Tibetan Royal Year of 2151 | Year of the Wood Dragon

རྒྱ་གཞུང་གིས་སླར་ཡང་ཨ་རིའི་ཚོང་ལས་ཁང་དང་གཙོ་འཛིན་ཁག་གཅིག་ལ་སྲིད་དོན་ཉེས་ཆད་བཀལ་འདུག

Tibetan News Headlines

  • In conversation with 3 former bodyguards of the Dalai Lama

རེས་གཟའ་ཉི་མ། ༢༠༢༤།༠༦།༡༦

  • ༸གོང་ས་མཆོག་གི་༸སྐུའི་སྲུང་བྱའི་ཐོག་ཞབས་ཞུ་བསྒྲུབས་མྱོང་མཁན་སྐུ་སྲུང་ཟུར་པ་གསུམ་དང་གླེང་མོལ།

ཟླ་བ་འདིའི་ཚེས་ ༢༠ ཉིན་ཐའེ་ཝན་སྲིད་འཛིན་གསར་པས་ལས་ཁུར་དམ་འབུལ་བཞེས་ཡོད་པ་དང་བསྟུན། ཉིན་དེར་རྒྱ་དམར་གཞུང་གིས་མི་འདོད་པའི་རྣམ་འགྱུར་ཤུགས་ཆེ་བཏོན་ཏེ་ཨ་རིའི་ཚོང་ལས་ཁང་ཁག་གཅིག་ལ་སྲིད་དོན་ཉེས་ཆད་བཀལ་ཡོད་པ་མ་ཟད། ཁ་སང་སླར་ཡང་ཨ་རིའི་གོ་མཚོན་ཚོང་ལས་ཁང་༡༢ དང་གཙོ་འཛིན་ཁག་ ༡༠ ལ་སྲིད་དོན་ཉེས་ཆད་བཀལ་འདུག

ཁ་སང་ཕྱི་ཚེས་ ༢༢ ཉིན་རྒྱ་གཞུང་གིས་ཡོངས་ཁྱབ་གསལ་བསྒྲགས་བྱས་པ་ལྟར། ཨ་རིའི་རྒྱལ་སྲུང་དང་འབྲེལ་བའི་གོ་མཚོན་ཚོང་ལས་ཁང་ Lockheed Martin དང་། Raytheon དེ་བཞིན་ General Dynamics གཙོས་པའི་ ༡༢ དང་། Northrop Grumman Corporation དང་ General Dynamics ཚོང་ལས་ཁང་གིས་གཙོ་འཛིན་བགྲེས་པ་གཙོས་པའི་མི་གྲངས་ ༡༠ ལ་རྒྱ་ནག་གི་ཚོང་ལས་ལ་བཙན་ཤེད་བྱེད་ཀྱི་ཡོད་པར་སྐྱོན་འཛུགས་དང་། ཐའེ་ཝན་ལ་གོ་མཚོན་ཚོང་འགྲེམས་བྱེད་ཀྱི་ཡོད་པའི་རྒྱུ་མཚན་དུ་བྱས་ནས་སྲིད་དོན་ཉེས་ཆད་བཀལ་ཡོད་པ་མ་ཟད། དེ་ནི་ཨ་རིས་རྒྱ་ནག་འདི་བཞིན་ཨུ་རུ་སུ་དང་འབྲེལ་བ་ཡོད་པའི་རྒྱུ་མཚན་གྱིས་རྒྱ་ནག་གི་ཚོང་ལ་ཁང་ཁག་གཅིག་ལ་སྲིད་དོན་ཉེས་ཆད་བཀལ་ཡོད་པ་དེར་ཁ་གཏད་ཡིན་པ་བཤད་འདུག

REUTERS/Carlos Garcia Rawlins

རྩ་བའི་ཟླ་བ་འདིའི་ཚེས་ ༢༠ ཉིན་ཐའེ་ཝན་སྲིད་འཛིན་གསར་པ་ Lai Ching-te ཡིས་ལས་ཁུར་དམ་འབུལ་བཞེས་པའི་ཉིན་རྒྱ་གཞུང་གིས་ཨ་རིའི་ Boeing ཞེས་གནམ་གྲུ་བཟོ་ལས་ཁང་གི་རྒྱལ་སྲུང་དང་མཁའ་དབྱིངས་བདེ་འཇགས་སྡེ་ཚན་གཙོས་པའི་ཨ་རིའི་དམག་ཐབས་ཀྱི་འཕྲུལ་རིགས་བཟོ་ཚོང་བྱེད་མཁན་གྱི་ཚོང་ལས་ཁང་བཅས་ནས་ཐའེ་ཝན་ལ་དམག་གི་གོ་མཚོན་ཚོང་འགྲེམས་བྱེད་ཀྱི་ཡོད་པའི་ཉེས་འཛུགས་དང་བཅས། ཚོང་ལས་ཁང་དེ་དག་བློ་འགེལ་མི་རུང་བར་ངོས་འཛིན་གྱིས། མ་འོངས་རྒྱ་ནག་ཏུ་མ་འཛུགས་བྱེད་མི་ཆོག་པ་དང་བཟོ་ཚོང་ལས་ཁང་དེ་དག་གི་འཛིན་སྐྱོང་དང་འབྲེལ་བའི་དཔོན་རིགས་མཐོ་གྲས་རྣམས་རྒྱ་ནག་ཏུ་བསྐྱོད་མི་ཆོག་པ་མ་ཟད། རྒྱ་ནག་གི་མཐོང་ཆེན་དང་ཡུལ་དེའི་ནང་ལས་ཀ་བྱེད་ཆོག་པའི་ལག་འཁྱེར་རྣམས་ཕྱིར་འཐེན་བྱ་རྒྱུའི་སྲིད་དོན་ཉེས་ཆད་བཀལ་འདུག

རྒྱ་གཞུང་གིས་ད་དུང་དེ་རིང་ཕྱི་ཚེས་ ༢༣ ཉིན་ཐའེ་ཝན་མཚོ་གླིང་མཐའ་སྐོར་ཏེ། ཉིན་གཉིས་རིང་ Joint Sword-2024A ཞེས་མིང་བཏགས་པའི་དམག་སྦྱོང་ཞིག་བྱེད་འགོ་བཙུགས་ཡོད་པ་དང་འབྲེལ། རྒྱ་ནག་གི་དམག་སྡེ་མགྲིན་ཚབ་པ་ Li Xi གིས་དམག་སྦྱོང་དེའི་ནང་མཁའ་དམག་དང་། མཚོ་དམག ས་དམག མེ་ཤུགས་འཕུར་མདའི་སྡེ་ཁག་སོགས་ཡོད་པ་བཤད་དེ། ཐའེ་ཝན་འདི་བཞིན་རང་བཙན་རྩོད་ཀྱི་ཡོད་པར་ཁ་བྲལ་རིང་ལུགས་པར་ཉེས་ཆད་དང་དེའི་ཐོག་ཕྱི་ཕྱོགས་ཀྱི་ཐེ་བྱུས་བྱེད་པ་ཁག་ལ་ཉེན་བརྡ་ཡིན་ལུགས་བཤད་འདུག

འོན་ཀྱང་ཐའེ་ཝན་བདེ་སྲུང་ལྷན་ཁང་ནས་རྒྱ་གཞུང་གིས་དམག་སྦྱོང་དེར་རྒོལ་ལན་ཆེད་དུ་ཁུལ་དེའི་དམག་སྡེ་རྣམས་ལ་གྲ་སྒྲིག་གི་བརྡ་ལེན་སྤྲོད་ཚར་ཡིན་པ་དང་། ལྷག་པར་རྒྱ་གཞུང་གི་བྱེད་བབ་དེ་ནི་རྒྱུ་མཚན་མེད་པའི་ཁོང་ཁྲོ་སློང་གཞི་ཞིག་ཡིན་པ་ཙམ་དུ་མ་ཟད། ས་ཁུལ་བདེ་འཇགས་དང་བརྟན་ལྷིང་ལ་གནོད་པའི་གཞི་ཞིག་ཡིན་པ་འགྲེལ་བརྗོད་གནང་འདུག

གནད་དོན་དབྱེ་ཞིབ་པ་ཁག་གཅིག་གིས་ད་ལྟའི་ཆར་རྒྱ་གཞུང་གིས་གཉེར་བཞིན་པའི་དམག་སྦྱོང་དེའི་མིང་ལ་ 2024A  ཞེས་བཏགས་དུས་འདི་ལོའི་ནང་ད་དུང་ཐའེ་ཝན་མཐའ་ཁུལ་དུ་དམག་སྦྱོང་མང་པོ་བྱེད་སྲིད་པ་དང་། དྲག་ཤུགས་ཆེ་རུ་འགྲོ་སྲིད་པའི་ཉེན་བརྡ་བཏང་འདུག

ལྷག་པར་དེ་རིང་ཉི་འོང་སྤྱི་ཁྱབ་བློན་ཆེན་གྱི་དྲུང་ཆེ་ Yoshimasa Kayashi ལགས་ཀྱིས་ཐའེ་ཝན་ཁུལ་དུ་ཞི་བདེ་བརྟན་ལྷིང་ཡོང་བར་ཉི་འོང་གཞུང་ནས་རྒྱ་གཞུང་ལ་ཐད་ཀར་འབྲེལ་བ་བྱ་རྒྱུ་ཡིན་པ་གསུངས་འདུག

སྤྱིར་རྒྱ་གཞུང་གིས་དེ་སྔོན་ཕྱི་ལོ་ ༢༠༢༢ ནང་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་ལྕམ་སྐུ་ Nancy Pelosi མཆོག་ཐའེ་ཝན་ནང་གཞུང་འབྲེལ་ཕྱོགས་བསྐྱོད་ཕེབས་སྐབས་སུའང་ཐའེ་ཝན་ཁུལ་དུ་དམག་གི་དྲག་པོའི་སྦྱོང་བརྡར་ཤུགས་ཆེ་བྱས་ཡོད་པ་དང་། དེ་བཞིན་སྲིད་འཛིན་ཟུར་པ་ Tsai Ing-wen མཆོག་དང་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ Kavin McCarthy མཆོག་མཇལ་འཕྲད་སྐབས་སུའང་དེ་མཚུངས་ཀྱི་དམག་སྦྱོང་བྱས་ཡོད་པ་རེད། འོན་ཀྱང་དཔྱད་ཞིབ་པ་ཁག་གཅིག་གིས་ད་ལྟའི་ཆར་དམག་སྦྱོང་བྱེད་སྟངས་དེ་སྔར་དང་མ་འདྲ་བ་ཞིག་ཡོད་པ་འགྲེལ་བརྗོད་བྱས་ཀྱི་འདུག

གཞི་རྩའི་རྒྱ་གཞུང་གིས་ཐའེ་ཝན་དེ་ཉིད་རྒྱ་ནག་གི་ལྡོག་དུ་མེད་པའི་ཆ་ཤས་ཤིག་ཡིན་པ་བཤད་ཀྱི་ཡོད་པ་དང་། ཐའེ་ཝན་རྒྱ་ནག་དང་ཟླ་སྒྲིལ་གཏོང་རྒྱུར་དམག་རྒྱབ་དོགས་གལ་བྱུང་ཚེ་དེ་ལྟར་བྱ་རྒྱུ་ཡིན་པ་ཡང་ཡང་བཤད་ཀྱི་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

Sunday 16/06/2024

Saturday 15/06/2024

Friday 14/06/2024

གསར་གནས།