་ཚོགས་འཐུས་མི་རྣམས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཚོགས་འདུག
  • རྒྱ་དཀར་ནག་གཉིས་ཀྱི་ཕྱི་སྲིད་བློན་ཆེན་དབར་ས་མཚམས་ཀྱི་གནད་དོན་ཛ་དྲག་གི་སྒོ་ནས་གདོང་ལེན་བྱ་རྒྱུའི་མོས་མཐུན་བྱས་འདུག
  • ཀར་གྷིལ་དམག་འཁྲུག་ཁྲོད་རྒྱ་གར་ལ་རྒྱལ་ཁ་ཐོབ་ནས་མི་ལོ་ ༢༥ འཁོར་བའི་དུས་དྲན་སྲུང་བརྩི།
  • ཨ་རིའི་གྲོས་ཚོགས་གོང་མའི་ནང་དུ་ཨ་རི་དང་རྒྱ་གར་གཉིས་དབར་རྒྱལ་སྲུང་ཐད་མཉམ་ལས་སྲ་བརྟན་གཏང་རྒྱུའི་ཁྲིམས་འཆར་ངོ་སྤྲོད།
  • Manali ཁུལ་དུ་ཆུ་ལོག་གི་དོན་རྐྱེན་བྱུང་ཡང་བོད་མིའི་གཞིས་ཆགས་ཡོད་སར་གནོད་འཚེ་གང་ཡང་བྱུང་མིན་འདུག

དེ་རིང་ཕྱི་ཚེས་ ༢༣ ཉིན་གྲོས་ཚོགས་དུས་ ༧ ལས་ཉིན་ ༦ འདི་བཞིན་མུ་མཐུད་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་གོ་རིམ་བཞིན་སྔོན་རྩིས་གཏན་འབེབས་ཀྱི་ལས་རིམ་ཐོག་ཕེབས་ཏེ། ཆོས་རིག་ལས་ཁུངས་དང་ལྷག་པར་འཕྲོད་བསྟེན་ལས་ཁུངས་དང་འབྲེལ་ནས་སྨན་བཅོས་ལྟ་སྐྱོང་གི་ལས་གཞི་དང་སྨན་རྩིས་ཁང་གི་གནས་བབ་སོགས་ཀྱི་ཐད་ལ་འདྲི་རྩད་ལྷུག་པོ་གནང་སོང་།

དེ་རིང་སྤྱི་འཐུས་ཁག་གཅིག་གིས་འཕྲོད་བསྟེན་ལས་ཁུངས་ཀྱི་སྔོན་རྩིས་གཏན་འབེབས་སྐབས། བུད་མེད་ཀྱི་ན་ཚ་དང་། བོད་པའི་སྨན་ཁང་ཁག་ཏུ་ཕྲུ་གུ་བཙས་སའི་མཐུན་རྐྱེན་སྦྱོར་སྤྲོད་གནང་དགོས་གལ། དེ་བཞིན་ད་ལྟའི་འཆར་སྨན་བཅོས་ལྟ་སྐྱོང་གི་ལས་གཞིའི་གནས་བབ་དང་། འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གི་གནས་བབ་སོགས་ཀྱི་གནད་དོན་སྐོར་བཀའ་འདྲི་ཞུས་སོང་།

སྐབས་དེར་དཔལ་འབྱོར་བཀའ་བློན་མཆོག་གིས་ལན་འདེབས་གསལ་བཤད་གནང་བའི་ཁྲོད། བུད་མེད་ཀྱི་ན་ཚའི་ཐོག་ལས་དོན་རྒྱ་ཁྱབ་ཆེན་པོ་བྱེད་བཞིན་ཡོད་པ་དང་། བུ་སྣོད་དང་འབྲས་ནད་སོགས་ཀྱི་བརྟག་དཔྱད་ཀྱི་མཐུན་འགྱུར་ཐུབ་དགོས་གལ་རྣམ་རིམ་པའི་གོ་བསྡུར་གནང་རྒྱུ་ཡིན་པ། དེ་བཞིན་སྨན་བཅོས་ལྟ་སྐྱོང་གི་ལས་གཞི་གང་ལེགས་འགྲོ་བཞིན་ཡོད་པ། ལྷག་པར་སྨན་རྩིས་ཁང་གི་གནས་བབ་དང་འབྲེལ་ནས་ད་ལྟའི་ཆར་ལས་དོན་བྱེད་ཕྱོགས་དང་ཁྲིམས་སྒྲིག་གཞི་ལ་འགྱུར་བ་ཤུགས་ཆེར་ཕྱིན་ཡོད་པ་འགྲེལ་བརྗོད་དང་འབྲེལ། ད་ལྟའི་གནས་སྐབས་ལ་ཡར་རྒྱས་འགྲོ་བཞིན་ཡོད་པ་གསུངས་སོང་།

མ་ཟད་སྤྱི་འཐུས་ཁག་གཅིག་གིས་སྨན་རྩིས་ཁང་གི་བདག་དབང་སྐོར་བཀའ་དྲི་ཞུ་སྐབས། སྨན་རྩིས་ཁང་གི་བདག་དབང་ནི་རྩོད་མེད་ཡིན་པ་དང་དེའི་འབྱུང་རབས་བོད་པ་མ་གཏོགས་ཐུག་ས་མེད་པ་ཞིག་ཡིན་པ་མ་ཟད། མཚན་དེ་གསོ་བ་རིག་པ་ཞེས་འཁོད་ཡོད་པར་རྒྱ་གར་གཞུང་གི་དེར་འགྱུར་བ་བཏང་མེད་པ་འགྲེལ་བརྗོད་གནང་སོང།

བགྲོ་གླེང་ཁྲོད་འཕྲོད་བསྟེན་ལས་ཁུངས་ཀྱི་ཁྱབ་ཁོངས་སྨན་ཁང་གྱི་གྲངས་འབོར་དང་། སྨན་ཁང་གི་འབྲེལ་ཡོད་སྨན་ཞབས་དང་ལས་བྱེད་ཚོས་ནད་པར་གཟིགས་རྟོགས་ཡག་པོ་གནང་དོགས་གལ་སོགས་དང་འབྲེལ་བཀའ་བློན་མཆོག་གིས། ད་ལྟའི་ཆར་འཕྲོད་བསྟེན་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་ཡོད་པའི་སྨན་ཁང་ཆེ་བ་ ༧ དང་། འབྲིང་བ། ༡༢ དེ་བཞིན་ཆུང་བ་ ༣༢ ཡོད་གསལ་བཤད་ཀྱིས། བཀའ་བློན་མཆོག་གིས་ལྷག་པར་སྨན་ཞབས་རྣམས་ནས་ནད་པར་གཟིགས་རྟོགས་གང་ལེགས་གནང་རྒྱུའི་འབོད་སྐུལ་ཞུས་སོང་།

མ་ཟད་སྤྱི་འཐུས་ཁག་གཅིག་གིས། ཌི་བི་དང་། འབྲས་ནད། སེམས་ཁམས་འཕྲོད་བསྟེན། དེ་བཞིན་བསྐོར་བསྐྱོད་སྨན་བཅོས་ཀྱི་ལས་གཞི། འཐུང་ཆུ་དང་གཙང་འཕྲོད་གནད་དོན་སོགས་ཀྱི་སྐོར་ལ་བགྲོ་གླེང་ལྷུག་པོ་གནང་ཡོད་པ་མ་ཟད། སྦེལ་ཀོབ་འཚོ་བྱེད་སྨན་ཁང་གི་སྣུམ་འཁོར་བཟོ་བཅོས་དང་ཉེན་སྲུང་ཆེད་ཧིན་སྒོར་ ༤༠༠༠༠ གཅོག་ཆ་གནང་སོང་།

གཞན་ཡང་དེ་རིང་འཕྲོད་བསྟེན་ལས་ཁུངས་ཀྱི་སྔོན་རྩིས་གཏན་འབེབས་མ་གནང་གོང་དུ་ཆོས་རིག་ལས་ཁུངས་ཀྱི་སྔོན་རྩིས་གཏན་འབེབས་སྐབས། སྤྱི་འཐུས་ཁག་གཅིག་གིས་བོད་ཀྱི་རིག་གཞུང་དང་སྒྱུ་རྩལ་ལས་འཆར་དང་། ཆོས་ལུགས་མཐུན་འབྲེལ། གྲྭ་བཙུན་གྱི་སློབ་ཡོན་སོགས་དང་འབྲེལ་ནས་བཀའ་འདྲི་དང་དགོངས་ཚུལ་གསུང་ཡོད་པ་མ་ཟད། གདན་ས་ཁག་གི་ནང་དུ་གྲྭ་པ་ཁག་གཅིག་གི་དངུལ་ཁང་ཁ་བྱང་སྒོ་བརྒྱབ་པའི་དཀའ་ངལ་སེལ་དགོས་གལ་དང་། དེང་གི་འཆར་བླ་ཆེན་ཁག་གི་དགུང་ལོ་གཞོན་པ་མང་པོ་ཡོད་པར་བརྟེན། མ་འོངས་པར་༸གོང་ས་མཆོག་དབུ་བཞུགས་ཐོག་དེ་འབྲེལ་ཚོགས་འདུ་གོ་སྒྲིག་ཞུ་དགོས་གལ་དང་། ལྷག་པར་༸རྒྱལ་དབང་ཀརྨ་པ་རྒྱ་གར་དུ་གདན་འདྲེན་ཞུ་དགོས་གལ་ཡིན་པ་གསུང་སོང་།

འབྲེལ་ཡོད་གསར་གནས།

གསར་གནས།