Tibetan Royal Year of 2151 | Year of the Wood Dragon

ཡོང་རྒྱུའི་རྒྱལ་སྤྱིའི་དབྱར་དུས་ཨོ་ལོམ་པིག་རྩེད་འགྲན་ནང་རྒྱ་ནག་གིས་རྩེད་འགྲན་པར་རྟོག་ཞིབ་བྱ་དགོས།

Tibetan News Headlines

  • Local religious heads of Dharamsala come together to pray for successful knee treatment of Dalai Lama
  • Former MP Jigmey Jungney formally takes charge as Representative of Delhi Bureau
  • China’s Communist Party expels ex-defence ministers over corruption charges
  • Public poll calls for urgent reform in Tibetan democracy

རེས་གཟའ་པ་སངས། ༢༠༢༤།༠༦།༢༨

  • ༸གོང་ས་མཆོག་གི་ཞབས་པུས་སྨན་བཅོས་ལམ་ལྷོང་སླད་བོད་མི་ཙམ་མ་ཟད་རྒྱ་གར་གྱི་ཆོས་ལུགས་འདྲ་མིན་གྱི་འགོ་ཁྲིད་རྣམས་ནས་ཞབས་རིམ་གསོག་སྒྲུབ་གནང་བཞིན་པ།
  • ལྡི་ལི་སྐུ་ཚབ་དོན་གཅོད་ཀྱིས་དེ་རིང་དངོས་སུ་ལས་འཁུར་གྱི་ཐུགས་འགན་བཞེས་འདུག
  • རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ཟུར་པ་གཉིས་དམར་ཤོག་ཚོགས་པ་ནས་ཕྱིར་འབུད།
  • བོད་མིའི་བསམ་ཚུལ་བསྡུ་ལེན་གྱི་སྙན་ཐོ་དབུ་འབྱེད། 

རྒྱལ་སྤྱིའི་དབྱར་དུས་ཀྱི་ Olympic ཨོ་ལོམ་པིག་རྩེད་འགྲན་འདི་བཞིན་ France ཧྥ་རན་སི་རྒྱལ་ས་པེ་རིས་ནང་འཚོག་ལ་ཉེ་བ་དང་བསྟུན། ཨ་རིའི་གྲོས་ཚོགས་འཐུས་མི་ཁག་གཅིག་གིས་དེ་སྔོན་ཕྱི་ལོ་ ༢༠༢༡ ལོར་ཚོགས་པའི་རྒྱལ་སྤྱིའི་ཨོ་ལོམ་པིག་རྩེད་འགྲན་སྐབས་རྒྱ་ནག་གི་དྲང་པོ་བྱས་མེད་པའི་རྒྱུ་མཚན་གྱིས་ཐེངས་འདིའི་རྩེད་འགྲེན་ནང་རྒྱ་ནག་མཉམ་ཞུགས་པ་རྣམས་ལ་རྟོག་ཞིབ་ནན་པོ་བྱ་དགོས་པའི་སྐུལ་འདེབས་གནང་འདུག

དེ་ཡང་འདི་ལོའི་དབྱར་དུས་ཀྱི་ཨོ་ལོམ་པིག་རྩེད་འགྲན་འདི་བཞིན་ཕྱི་ཟླ་ ༧ ཚེས་ ༢༦ ནས་ཕྱི་ཟླ་ ༨ ཚེས་ ༡༡ བར་འཚོགས་གཏན་ཁེལ་བ་དང་འབྲེལ། ཁ་སང་ཕྱི་ཚེས་ ༢༢ ཉིན་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་འཐབ་བྱུས་ཚོགས་ཆུང་གིས་དྲ་ཚིག་ཐོག་སྤེལ་བའི་གནས་ཚུལ་ནང་། ཨ་རིའི་གྲོས་ཚོགས་འཐུས་མི་ John Moolenaar ལགས་དང་། གྲོས་ཚོགས་ཀྱི་ཚོགས་ཆུང་དེའི་ཚོགས་མི་ Raja Krishnamoorthi ལགས་རྣམ་གཉིས་ཀྱིས་འདི་ཚེས་ ༢༡ ཉིན་ཨ་རིའི་ཁྲིམ་དོན་ལྷན་ཁང་དང་རྒྱལ་སྤྱིའི་ཨོ་ལོམ་པིག་རྩེད་འགྲན་ཚོགས་ཆུང་གཉིས་སོ་སོར་ཞུ་སྐུལ་ཞིག་གནང་ཡོད་པ་དེའི་ནང་དེ་སྔོན་ཕྱི་ལོ་ ༢༠༢༡ ལོར་ World’s Anti-Doping Agency’s (WADA) ཞེས་པའི་ཨོ་ལོམ་པིག་རྩེད་འགྲན་པ་རྣམས་ཀྱི་བཟི་སྨན་སོགས་བེད་སྤྱོད་བྱེད་ཡོད་མེད་རྟོག་ཞིབ་བྱེད་མཁན་གྱི་ཚོགས་པས་རྒྱ་ནག་གི་ཆུ་རྐྱལ་རྩེད་འགྲན་པ་རྣམས་ལ་བརྟག་དཔྱད་བྱེད་སྐབས་རྫས་སྨན་རིགས་བེད་སྤྱོད་བྱས་ཡོད་པ་གསལ་བཏོན་བྱུང་ཡོད་ཀྱང་དགག་བྱ་མེད་པར་མཉམ་ཞུགས་བྱེད་དུ་བཅུག་པའི་ཐག་གཅོད་ལ་གཞུང་འབྲེལ་ཞིབ་འཇུག་འགོ་འཛུགས་བྱ་དགོས་པ་མ་ཟད། གནད་དོན་དེའི་སྐོར་ཕྱི་གསལ་ནང་གསལ་བཟོ་ཏེ་འཕྲལ་མར་ལས་དོན་ཐག་གཅོད་བྱ་དགོས་པའི་སྐུལ་འདེབས་གནང་འདུག

གྲོས་ཚོགས་འཐུས་མི་དེ་དག་གིས་རྒྱལ་སྤྱིའི་ཨོ་ལོམ་པིག་རྩེད་འགྲན་ཚོགས་ཆུང་ལ་ཕུལ་བའི་སྙན་ཞུ་དེའི་ནང་། ཕྱི་ལོ་ ༢༠༢༡ ལོར་ཉི་འོང་རྒྱལ་ས་ Tokyo ཊོག་ཀྱོ་ནང་ཚོགས་པའི་རྒྱལ་སྤྱིའི་ཨོ་ལོམ་པིག་རྩེད་འགྲན་དེའི་ནང་རྒྱ་ནག་གིས་ཆུ་རྐྱལ་རྩེད་འགྲན་པ་ ༢༣ གི་བེད་སྤྱོད་བྱེད་མི་རུང་བའི་རྫས་སྨན་རིགས་བཀོལ་སྤྱོད་བྱས་ཡོད་པ་བརྟག་དཔྱད་ནང་གསལ་བཏོན་བྱུང་ཡོད་ཀྱང་། རྒྱ་ནག་གིས་དེ་འབྲེལ་རྟོག་ཞིབ་ཚོགས་ཆུང་གིས་དུས་ཐོག་བརྡ་ལེན་སྤྲད་མེད་ཅིང་། World’s Anti-Doping Agency’s (WADA) ཞེས་པའི་ཚོགས་པ་དེའི་ངོས་ནས་ཀྱང་གནད་དོན་དེའི་ཐོག་ཐེ་བྱུས་གང་ཡང་བྱས་མེད་མ་ཟད། རྒྱལ་ཁབ་མང་པོས་ WADA ལ་ཚད་མཐོའི་དཔང་རྟགས་བཏོན་ཀྱང་། སྐབས་དེར་རང་དབང་ལྡན་པའི་བསྐྱར་ཞིབ་བྱེད་དུ་བཅུག་མེད་པ་བཀོད་འདུག

དེ་བཞིན་སྐབས་དེར་རྩེད་འགྲན་ཁྲོད་རྒྱ་ནག་གིས་ཆུ་རྐྱལ་རྩེད་འགྲན་པ་ཁག་གཅིག་ལ་རྟགས་མའང་ཐོབ་ཡོད་པར་བརྟེན། གནད་དོན་དེས་ཨོ་ལོམ་པིག་རྩེད་འགྲན་དེ་ཚད་ལྡན་ཡིན་མིན་དང་། རྒྱལ་སྤྱིའི་ཨོ་ལོམ་པེག་རྩེད་འགྲན་ཚོགས་ཆུང་ལ་ཡིད་ཆེད་ཡོད་མེད་ཀྱི་གནད་དོན་ཞིག་ཆགས་ཀྱི་ཡོད་ཅེས་བཀོད་འདུག

ལྷག་པར་རྒྱལ་སྤྱིའི་ཨོ་ལོམ་པིག་རྩེད་འགྲན་ཚོགས་ཆུང་གི་ངོས་ནས་ World’s Anti-Doping Agency’s (WADA) ཞེས་པའི་ཚོགས་པ་ལ་འགན་ལེན་ཡོད་པ་ཞིག་བཟོས་དགོས་པ་དང་། རྒྱ་ནག་གི་རྩེད་འགྲན་པ་རྣམས་ལ་བརྟག་དཔྱད་བརྒྱུད་རྫས་སྨན་རིགས་བེད་སྤྱོད་བྱེད་པ་གསལ་བཏོན་བྱུང་ཚེ་མཉམ་ཞུགས་ཆོག་ཀྱི་མེད་པ་ངེས་བརྟན་བཟོ་དགོས་པའི་སྐུལ་འདེབས་གནང་འདུག

མ་ཟད་ཨ་རིའི་ཆེས་མཐོའི་ཁྲིམས་དཔོན་དང་ FBI ལ་ཕུལ་པའི་སྙ་ཞུ་དེའི་ནང་། རྙོག་དྲ་དེའི་བརྒྱུད་ནས་ཁྲིམས་ལུགས་དང་ཀུན་སྤྱོད་འགྲན་རྩོད་བཅས་ཀྱི་ཐད་ལ་སེམས་འཚབ་ཆེན་པོ་ཡོང་གི་ཡོད་པ་མ་ཟད། རྒྱ་ནག་གི་རྫས་སྨན་བེད་སྤྱོད་བྱ་རྒྱུ་དེ་ནི་གཞུང་གིས་བཀོད་མངགས་དང་འབྲེལ་བ་ཡོད་མེད་ཞིབ་འཇུག་གནང་དགོས་ཞེས་ཕྱི་ཟླ་ ༦ ཚེས་ ༥ བར་གནད་དོན་དེ་དག་སྐོར་གསལ་བཤད་ཡོང་བའི་རེ་བ་གནང་གི་ཡོད་པ་རེད་འདུག

གཞི་རྩའི་དེ་སྔོན་ཕྱི་ལོ་ ༢༠༢༡ ལོའི་ WADA ཞེས་པའི་ཚོགས་པ་དེར་རྒྱ་གཞུང་ནས་ཨ་སྒོར་ས་ཡ་ ༢ འཕར་མ་རག་ཡོད་པ་ཐེར་འདོན་གནང་འདུག

འབྲེལ་ཡོད་གསར་གནས།

གསར་གནས།