Tibetan Royal Year of 2151 | Year of the Wood Dragon

རྒྱ་གར་གྱི་ཆབ་སྲིད་ཚོགས་པ་ཆེ་གྲས་གཉིས་ལ་ཕྱི་ལོ་ ༢༠༢༤ ལོའི་འོས་བསྡུའི་བསྒྲགས་གཏམ་ནང་བོད་ཀྱི་གནད་དོན་བཀོད་དགོས་པའི་ཞུ་སྐུལ།

Tibetan News Headlines

  • US religious freedom watchdog warns of sinicization and assimilation of Tibetan religious and cultural identities
  • US sanctions 31 China-based companies over Russia
  • Xi Jinping to meet French President Macron and EU Chief in Paris next week
  • CTA begins house allocation programmes for Tibetans not facilitated in the refugee settlements
  • Dharamshala hosts conference on promotion and preservation of Tibetan language

རེས་གཟའ་ཕུར་བུ། ༢༠༢༤།༠༥།༠༢

  • རྒྱ་གཞུང་གིས་བོད་བརྒྱུད་ནང་བསྟན་ལ་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་མངོན་གསལ་གནང་འདུག
  • ཨ་རིའི་གཞུང་གིས་རྒྱ་ནག་གི་བཟོ་ཚོང་ལས་ཁང་ ༣༡ ལ་སྲིད་དོན་ཉེས་ཆད་བཀལ་བ།
  • ཞི་ཅིང་ཕིང་གིས་ཕ་རན་སིའི་སྲིད་འཛིན་དང་ཡོ་རོབ་མཐུན་ཚོགས་ཀྱི་གཙོ་འཛིན་ཐུག་འཕྲད་བྱ་འཆར།
  • བོད་མི་སྡོད་ཁང་མེད་པ་རྣམས་ལ་རུབ་སྡོད་གཞིས་སྒར་ནང་སྡོད་ཁང་བགོས་འགྲེམས་ཀྱི་ལས་གཞི་དངོས་སུ་དབུ་འཛུགས།
  • བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་དར་འཕེལ་སྐོར་བགྲོ་གླེང་དབུ་འཛུགས།

བོད་དང་རྒྱ་གར་གཉིས་དབར་ལོ་རྒྱུས་ཐོག་ནས་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་པ་དང་། ལྷག་པར་རྒྱ་ནག་གིས་བོད་བཙན་བཟུང་བྱས་པ་ནས་བཟུང་རྒྱ་དཀར་ནག་གཉིས་དབར་ས་མཚམས་ཀྱི་རྩོད་རྙོག་རིམ་པ་བྱུང་བཞིན་པ་དང་འབྲེལ། བོད་ཀྱི་གནད་དོན་དེ་བཞིན་རྒྱ་གར་གྱི་རྒྱལ་སྲུང་གནད་དོན་དང་ཐད་ཀར་འབྲེལ་བ་ཆགས་ཀྱི་ཡོད་སྟབས། འདི་ལོ་རྒྱ་གར་གྲོས་ཚོགས་འོག་མའི་འོས་བསྡུ་ཆེན་མོའི་སྐབས་རྒྱ་གར་གྱི་ BJP གཞུང་འཛིན་ཚོགས་པ་དང་ Congress ཕྱོགས་བརྒལ་ཚོགས་པ་གཉིས་ཀའི་ངོས་ནས་ཚོགས་པ་སོ་སོའི་འོས་བསྡུའི་བསྒྲགས་གཏམ་ནང་དུ་བོད་ཀྱི་གནད་དོན་སྐོར་ངེས་པར་དུ་བཀོད་དགོས་པའི་ཞུ་སྐུལ་གནང་འདུག

Foundation for Nonviolent Alternative

དེ་ཡང་རྒྱ་གར་རྒྱལ་ས་ལྡི་ལིའི་ནང་དུ་རྟེན་གཞི་བྱས་པའི་ Foundation for Non-Violent Alternatives ཞེས་འཚེ་བ་མེད་པའི་ཐབས་ལམ་གྱི་འདམ་གའི་ཐེབས་རྩ་ཁང་གིས། རྒྱ་གར་གྱི་འོས་བསྡུ་ཆེན་མོ་དང་བསྟུན་རྒྱ་གར་གྱིས་དེའི་ཐད་བོད་ཀྱི་གནས་འགག་སྐོར་སྙན་ཐོ་ཞིག་འདོན་སྤེལ་དང་འབྲེལ། རྒྱ་གར་གྱི་ཆབ་སྲིད་ཚོགས་པ་ཆེ་གྲས་རྣམས་ཀྱིས་འདས་པའི་ལོ་ངོ་དྲུག་ཅུའི་རིང་བོད་རྒྱའི་གནད་དོན་ལ་ཐུགས་སྣང་དེ་ཙམ་གནང་མེད་པ་འགྲེལ་བརྗོད་དང་འབྲེལ། ད་ཆ་ཡུལ་དེའི་འགན་འཁུར་ལྡན་པའི་ཆབ་སྲིད་ཀྱི་ཚོགས་པ་ཁག་ནས་བོད་རྒྱའི་དཀའ་རྙོག་ལ་གདོང་ལེན་བྱ་རྒྱུ་དུས་ལ་འབབ་ཡོད་པ་དང་། བོད་རྒྱའི་དཀའ་རྙོག་སེལ་ཐུབ་ན། དེ་ནི་ལོ་རྒྱུས་ཀྱི་དྲང་བདེན་ཙམ་མ་ཟད། ཧི་མ་ལ་ཡའི་རི་བརྒྱུད་ཀྱི་ས་གནས་སྤྱིའི་བརྟན་ལྷིང་སྲུང་སྐྱོབ་དང་། སྒོས་སུ་རྒྱ་གར་རྒྱལ་ཁབ་ཀྱི་ཁེ་ཕན་སྲུང་ཐུབ་རྒྱུ་ཡིན་པ་འགྲེལ་བརྗོད་གནང་འདུག

ཚོགས་པའི་ངོས་ནས་ད་དུང་། རྒྱ་གར་གྱི་ཆབ་སྲིད་གྲོས་མོལ་ནང་དུ་བོད་རྒྱའི་དཀའ་རྙོག་གི་གནད་དོན་དེ་མདུན་ལ་འཁྱེར་རྒྱུའི་དུས་ལ་བབས་ཡོད་པ་བཞིན། BJP དང་ Congress ཆབ་སྲིད་ཚོགས་པ་རྣམས་ནས་ལས་དོན་དེ་སྣེ་ཁྲིད་གནང་བ་ཡིན་ན། རྒྱ་གར་གྱི་ཆབ་སྲིད་ཚོགས་པ་གཞན་དང་། སྒོས་སུ་ཨེ་ཤི་ཡ་དང་ས་ཁུལ་གཞན་ནང་དུ་བོད་རྒྱའི་དཀའ་རྙོག་ཐོག་གླེང་སློང་གནང་རྒྱུའི་བློ་སྟོབས་གསར་པ་རྙེད་རྒྱུ་ཡིན་སྐོར་དང་སྦྲགས། BJP དང་ Congress ཆབ་སྲིད་ཚོགས་པ་སོ་སོའི་ངོས་ནས་འདི་ལོའི་འོས་བསྡུ་ཆེན་མོའི་བསྒྲགས་གཏམ་ནང་དུ་རྒྱལ་སྲུང་ཀྱི་གནད་དོན་དང་། ཧི་མ་ལ་ཡའི་རི་རྒྱུད་ཀྱི་ས་ཁོངས་ཁག་དང་འབྲེལ་བའི་སྲིད་བྱུས། དེ་བཞིན་ཁོར་ཡུག་སྲུང་སྐྱོབ་དང་རྒྱ་གར་གཙོས་པའི་ཨེ་ཤི་ཡའི་རྒྱལ་ཁབ་རྣམས་ཀྱི་སྲོག་རྩ་ལྟ་བུ་ཡིན་པའི་ཆུ་རྒྱུན་གྱི་སྲིད་བྱུས་བཅས་ཀྱི་ནང་དུ་བོད་ཀྱི་གནད་དོན་སྐོར་ངེས་པར་དུ་གླེང་དགོས་པའི་ཞུ་སྐུལ་གནང་འདུག

ལྷག་པར་དུ་ཐེབས་རྩ་ཁང་གི་ངོས་ནས་ Congress ཚོགས་པའི་གཞུང་འཛིན་སྐབས། དེ་གའི་སྲིད་བློན་རིམ་པས་༸གོང་ས་མཆོག་དང་ལྷན་མཇལ་འཕྲད་གནང་ཡོད་པ་དང་། BJP ཚོགས་པའི་ངོས་ནས་ཀྱང་དེ་སྔ་ཚོགས་པ་གསར་འཛུགས་ཀྱི་དུས་ནས་བཟུང་དེ་སྔའི་འོས་བསྡུའི་བསྒྲགས་གཏམ་ནང་དུ་བོད་ཀྱི་གནད་དོན་གླེང་ཡོད་པ་དྲན་གསོ་དང་འབྲེལ། ཐབས་བྱུས་རིམ་པའི་ཐོག་ནས་བོད་སྐོར་གླེང་སློང་མུ་མཐུད་གནང་དགོས་པའི་ཞུ་སྐུལ་གནང་འདུག

ཚོགས་པའི་ངོས་ནས་སྙན་ཐོའི་ནང་གཞན་ཡང་རྒྱ་ནག་གིས་བོད་རྒྱ་སྡེར་འགྱུར་ཐབས་བྱེད་བཞིན་པ་དེས། བོད་དང་ལྷན་དུ་ཆོས་ཡོན་དང་རིག་གཞུང་གི་འབྲེལ་བ་གཏིང་ཟབ་ཡོད་པའི་རྒྱ་གར་གྱི་མངའ་སྡེ་འདྲ་མིན་ ༡༣ དང་མི་འབོར་ས་ཡ་ ༥༠ ཙམ་ཡོད་པའི་ཧི་མ་ལ་ཡའི་རི་རྒྱུད་ཐོག་ཤུགས་རྐྱེན་སྤྲད་དེ་རྒྱ་གར་ལ་ཐབས་བྱུས་རིམ་པའི་ཐོག་ནས་ཉེན་ཁ་ཆེན་པོ་ཞིག་ཆགས་ཀྱི་ཡོད་སྐོར་གསུངས་ཏེ། ད་ལྟའི་ཆར་འགན་འཁུར་ལྡན་པའི་རྒྱལ་ཡོངས་ཆབ་སྲིད་ཚོགས་པ་རྣམས་ལ་བོད་ཀྱི་གནད་དོན་ཐོག་གདོང་ལེན་མ་བྱེད་ཀ་མེད་ཀྱི་གནས་སྟངས་ཆགས་ཡོད་པ་དང་། ཕྱི་ལོ་ ༢༠༢༤ ལོའི་འོས་བསྡུ་དེ་བཞིན་རྒྱ་གར་གྱི་མ་འོངས་ལོ་ལྔའི་ལས་དབང་དང་འབྲེལ་ནས་གལ་ཆེན་པོ་ཆགས་པའི་ཁྲོད་བོད་ཀྱི་གནད་དོན་ཟུར་ལ་འཇོག་ཐབས་བྲལ་བ་མངོན་གསལ་གནང་འདུག

གཤམ་ལ་འདི་ག་རླུང་འཕྲིན་ཁང་གིས་ The Foundation for Non-violent Alternatives ཞེས་འཚེ་བ་མེད་པའི་ཐབས་ལམ་གྱི་འདམ་གའི་ཐེབས་རྩ་ཁང་གི་ཉམས་ཞིབ་པ་བསྟན་འཛིན་དགྲ་འདུལ་ལགས་སུ་བཅར་འདྲི་ཞུས་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།