Tibetan Royal Year of 2151 | Year of the Wood Dragon

རྒྱ་གཞུང་གིས་རྒྱལ་ཁབ་གསང་བ་སྲུང་སྐྱོབ་ཀྱི་བཅའ་ཁྲིམས་ནང་ལས་ཀའི་གསང་བ་ཁ་སྣོན་བྱས་འདུག

Tibetan News Headlines

  • སེམས་བཟང་པོ་བྱ་རྒྱུ་ནི་ངོས་ལ་སྒྲུབ་པའི་ཆོས་ཡག་ཤོས་དེ་ཆགས་ཀྱི་ཡོད་ཅེས་བཀའ་སྩལ་བ།
  • རྒྱ་ནག་གིས་ཨ་རུ་ནཱ་ཅལ་གྱི་ས་ཁུལ་ཁག་ལ་མིང་གསར་པ་བཏགས་པའི་ལས་གཞིར་དཔྱད་ཞིབ།

Saturday 20/04/2024

  • Dalai Lama Calls for greater Compassion, Deems Kindness the Best Religious Practice
  • Thread of beads: Analysis of China’s renaming of places in Arunachal

རྒྱ་ནག་གཞུང་གིས་རྒྱལ་ཁབ་གསང་བ་སྲུང་སྐྱོབ་ཀྱི་བཅའ་ཁྲིམས་རྒྱ་བསྐྱེད་བཏང་སྟེ་ལས་ཀའི་གསང་བ་ཟེར་བ་ཁ་སྣོན་བྱས་འདུག་པ་དང་། དེ་ནི་ཕྱི་ལོ་ ༢༠༡༠ ལོ་ནས་བཟུང་ཡུལ་དེའི་གསང་བ་སྲུང་སྐྱོབ་ཀྱི་བཅའ་ཁྲིམས་ལ་བསྐྱར་བཅོས་བྱས་པ་ཐོག་མ་དེ་ཆགས་ཀྱི་ཡོད་འདུག

དེ་ཡང་ཁ་སང་ New York Times གསར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་ནག་རྒྱལ་ཡོངས་མི་མང་འཐུས་མི་ཚོགས་ཆེན་གྱིས་ཟླ་བ་འདིའི་ཕྱི་ཚེས་ ༢༧ ཉིན་རྒྱལ་ཁབ་གསང་བ་སྲུང་སྐྱོབ་བཅའ་ཁྲིམས་ལ་བསྐྱར་བཅོས་ཀྱིས་དེ་སྔ་ནས་དམ་དྲག་ཆེ་བའི་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་ཆེ་བའི་གནས་ཚུལ་དང་ལས་དོན་རིགས་རྒྱ་བསྐྱེད་བཏང་ཡོད་པ་དང་། ཁྲིམས་གཞི་དེ་ཉིད་འདི་ལོའི་ཕྱི་ཟླ་ ༥ ཚེས་ ༡ ནས་དངོས་སུ་ལག་བསྟར་བྱེད་འགོ་བཙུགས་རྒྱུ་རེད་འདུག

རྩ་བའི་ད་ལྟའི་ཆར་རྒྱལ་ཁབ་ཀྱི་གསང་བ་ཞེས་པ་དེ་རྒྱ་ནག་དབུས་གཞུང་དང་དམར་ཤོག་ཚོགས་པའི་ཐག་གཅོད་ཁག་གཞན་ཡང་རྒྱལ་ཁབ་ཀྱི་དམག་དང་ཕྱི་འབྲེལ་ལས་དོན། དཔལ་འབྱོར། དེ་བཞིན་ཚན་རིག་དང་འཕྲུལ་ལས་སོགས་དང་འབྲེལ་བ་ཆགས་ཀྱི་ཡོད་ཀྱང་། ད་རེས་བསྐྱར་བཅོས་བྱས་པའི་ཁྲིམས་གཞི་དེའི་འོག་སླད་ཕྱིན་གཞུང་གི་ཚན་པ་ཁག་ནས་རྒྱལ་ཁབ་ཀྱི་གསང་བ་དང་ཐད་ཀར་འབྲེལ་བ་ཆགས་ཀྱི་མེད་དེ། ཕྱིར་བསྒྲགས་བྱུང་ཚེ་ཤུགས་རྐྱེན་ངན་པ་ཕོག་རྒྱུའི་ལས་ཀའི་གསང་བ་ཁག་ངེས་པར་དུ་སྲུང་སྐྱོབ་དགོས་པ་བཟོས་ཡོད་པ་དང་། ལས་ཀའི་གསང་བར་སྟངས་འཛིན་གྱི་ལས་དོན་བྱེད་ཕྱོགས་དང་འབྲེལ་བའི་སྒྲིག་གཞི་རྗེས་སུ་འདོན་སྤེལ་བྱ་རྒྱུ་ཡིན་པ་གསུངས་འདུག

རྒྱལ་སྤྱིའི་གནད་དོན་དཔྱད་ཞིབ་པས་ད་ཐེངས་རྒྱ་གཞུང་གིས་རྒྱལ་ཁབ་གསང་བ་སྲུང་སྐྱོབ་ཀྱི་ཁྲིམས་ལུགས་ཁག་ལ་བསྐྱར་བཅོས་ཀྱིས་ཁྱབ་ཆེ་རུ་བཏང་བ་དེས་སྲིད་འཛིན་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་བག་ཟོན་ཇི་ཙམ་བྱེད་བཞིན་པ་མངོན་གྱི་ཡོད་སྐོར་འགྲེལ་བརྗོད་དང་འབྲེལ། གནད་དོན་དེས་རྒྱ་ནག་ནང་ཡོད་པའི་ཕྱིའི་ཚོང་ལས་ཁང་དང་མ་འཛུགས་བྱེད་མཁན་ཚོར་དངངས་འཚབ་སྐྱེ་གཞི་གཙོ་བོ་ཞིག་ཆགས་ཡོད་པ་གསུངས་བཞིན་འདུག

China Broadens Law

དེ་བཞིན་ London བཅའ་བཞུགས་དཔལ་འབྱོར་ཁེ་ལས་པ་ལྕམ་ Diana Choyleva ཀྱིས་ཁྲིམས་གཞི་དེ་ཉིད་གསལ་ཁ་མེད་པའི་ཁར་ཧ་ཅང་རྒྱ་ཆེན་པོ་ཡོད་སྟབས་རྒྱ་ནག་སྲིད་གཞུང་ནས་སྣང་བ་གང་དྲན་གྱིས་ཁྲིམས་གཞི་དེ་ལུགས་མཐུན་གྱི་བེད་སྤྱོད་མ་བྱས་པར་སོ་ཉུལ་ཞིབ་འཇུག་དང་རྒྱལ་ཁབ་བདེ་འཇགས་ལ་ཁ་གཡར་ནས་རྒྱ་ནག་ནང་ཡོད་པའི་ཕྱིའི་རྒྱལ་ཁབ་ཁག་གི་ཚོགས་པ་དང་ཚོང་ལས་ཁང་དེ་དག་གི་གནས་ཚུལ་བསྡུ་ལེན་དང་འཕྲུལ་ལས་རིགས་ཆེ་ཆུང་གང་འདྲ་ཞིག་ཡིན་རུང་བསྔོག་བཤེར་བྱ་རྒྱུའི་དབང་ཚད་ཡོད་པ་དང་། ཉེས་འཛུགས་འདྲ་མིན་འགེལ་བ་སོགས་ཀྱི་སྔར་ལྷག་དྲག་གནོན་བྱ་བའི་ཉེན་ཁ་ཡོད་པ་གསུངས་ཏེ། དོན་སྙིང་ཁྲིམས་གཞི་དེས་རྒྱ་ནག་ནང་རྟེན་གཞི་བྱས་པའི་ཕྱིའི་རྒྱལ་ཁབ་ཁག་གི་ཚོང་ལས་ཁང་གི་ཁོར་ཡུག་གམ་གནས་སྟངས་དེ་བཞིན་སྔར་ལྷག་ཇེ་སྡུག་ཏུ་བཏང་ཡོད་པ་གསུངས་འདུག

རྒྱ་ནག་ནང་རྟེན་གཞི་བྱས་པའི་ཡོ་རོབ་གནའ་འབྲེལ་ཚོང་དོན་ཁང་གི་གཙོ་འཛིན་ Jens Eskelund ལགས་ཀྱིས་རྒྱ་ནག་གཞུང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་གཞིའི་ཁྱབ་ཚད་དེ་བཞིན་མུ་མཐུད་རྒྱ་བསྐྱེད་བཏང་བ་དེས་ཕྱིའི་རྒྱལ་ཁབ་ཁག་ཏུ་ཡོད་པའི་ཚོང་ལས་དང་འབྲེལ་བའི་ཚོགས་སྡེ་ཁག་གི་གཙོས་མི་སྒེར་སུ་འདྲ་ཞིག་གིས་ཡུལ་དེར་མ་རྩ་འཇོག་རྒྱུའི་ལས་དོན་ཁག་ཇེ་དཀའ་དུ་བཏང་གི་ཡོད་པ་གསུངས་འདུག

China Broadens Law

རླུང་འཕྲིན་ཁང་གིས་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་རྒྱ་གཞུང་གི་དྲྭ་རྒྱ་ཉམས་ཞིབ་པ་བསྟན་འཛིན་དགྲ་ལྷ་ལགས་སུ་ཞལ་པར་བརྒྱུད་ཁྲིམས་གཞི་དེ་དང་འབྲེལ་བཀའ་འདྲི་ཁག་ཅིག་ཞུས་པར་ཁོང་གིས།  དེང་སྐབས་རྒྱ་གཞུང་གིས་རྒྱལ་ཡོངས་བདེ་འཇགས་དང་རྒྱལ་སྲུང་ཐབས་བྱུས་སོགས་ལ་བསྐྱར་བཅོས་བཏང་སྟེ་རྒྱལ་སྤྱིའི་ཁྲོད་རྒྱ་གཞུང་གིས་རྒྱ་ནག་སྤྱི་དང་སྒོས་བོད་མིར་ལྟ་སྲུང་དང་དྲག་གནོན་བྱེད་བཞིན་ཡོད་པའི་བདེན་དཔང་ངམ་གནས་ཚུལ་རྣམས་སྦས་བསྐུངས་བྱ་རྒྱུ་དང་།ལྷག་པར་སྲིད་འཛིན་ཞི་ཅིན་ཕིང་གིས་སྣེ་ཁྲིད་པའི་རྒྱ་གཞུང་གིས་དབང་ཆ་གཅིག་བསྡུས་རིང་ལུགས་ཀྱི་དབང་ཚད་གོ་ལ་ཁྱོན་ཡོངས་སུ་དར་སྤེལ་བྱ་རྒྱུར་ཆེད་དམིགས་བྱས་པ་ཞིག་ཆགས་ཀྱི་ཡོད་པ་གསུངས་སོང་།

འབྲེལ་ཡོད་གསར་གནས།

གསར་གནས།